སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
བོད་ལྗོངས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་དཔེ་མཚོན་གྱོད་གཞི་གསུམ་བརྡ་ཁྱབ་བཏང་པ།
སྤེལ་དུས། 2017-12-07   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་སྒྲིག་པ།  བཀྲ་རྒྱལ་གྱིས་བསྒྱུར།
          ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་དུ་གཏོང་པ་དང་། ཏང་དོ་དམ་དང་ཏང་སྐྱོང་བའི་གཅུས་གཟེར་དམ་པོར་གཅུས་ནས་རིམ་པ་རེ་རེ་བཞིན་གནོན་ཤུགས་སྤེལ་བ་དང་། སྒྲིག་ཁྲིམས་ཀྱི་བླང་བྱ་དམ་ནན་ཡོང་ཆེད། ཉེ་ཆར།  རང་སྐྱོང་ལྗོངས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱིས་དཔེ་མཚོན་གྱི་གྱོད་གཞི་གསུམ་བརྡ་ཁྱབ་བཏང་པ་ནི་བྱེ་བྲག་ཏུ་གཤམ་གསལ་ལྟར།
          དེ་སྔའི་ཉིང་ཁྲི་ས་ཁུལ་འབྲུ་རིགས་ཅུས་ཀྱིས་སྒྲིལ་འགལ་ངང་ཕོགས་སྣོན་སྤྲོད་པ་སོགས་ཀྱི་གནད་དོན་དེ། 2013ལོའི་ཟླ་1ནས་2014ལོའི་ཟླ་2པའི་བར། དེ་སྔའི་ཉིང་ཁྲི་ས་ཁུལ་འབྲུ་རིགས་ཅུས་ཀྱིས་དུས་ཆེན་དང་གུང་གསེང་རིང་ཕན་དངུལ་སྒོར་ཁྲི19.3སྤྲད་པ། 2014ལོའི་ཟླ་བརྒྱད་པར་“དངུལ་ཉར་ལྐོག་མཛོད”ཀྱི་མ་དངུལ་སྒོར་ཁྲི8.1སྤྱད་དེ་ལས་བྱེད་ལས་བཟོ་བར་ནུབ་ལྭ་མངག་ཉོ་གནང་པ་དང་། དེ་དང་དུས་མཚུངས་སུ།  སྡེ་ཚན་དེར་སྒྲིག་འགལ་གནད་དོན་གཞན་ཡང་གནས་ཡོད་དེ།  2017ལོའི་ཟླ་བདུན་པར། དེ་སྔའི་ཉིང་ཁྲི་ས་ཁུལ་འབྲུ་རིགས་ཅུས་ཀྱི་ཅུས་ཀྲང་ཝང་ཀའོ་ལེན་དང་ཅུས་ཀྲང་གཞོན་པ་རྡོ་རྗེར་ཏང་ནང་ཁུལ་གྱི་ཉེན་བརྡ་ནན་མོ་གཏོང་པའི་ཆད་པ་བཅད་པ་དང་། རྩིས་གཉེར་པ་ཏེང་ཞུས་ལ་ཏང་ནང་ཁུལ་གྱི་ཉེན་བརྡ་གཏོང་པའི་ཆད་པ་བཅད་དེ་སྒྲིག་འགལ་མ་དངུལ་གཞུང་བཞེས་གནང་པ་རེད།
          ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་དར་རྒྱས་དགོན་པ་དོ་དམ་ཨུ་ལྷན་གྱི་དེ་སྔའི་ཏང་གི་སྤྱི་ཁྱབ་ཀྲི་པུའུ་ཧྲུའུ་ཅི་དང་ཀྲུའུ་རེན་ཚེ་རིང་བཀྲ་ཤིས་ཀྱིས་སྒྲིག་འགལ་ངང་གཞུང་འཁོར་སྤྱོད་པའི་གནད་དོན། 