སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
“ཚོགས་ཆེན་བཅུ་དགུ་དགའ་བའི་འཛམ་གྱིས་བསུ་བའི་དར་དཀར་མཇལ་དར་པེ་ཅིང་ཕྱོགས་སུ་འབུལ་བའི་”སྐོར་སྐྱོད་འཁྲབ་སྟོན་ཉིང་ཁྲི་ཐང་སྟེང་གྲོང་ཚོར་ཕེབས།
སྤེལ་དུས། 2017-10-10   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  བྱམས་པས་བསྒྱུར།
          གསེར་མདོག་གི་ཉི་མའི་འོད་ཀྱིས་ཡུལ་ཁམས་ཀུན་ཏུ་ཁེབས།  ལོ་ལེགས་ཀྱི་སྤྲོ་སྣང་གིས་གྲོང་མིའི་བཞིན་རས་ཁེངས།  ཟླ་10ཚེས་9ཉིན་གྱི་སྔ་དྲོ་“ཚོགས་ཆེན་བཅུ་དགུ་དགའ་བའི་འཛམ་གྱིས་བསུ་བའི་དར་དཀར་མཇལ་དར་པེ་ཅིང་ཕྱོགས་སུ་འབུལ་བའི་”སྐོར་སྐྱོད་འཁྲབ་སྟོན་ཉིང་ཁྲི་ཐང་སྟེང་གྲོང་ཚོར་ཕེབས།  ཡུལ་དེ་གའི་མང་ཚོགས་དང་ལྷན་དུ་འཛོམས་ནས་གླུ་ལེན་གར་འཁྲབ་སྟེ།  ཏང་གི་ཚོགས་ཆེན་བཅུ་དགུ་པ་བསུས།


གྲོང་མི་རྣམས་ཀྱིས་ལུས་ལ་གཟབ་མཆོར་སྤྲས་ཤིང་།    ལག་ཏུ་གཙོ་འཛིན་གྱི་སྐུ་པར་དང་ཁ་བཏགས་བསྣམས་ནས།   དགའ་དགའ་སྤྲོ་སྤྲོའི་ངང་མཁན་འཁྲབ་སྟོན་ལ་གཟིགས།



ངོ་མཚར་ཆེ་བའི་ལེ་ཚན་མང་པོ་རེས་མོས་སུ་འཁྲབ་སྟོན་བྱས་པས་གྲོང་མི་དང་ཉེ་འགྲམ་གྱི་ལས་བྱེད་བཟོ་བ།    སློབ་མ་རྣམས་ཀྱིས་ཆུ་ཚད་མཐོ་བའི་རིག་གནས་དགའ་སྟོན་ལ་མཉམ་དུ་རོལ་མྱོང་བྱས།



          ཤེས་རྟོགས་བྱུང་བར་གཞིགས་ན།    རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་རང་སྐྱོང་ལྗོངས་རིག་གནས་ཐིང་།   གསར་འགྱུར་དཔེ་སྐྲུན་དང་རླུང་འཕྲིན་བརྙན་འཕྲིན་གློག་བརྙན་ཅུས་ཀྱིས་སྒྲིག་འཛུགས་བྱས་པའི་རང་སྐྱོང་ལྗོངས་ཀྱི་“ཚོགས་ཆེན་བཅུ་དགུ་དགའ་བའི་འཛམ་གྱིས་བསུ་བའི་དར་དཀར་མཇལ་དར་པེ་ཅིང་ཕྱོགས་སུ་འབུལ་བའི་”སྐོར་སྐྱོད་འཁྲབ་སྟོན་ཚོགས་པ་ཉེ་དུས་མཛེས་ཤིང་ཡིད་དུ་འོང་བའི་ཉིང་ཁྲི་སླེབས་ཏེ།   ཟླ་10ཚེས་8ཉིན་གྱི་དགོང་མོ་འཁྲབ་སྟོན་ཐེངས་དང་པོ་བྱས།    འཁྲབ་སྟོན་ཚོགས་པས་སྔོན་མར་ལྷ་ས་དང་ནག་ཆུ།   གཞིས་རྩེ་སོགས་ས་ཁུལ་དུ་འཁྲབ་སྟོན་ཐེངས་མང་བྱས།    འཁྲབ་སྟོན་པ་རྣམས་ནི་རང་སྐྱོང་ལྗོངས་གླུ་གར་ཚོགས་པ་དང་གཏམ་གར་ཚོགས་པ།    ལྷ་མོ་ཚོགས་པ་སོགས་ཀྱི་རིག་རྩལ་ལས་ཁུངས་ནས་ཐོན་པ་ཡིན།
          ཀྲུང་གོའི་ཆེས་མཛེས་ཤོས་ཀྱི་གྲོང་གསེབ།----ཐང་སྟེང་གྲོང་ཚོ།

        ཐང་སྟེང་གྲོང་ཚོ་ནི་ཉིང་ཁྲི་བརྒྱད་གཅིག་གྲོང་རྡལ་དུ་ཡོད།    ཉིང་ཁྲི་གྲོང་ཁྱེར་གྱི་གྲོང་ཁུལ་དང་ཐག་ཉེ།    ཉེ་བའི་ལོ་ཤས་རིང་ཡུལ་སྐོར་དང་གསོ་སྤེལ།   ཞིང་ལས་ཐོན་རྫས་ལས་སྣོན་སོགས་ཐོན་ལས་ལ་བརྟེན་ནས་རིམ་བཞིན་ཕྱུག་པོར་གྱུར།    2012ལོར་བོད་ལྗོངས་ཀྱི་“དྲ་རྒྱའི་གྲོང་ཚོ་དང་པོ་”དང་།    2015ལོའི་“རྒྱལ་ཡོངས་ཀྱི་འབྱོར་འབྲིང་དཔེ་སྟོན་གྲོང་ཚོར་”།   2016ལོའི་“རྒྱལ་ཡོངས་ཀྱི་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་”སུ་བདམས་ཐོན་བྱུང་།    ཞིང་ལས་པུའུ་ཡིས་2017ལོའི་ཟླ་དགུ་པར་“ཀྲུང་གོའི་མཛེས་སྡུག་ལྡན་པའི་སྤྲོ་གསེང་གྲོང་ཚོ་”ལ་བདམས།

ཐང་སྟེང་གྲོང་ཚོས་མཚོ་མོ་སྐྱིད་རིའི་མཛེས་ལྗོངས་ཁུལ་ལ་བརྟེན་ནས་ཡུལ་སྐོར་ལས་རིགས་གོང་འཕེལ་བགྱིས་ཏེ་གྲོང་མི་དང་གྲོང་ཚོ་ཐུན་མོང་གི་ཡོང་འབབ་མཉམ་དུ་འཕར་བ་མངོན་འགྱུར་བྱུང་།
 


(འདྲ་པར་འགའ་ཤས་དྲ་རྒྱའི་སྟེང་འཚོལ་བསྡུ་བྱས་པ་ཡིན།)
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:zangwenbu@126.com
ཁ་པར།:010-58336716