སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
   མདུན་ཤོག    འཕྲིན་གསར།    གསུང་རབ།     བོད་སྐད་ཡིག      རྩོམ་རིག      སློབ་གསོ།    ཆོས་ལུགས།    གསོ་རིག    ལོ་རྒྱུས།     སྒྱུ་རྩལ།     དམངས་སྲོལ།    སྐར་རྩིས།    མཚན་ཉིད་རིག་པ།     དཔལ་འབྱོར།
   སྲིད་ཁྲིམས།     ས་རྒྱུས།     སྐྱེ་ཁམས།     ཞིང་ཕྱུགས།     ཕྱི་སྐད་སློབ་དེབ།    དཔྱད་རྩོམ།     ཚིག་མཛོད།     དུས་དེབ་དང་ཚགས་པར།     རྩོམ་པ་པོ།    དཔེ་མཛོད་ཁང་།     པར་སྐྲུན་ཁང་།     གཞན་དག
 
བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།
སྤེལ་དུས། 2010-03-09   ཡོང་ཁུངས། ཀྲུང་གོའི་བོད་རིག་པའི་དྲ་བ།    རྩོམ་པ་པོ།  ངག་དབང་།

བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། བོད་རང་སྐྱོང་ལྗོངས་ནི་བོད་རིགས་གཙོ་བོར་གྱུར་པའི་གྲངས་ཉུང་མི་རིགས་ས་ཁུལ་ཞིག་ཡིན་པས། བོད་ཡིག་དཔེ་རྙིང་གི་གྲངས་འབོར་ཤིན་ཏུ་མང་ལ་སྣ་རིགས་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད་པ་དེ་དག་ལ་ཆབ་སྲིད་དང་། དཔལ་འབྱོར། ལོ་རྒྱུས། ཆོས་ལུགས། མཚན་ཉིད་རིག་པ། རྩོམ་རིག སྐད་ཡིག གསོ་རིག གནམ་རིག་སྐར་རྩིས། བཟོ་རྩལ། དམག་དོན། ས་ཁམས། ལུས་རྩལ་ལ་སོགས་པའི་ནང་དོན་ཚུད་ཡོད། རྩ་ཆེའི་གཞུང་ལུགས་དེ་ཚོར་རིག་གཞུང་ཞིབ་འཇུག་གི་རིན་ཐང་ཧ་ཅང་ཆེན་པོ་ལྡན་ཡོད་ལ་དེ་ནི་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་ནོར་མཛོད་ཁྲོད་ཀྱི་གལ་ཆེའི་གྲུབ་ཆ་ཞིག་ཡིན་པས། སྔར་ལས་ལྷག་པའི་སྒོ་ནས་མི་རིགས་ཀྱི་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་གོང་འཕེལ་བཏང་སྟེ་རང་ལྗོངས་ཀྱི་དཔལ་ཡོན་གསུམ་འཛུགས་སྐྲུན་བྱེད་པའི་ཁྲོད་དུ་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱ་ཕྱིར། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དཔེ་རྙིང་ལེགས་སྒྲིག་གིས་མེས་རྒྱལ་གྱི་རྩ་ཆེའི་རིག་གནས་ཤུལ་བཞག་རྒྱུན་འཛིན་བྱེད་རྒྱུ་དེ་ནི་གལ་འགངས་ཤིན་ཏུ་ཆེ་ལ་ཕ་ཚ་བུ་རྒྱུད་དང་འབྲེལ་བའི་ལས་དོན་ཞིག་རེད།ཅེས་དང་གྲངས་ཉུང་མི་རིགས་ཀྱི་དཔེ་རྙིང་ནི་མེས་རྒྱལ་གྱི་རྩ་ཆེའི་རིག་གནས་ཤུལ་བཞག་ཁྲོད་ཀྱི་ཁག་ཅིག་ཡིན་པས། གྲངས་ཉུང་མི་རིགས་ཀྱི་དཔེ་རྙིང་མྱུར་སྐྱོབ་དང་ལེགས་སྒྲིག་བྱེད་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་བའི་ལས་དོན་ཞིག་རེད་ཅེས་པའི་མཛུབ་སྟོན་གྱི་དགོངས་དོན་ལ་བརྩི་སྲུང་ཞུས་ཏེ། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གིས་1985ལོའི་ཟླ་5ཚེས་21ཉིན་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ལ་བོད་ཡིག་དཔེ་རྙིང་ལེགས་སྒྲིག་དང་དཔེ་སྐྲུན་སྐོར་གྱི་ལག་བསྟར་ཇུས་གཞིའི་སྙན་ཞུ་དངོས་སུ་ཕུལ་ཞིང་། ལོ་དེ་རང་ལ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཆོག་མཆན་གནང་བ་གཞིར་བཟུང་བོད་ཡིག་དཔེ་རྙིང་ལེགས་སྒྲིག་དང་དཔེ་སྐྲུན་ལས་དོན་གྱི་འགོ་ཁྲིད་ཚོགས་ཆུང་དང་རྩོམ་སྒྲིག་ཨུ་ཡོན་ལྷན་ཁང་བཙུགས་པ་དང་སྦྲེལ་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་འཛུགས་རྒྱུའི་གྲ་སྒྲིག་ཧུར་ཐག་བྱས། དེ་དང་ཆབས་ཅིག་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་ཀྱང་1985ལོའི་ཟླ་7ཚེས་26ཉིན་རྒྱལ་ཁབ་དཔེ་སྐྲུན་ཅུས་ལ་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་འཛུགས་འཐུས་ཆོག་པ་མ་ཟད་དཔེ་སྐྲུན་ཁང་གི་ཨང་རྟགས་ཀྱང་གསོལ་རས་ཡོང་བ་ཞུ་རྒྱུའི་སྙན་ཞུ་ཕུལ། 1986ལོའི་ཟླ་9ཚེས་9ཉིན་རྒྱལ་ཁབ་དཔེ་སྐྲུན་ཅུས་ཀྱིས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གྲབས་འཛུགས་ཀྱི་ལས་དོན་སྤེལ་རྒྱུར་མོས་མཐུན་ཡོད་”([86]ལོའི་དཔེ་སྐྲུན་ཕྱོགས་བསྡུས་ཡིག་ཨང་771ཅེས་པའི་ཡིག་ཆ་གཤམ་སྤེལ་གནང་བ་ནས་བཟུང་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གྲབས་འཛུགས་ཀྱི་ལས་དོན་དངོས་སུ་འགོ་ཚུགས། དེའི་རིང་བོད་རང་ལྗོངས་བོད་ཡིག་དཔེ་རྙིང་ལས་དོན་གྱི་འགོ་ཚོགས་ཆུང་དང་བོད་ཡིག་དཔེ་རྙིང་དཔེ་ཚོགས་ཀྱི་རྩོམ་སྒྲིག་ཨུ་ཡོན་ལྷན་ཁང་ཡང་བཙུགས་ཐོག