2015ལོའི་ཟླ5པར་ཚེ་རིང་བཀྲ་ཤིས་ཀྱིས་རང་འདོད་ངང་དར་རྒྱས་དགོན་དོ་དམ་ཨུ་ལྷན་གྱི་གཞུང་འཁོར་ནང་ཁྱིམ་མི་དྲུད་ནས་ལྷོ་རོང་རྫོང་རྫི་ཐོ་གྲོང་བརྡལ་ལ་ཕྱིན་པ་དང་། ཕྱིར་ལོག་པའི་ལམ་བར་དུ་རླངས་འཁོར་མགོ་རྟིང་སློག་པའི་དོན་རྐྱེན་བྱུང་ནས་རང་ཉིད་ལ་རྨས་སྐྱོན་ཕོག་པ་དང་རླངས་འཁོར་ལ་ཡང་ཆག་སྐྱོན་ཚབས་ཆེན་ཐེབས། 2017ལོའི་ཟླ3པར་ཚེ་རིང་བཀྲ་ཤིས་ལ་ཏང་ནང་ཁུལ་གྱི་ཉེན་བརྡ་ནན་མོ་གཏོང་པའི་ཆད་པ་བཅད།
          བོད་རང་སྐྱོང་ལྗོངས་གླུ་གར་ཚོགས་པའི་དེ་སྔའི་ཚོགས་གཙོ་གཞོན་པ་ཀའོ་ཡིང་གིས་སྒྲིག་འགལ་ངང་སློབ་རིམ་འཕར་བའི་ཕེབས་སྐྱེལ་བྱེད་སྒོ་སྤེལ་བའི་གནད་དོན།
        2015ལོའི་ཟླ8པར། ཀའོ་ཡིང་གིས་ལྷ་ས་གྲོང་ཁྱེར་ཤར་འདབས་མེ་ཏོག་ལྡུམ་རར་ཉིན2གྱི་དུས་ཚོད་བེད་སྤྱད་དེ། བུ་སློབ་རིམ་འཕར་བའི་ཕེབས་སྐྱེལ་བྱེད་སྒོ་སྤེལ་ཞིང་། གཉེན་ཉེ་དང་གྲོགས་པོ119གདན་འདྲེན་ཞུས་ནས་སྐྱེས་དངུལ་སྒོར་ཁྲི3.36 བླངས་པ་དང་། དེའི་ནང་ཞབས་ཞུ་དོ་དམ་བྱེད་ཡུལ་གྱི་སྐྱེས་དངུལ་སྒོར་ཁྲི1.1བླངས་།2017ལོའི་ཟླ6པར། ཀའོ་ཡིང་ལ་ཏང་ནང་ཁུལ་གྱི་ཉེན་བརྡ་ནན་མོ་གཏོང་པའི་ཆད་པ་བཅད་པ་དང་སྒྲིག་འགལ་མ་དངུལ་གཞུང་བཞེས་གནང་པ་རེད།
          བརྡ་ཁྱབ་ནང་། ལྗོངས་ཡོངས་ཀྱི་རིམ་པ་ཁག་གི་ཏང་ཨུད(ཏང་ཙུའུ) ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་གནང་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་མཛུབ་སྟོན་དུ་འཛིན་པ་དང་། གཙོ་འཁྲིའི་འགན་འཁུར་ལག་བསྟར་ནན་ཏན་བྱེད་པ། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཏང་ནན་སྐྱོང་བྱ་རྒྱུར་ཕྱོགས་ཡོངས་ནས་སྐུལ་སྤེལ་གཏོང་དགོས་པ། 《ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལག་བསྟར་དོན་འཁྱོལ་གྱི་ལག་བསྟར་ཞིབ་སྲོལ》གྱི་དགོངས་དོན་གྱི་སྙིང་བོར་གོ་བ་ཟབ་མོ་ལེན་དགོས་པ་དང་། གཟེར་མ་རྡེབ་པ་ལྟ་བུའི་སྙིང་སྟོབས་དར་སྤེལ་བྱེད་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་དུ་བཏང་ནས། ཏང་སྲོལ་དང་སྲིད་སྲོལ་ཕྱོགས་ཡོངས་ནས་ལེགས་འགྱུར་གཏོང་པ།  སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ། སྒྲིག་ཁྲིམས་ཀྱི་སློབ་གསོ་གཏིང་ཟབ་སྤེལ་བ་དང་། སྒྲིག་ཁྲིམས་ལ་ལྟ་སྐུལ་བྱེད་པའི“རྣམ་པ་བཞི” ལག་བསྟར་ཟབ་སྤེལ་བཏང་ཐོག་སྒྲིག་ཁྲིམས་ནན་པོར་བརྟེན་ནས་ཏང་ཡོན་ལས་བྱེད་པས་གུས་བརྩི་རྟོགས་པ་དང་དོགས་ཟོན་ལྡན་པ། གཞི་ཐིག་སྲུང་བ་བཅས་བྱེད་དགོས། རིམ་པ་ཁག་གི་ཏང་ཨུད(ཏང་ཙུའུ)ཀྱི་གཙོ་འགན་འཁུར་མཁན་གྱིས“ སྤྱོད་ཚུལ་བཞི” ཡོ་བསྲང་བྱེད་པའི་ལས་ཀ་དམིགས་སུ་བཀར་བའི་གོ་གནས་སུ་བཞག་སྟེ། སྤྱོད་ཚུལ་ལེགས་བཅོས་དང་སྒྲིག་ལམ་ནན་སྲུང་ལ་སྣེ་ཁྲིད་པ། གོང་དཔེ་འོག་སྟོན་དང་དམ་འཛིན་དམ་ནན་བྱེད་པ། རིམ་པ་རེ་རེ་བཞིན་གནོན་ཤུགས་སྤེལ་བ། རིམ་པ་བཞིན་འགན་འཁྲི་དོན་འཁྱོལ་བྱ་དགོས་པའི་བླང་བྱ་བཏོན་ཡོད།
          བརྡ་ཁྱབ་ནང་། རིམ་པ་ཁག་གི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཀྲུང་དབྱང་སྒྲིག་ཨུད་ཀྱི་འབྲེལ་ཡོད་བཀོད་སྒྲིག་དོན་འཁྱོལ་ནན་ཏན་གནང་རྒྱུ་དང་། རྒྱུན་མཐུད་ངང་གནོན་ཤུགས་སྤྲོད་པ། “སྤྱོད་ཚུལ་བཞི” ཡོ་བསྲང་བྱེད་པའི་ལས་དོན་ གཏིང་ཟབ་ཏུ་དམ་འཛིན་བྱེད་པ་དང་ཏན་ཏིག་ངང་སྒྲུབ་པ། ལྟ་སྐུལ་སྒྲིག་ཁྲིམས་ལག་བསྟར་ནན་པོ་བྱེད་པ། ལྐོག་ཏུ་སྦས་སྐུང་དང་རྣམ་པ་གཞན་འགྱུར་གྱི་འཕེལ་ཕྱོགས་གསར་པར་དོ་ཁུར་ཟབ་མོ་གནང་པ། སྔར་བཞིན་མཚམས་མི་འཇོག་པ་དང་མཚམས་འཇོག་མི་ཤེས་པའི་གནད་དོན་གཅིག་ཤེས་ན་དེར་རྩད་ཞིབ་བྱེད་དགོས་པ་མ་ཟད་མིང་བཏོན་ནས་བརྡ་ཁྱབ་གཏོང་བ་དང་དམར་འདོན་བྱས་ཏེ་ཐོག་མཐའ་བར་གསུམ་དུ་དམ་དྲག་བྱེད་པའི་རྣམ་པ་མངོན་དགོས། འགན་འཁྲི་རྩད་གཅོད་བྱེད་ཤུགས་ཆེ་རུ་གཏོང་དགོས་པ། “ སྤྱོད་ཚུལ་བཞིའི” གནད་དོན་མང་དུ་འབྱུང་བར། ཐད་ཀའི་འགན་འཁྲི་ཡོད་མཁན་གྱི་འགན་འཁྲི་བདའ་འདེད་ནན་མོ་གཏོང་དགོས་པ་མ་ཟད་བྱེད་པོའི་འགན་འཁྲི་དང་ལྟ་སྐུལ་གྱི་འགན་འཁྲི། འགོ་ཁྲིད་ཀྱི་འགན་འཁྲི་བདའ་འདེད་ནན་མོ་བཏང་ནས། རྒྱུན་ཆད་མེད་པར་རྗེས་སུ་ཇི་ལྟར་འགྱངས་ན་སྒྲིག་ཁྲིམས་དེ་བས་ནན་པའི་བརྡ་རྟགས་དྲག་པོ་གཏོང་དགོས་སྐོར་ནན་གྱིས་བསྟན་ཡོད།
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716