སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
   མདུན་ཤོག    འཕྲིན་གསར།    གསུང་རབ།     བོད་སྐད་ཡིག      རྩོམ་རིག      སློབ་གསོ།    ཆོས་ལུགས།    གསོ་རིག    ལོ་རྒྱུས།     སྒྱུ་རྩལ།     དམངས་སྲོལ།    སྐར་རྩིས།    མཚན་ཉིད་རིག་པ།     དཔལ་འབྱོར།
   སྲིད་ཁྲིམས།     ས་རྒྱུས།     སྐྱེ་ཁམས།     ཞིང་ཕྱུགས།     ཕྱི་སྐད་སློབ་དེབ།    དཔྱད་རྩོམ།     ཚིག་མཛོད།     དུས་དེབ་དང་ཚགས་པར།     རྩོམ་པ་པོ།    དཔེ་མཛོད་ཁང་།     པར་སྐྲུན་ཁང་།     གཞན་དག
 
༼ས་འགུལ་རྒྱུན་ཤེས།༽
སྤེལ་དུས། 2012-06-29   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  ཟོན་ཐར་གྱིས་བསྒྲིགས།

        མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་གཞོན་སྐྱེས་རྩོམ་སྒྲིག་པ་བསོད་ནམས་བཀྲ་ཤིས་ལགས་ཀྱིས་ཇུས་འགོད་དང་རྩོམ་སྒྱུར་བྱས་པའི་བོད་ཡིག་དཔེ་དེབ༼ས་འགུལ་རྒྱུན་ཤེས༽ཞེས་པ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་ཞིང་འགྲེམ་སྤེལ་བྱས་ཡོད་པ་རེད།
       ༢༠༡༠ལོའི་ཟླ་༤ཚེས་༡༤ཉིན་གྱི་ཞོགས་པའི་ཆུ་ཚོད༧དང་སྐར་མ༤༩སྟེང་།མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་དུ་རིམ་པ༧.༡ཅན་གྱི་ས་འགུལ་བྱུང་ཞིང་།མི་སེར་གྱི་ཚེ་སྲོག་དང་རྒྱུ་ནོར་ཕྱོགས་གང་ཐད་ནས་གྱོང་གུན་ཚབས་ཆེན་བཟོས་པ་དང་།ས་འགུལ་དེ་ནི་བོད་ཁུལ་དུ་བཅིངས་གྲོལ་ཚུན་དུ་བྱུང་བའི་ས་འགུལ་ཆེས་ཆེ་བ་དེ་ཡིན་ལ།ཞིང་འབྲོག་མང་ཚོགས་ཀྱིས་ས་འགུལ་སྐོར་གྱི་རྒྱུན་ཤེས་མ་རྟོགས་པའི་དབང་གིས་ཐེངས་འདིའི་ས་འགུལ་ཁྲོད་གྱོང་གུན་ཚབས་ཆེན་ཐེབས་པ་རེད།བསོད་ནམས་བཀྲ་ཤིས་ལགས་ཀྱིས་གནས་ཚུལ་དེ་ཤེས་རྗེས་མགྱོགས་པོར་ས་འགུལ་སྐོར་གྱི་རྒྱུན་ཤེས་འཚོལ་སྡུད་དང་དཔེ་དེབ་ཇུས་འགོད་གནང་ནས༼ས་འགུལ་རྒྱུན་ཤེས༽ཞེས་པའི་དཔེ་དེབ་འདི་རྩོམ་སྒྱུར་བྱས་པ་རེད།ད་སྔའི་བར་བོད་ཡིག་གི་ས་འགུལ་རྒྱུན་ཤེས་སྐོར་བརྗོད་པའི་དཔེ་དེབ་ཅིག་བྱུང་མེད་པའི་ཆ་ནས་དཔེ་དེབ་འདིས་དེའི་སྐོར་གྱི་སྟོང་ཆ་བསྐངས་ཡོད་པ་རེད།

 རྡོ་འབུམ་དཔེ་འཕྲིན།  ནང་རིག་གཏེར་མཛོད། མཆོད་མེ་རྩོམ་རིག་དྲ་བ།   གེ་སར་ཞིབ་འཇུག  ན་གཞོན་གསར་བ།

Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060