དེ་སྔའི་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་རྡོ་རྗེ་ཚེ་བརྟན་གྱིས་བོད་རང་སྐྱོང་ལྗོངས་བོད་ཡིག་དཔེ་རྙིང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་དང་། ལྷག་པ་ཕུན་ཚོགས་དང་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་གཉིས་ནས་ཙུའུ་ཀྲང་གཞོན་པ། ཝང་ཅན་རང་སྐྱོང་ལྗོངས་དཔེ་སྐྲུན་ཅུས་དང་། སྐལ་བཟང་སྒྲོལ་དཀར། རང་སྐྱོང་ལྗོངས་ཡིག་ཚགས་ཅུས་འཇམ་དབྱངས། རང་སྐྱོང་ལྗོས་རིག་དངོས་དོ་དམ་ཨུ་ཡོན་ལྷན་ཁང་དེ་བཞིན་གྲོང་ཁྱེར་ལྷ་ས་ཆོས་དོན་ཅུས་དང་། གཞིས་རྩེ་ས་ཁུལ་རིག་གནས་ཅུས། དཔེ་རྙིང་དཔེ་སྐྲུན་ཁང་བཅས་སོ་སོའི་འགན་ཁུར་བློ་མཐུན་མི་རེ་བཅས་ནས་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མིའི་འགན་བཞེས་པ་རེད། བོད་ཡིག་དཔེ་རྙིང་དཔེ་ཚོགས་ཀྱི་རྩོམ་སྒྲིག་ཨུ་ཡོན་ལྷན་ཁང་ནི་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་དང་། དུང་དཀར་བློ་བཟང་འཕྲིན་ལས། རྡོ་རྗེ་རྒྱལ་པོ། ཧོར་ཁང་བསོད་ནམས་དཔལ་འབར། དཔེ་རྙིང་དཔེ་སྐྲུན་ཁང་གི་ཆེད་ལས་བྱེད་སྒོའི་འགན་འཁུར་མི་སྣ་དང་གཙོ་བོའི་ཆེད་ལས་མི་སྣ་བཅས་ལས་གྲུབ་ཡོད། ལོ་གསུམ་ལ་ཉེ་བའི་གྲབས་འཛུགས་ཀྱི་ལས་དོན་སྒྲུབ་པ་བརྒྱུད། 1989ལོར་རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་ཧྲུའུ་ཡིས་89ལོའི་གསར་འགྱུར་དཔེ་སྐྲུན་དཔེ་དེབ་ཀྱི་ཡིག་ཨང་146པ་སྟེ་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་དངོས་སུ་འཛུགས་རྒྱུར་མོས་མཐུན་ཡོད་ཅེས་པའི་ཡིག་ཆ་གཤམ་སྤེལ་གནང་བ་དང་སྦྲེལ་དཔེ་སྐྲུན་ཁང་དེའི་ལས་ཀའི་ཁྱབ་ཁོངས་གཙོ་བོ་བོད་ཞི་བའི་བཅིངས་འགྲོལ་མ་ཐོབ་གོང་གི་བོད་ཡིག་དཔེ་དེབ་དང་། གནའ་རབས་ཀྱི་ཤིང་བྱང་། དེ་བཞིན་ལྕགས་རིགས་ལུགས་ཡིག་དང་རྡོ་བརྐོས་ཡི་གེ་སོགས་ལེགས་སྒྲིག་དཔེ་སྐྲུན་བྱ་རྒྱུ་དེ་ཡིན་ལ་ཡུན་རིང་གི་དཔེ་སྐྲུན་འཆར་འགོད་དང་ལོ་རེའི་འཆར་གཞི་བཟོ་དགོས་ཤིང་། དཔེ་དེབ་འདོན་རྒྱུའི་སྤུས་ཚད་མཐོར་འདེགས་གཏོང་རྒྱུར་དོ་སྣང་གིས་རང་གི་དམིགས་བསལ་ཁྱད་ཆོས་ཐོན་པ་བྱེད་དགོས་ཞེས་པའི་བླང་བྱ་ཡང་བཏོན་ནས་དཔེ་སྐྲུན་གྱི་ཁྱབ་ཁོངས་དང་ལས་འགན་ཁ་གསལ་གཏན་འབེབས་གནང་ཡོད།

བོད་རང་སྐྱོང་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་དེ་ཉིད་1986ལོར་གྲབས་འཛུགས་དང་། 1989ལོར་དངོས་སུ་དབུ་བརྙེས་པ་ནས་ད་བར་ལོ་བཅུ་དགུར་ཉེ་བའི་དུས་ཡུན་ནང་། དཔེ་སྐྲུན་ཁང་གི་འགོ་ཁྲིད་རིམ་བྱོན་དང་ཆེད་ལས་མི་སྣས་དཔེ་རྙིང་ལེགས་སྒྲིག་དཔེ་སྐྲུན་དང་། མེས་རྒྱལ་གྱི་ཕུལ་བྱུང་རིག་གནས་ཤུལ་བཞག་རྒྱུན་འཛིན་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱ་རྒྱུར་ཞབས་འདེགས་ཞུ་བའི་གཞི་རྩའི་མཛད་ཕྱོགས་བློ་བརྟན་འགྱུར་མེད་ངང་ལག་བསྟར་དོན་འཁྱོལ་བྱེད་པ། མི་རིགས་ཀྱི་ཕུལ་བྱུང་རིག་གནས་དར་སྤེལ་གཏོང་རྒྱུ་དང་། མི་རིགས་ཁག་དབར་རིག་གནས་སྤེལ་རེས་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ། མེས་རྒྱལ་གྱི་རྩ་ཆེའི་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུ་བཅས་དམིགས་ཡུལ་དུ་འཛིན་པ་དང་། བོད་ཡིག་གི་རྩ་ཆེའི་རིག་གཞུང་མྱུར་སྐྱོབ་དང་། འཚོལ་བསྡུ། ལེགས་སྒྲིག དཔེ་སྐྲུན་བཅས་བྱ་རྒྱུ་རང་གི་ལས་འགན་དུ་བརྩིས་ཏེ་གངས་ཅན་རིག་མཛོད་ཀྱི་མིང་ཐོག་ནས་སྔ་རྗེས་སུ་རླངས་ཀྱི་པོ་ཏི་བསེ་རུ་རྒྱས་པ་དང་། དཀར་ལེབ་སུམ་རྟགས་དཀའ་འགྲེལ།》《བོད་ཀྱི་སྔ་རབས་ཁྲིམས་སྲོལ་ཡིག་ཆ་བདམས་བསྒྲིགས།》《དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ།》《ས་པཎ་ཀུན་དགའ་རྒྱལ་མཚན་གྱི་གསུང་འབུམ།》《བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ལྔ།》《ཀཿཐོག་སི་ཏུའི་གནས་ཡིག》《བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ།》《མདོ་དྲི་མེད་གཟི་བརྗིད།》《བོན་གྱི་བཀའ་བརྟེན་འགྱུར་སོགས་རྒྱ་ཆེའི་བོད་རིགས་ཀློག་པ་པོ་དང་རྒྱལ་ཁབ་ཕྱི་ནང་བོད་རིག་པའི་ལས་རིགས་ཀྱིས་དང་སེམས་ཟབ་མོ་བཅངས་པའི་བོད་ཡིག་དཔེ་རྙིང་འཚོལ་བསྡུ་ལེགས་སྒྲིག་དང་དཔེ་སྐྲུན་བྱས་པའི་ཁྲོད་ནས་བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ་ཞེས་པར་རྒྱལ་ཁབ་ཀྱི་དཔེ་དེབ་བྱ་དགའ་ཐོབ་པ་དང་། བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ལ་ཡང་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་སྔོན་ཐོན་མཉམ་སྡེབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མྱོང་ཡོད། ད་བར་དཔེ་སྐྲུན་བྱས་པའི་གངས་ཅན་རིག་མཛོད་དེབ་སྣ་རིགས་བཞི་བཅུ་དང་། པར་འདེབས་བྱས་པའི་དེབ་གྲངས་ཁྲི་བཞི་བཅུ་ལྷག་ཙམ་ཟིན་གྱི་ཡོད།

བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ལ་ད་ལྟ་ལས་དོན་མི་སྣ་བརྒྱད་ཡོད་པའི་ནང་ཞིབ་འཇུག་པ་མི་གཅིག་དང་། རྩོམ་ཞིབ་པ་གཞོན་པ་མི་གསུམ། ལས་རོགས་རྩོམ་སྒྲིག་པ་མི་གཉིས། ལྟ་སྦྱོང་རྩོམ་སྒྲིག་པ་མི་གཉིས་བཅས་ཡོད།

དཔེ་སྐྲུན་ཁང་གི་ད་ལྟའི་དབུ་འཛིན་ཞིབ་འཇུག་པ་སྐལ་བཟང་ཡེ་ཤེས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་ཕོགས་སྣོན་ཡོད་པ་དང་། དབུ་འཛིན་གཞོན་པ་རྩོམ་ཞིབ་པ་གཞོན་པ་པ་སངས་ཚེ་རིང་ཡིན།

 རྡོ་འབུམ་དཔེ་འཕྲིན།  ནང་རིག་གཏེར་མཛོད། མཆོད་མེ་རྩོམ་རིག་དྲ་བ།   གེ་སར་ཞིབ་འཇུག  ན་གཞོན་གསར་བ།

Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060