སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
   མདུན་ཤོག    འཕྲིན་གསར།    གསུང་རབ།     བོད་སྐད་ཡིག      རྩོམ་རིག      སློབ་གསོ།    ཆོས་ལུགས།    གསོ་རིག    ལོ་རྒྱུས།     སྒྱུ་རྩལ།     དམངས་སྲོལ།    སྐར་རྩིས།    མཚན་ཉིད་རིག་པ།     དཔལ་འབྱོར།
   སྲིད་ཁྲིམས།     ས་རྒྱུས།     སྐྱེ་ཁམས།     ཞིང་ཕྱུགས།     ཕྱི་སྐད་སློབ་དེབ།    དཔྱད་རྩོམ།     ཚིག་མཛོད།     དུས་དེབ་དང་ཚགས་པར།     རྩོམ་པ་པོ།    དཔེ་མཛོད་ཁང་།     པར་སྐྲུན་ཁང་།     གཞན་དག
 
ཐོན་ལས་དགོས་མཁོ་ལ་ཁ་ཕྱོགས་ནས་ཞིང་ལས་ཚན་རིག་ལག་རྩལ་གསར་བསྐྲུན་ནུས་ཤུགས་ཇེ་ཆེར་གཏོང་དགོས།
སྤེལ་དུས། 2013-12-04   ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ།  འབྲུག་མོས་བསྒྲིགས།

ང་ལས་འཕེལ་རྒྱས་ཀྱི་རྩ་བའི་བགྲོད་ལམ་ནི་ཚན་རིག་ལག་རྩལ་ཡིན། རང་རྒྱལ་གྱི་ཞིང་ལས་ནི་སྔར་ལས་ལྷག་པར་ཚན་རིག་ལག་རྩལ་ལ་བརྟེན་ནས་ཐོན་ཁུངས་ཁོར་ཡུག་གི་བཀག་རྒྱ་གཏོར་བ་དང་། རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་བྱེད་པའི་དུས་རིམ་གསར་བར་གནས་ཡོད། ༢༠༡༢ལོར་ཀྲུང་དབྱང་གི་ཡིག་ཆ་དང་པོའི་ནང་ཞིང་ལས་ལག་རྩལ་གསར་བསྐྲུན་དང་ཁྱབ་སྤེལ་གཏོང་བའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ་དེ་འབུར་ཐོན་དུ་བཀོད་ནས་འཛིན་དགོས་པ་དང་། ཐོག་དང་པོར་ཞིང་ལས་ལག་རྩལ་གོང་འཕེལ་དུ་གཏོང་བའི་འཐབ་ཇུས་ཀྱི་གོ་གནས་གསལ་བོར་བཏང་ཞིང་། ཁྱོན་ཡོངས་ནས་ཞིང་ལས་ཚན་རིག་ལག་རྩལ་གསར་བསྐྲུན་གྱི་ལས་འགན་བཀོད་སྒྲིག་བྱས་པར་མ་ཟད། དམིགས་འབེན་རང་བཞིན་དྲག་ཅིང་། ནང་དོན་ལྡན་པ། རྨང་གཞི་བརྟནཞིང་རྒྱང་རིང་ལ་ཕན་ཐོགས་པའི་སྲིད་ཇུས་དང་བྱེད་ཐབས་རབས་དང་རིམ་པ་བཀོད། དེ་དག་གིས་ཞིང་ལས་ཚན་རིག་ལག་རྩལ་ཡར་ཐོན་དང་དེང་རབས་ཞིང་ལས་འཛུགས་སྐྲུན་ལ་ཤུགས་རྐྱེན་ཟབ་མོ་ཐེབས་ངེས་རེད།
     
གསར་བསྐྲུན་གྱི་ཁ་ཕྱོགས་ལེགས་པོར་བཟུང་ནས། ཞིང་ལས་ལག་རྩལ་སྐྱོན་བྲལ་བའི་ངང་གོང་འཕེལ་དུ་འགྲོ་བར་སྐུལ་ཁྲིད་བྱེད་དགོས། གསར་བསྐྲུན་ནི་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་སྒུལ་བྱེད་འཕྲུལ་འཁོར་ལྟ་བུ་ཡིན། ཞིང་ལས་ལག་རྩལ་གསར་བསྐྲུན་བྱ་བར་སྐུལ་འདེད་གཏོང་ན། ངེས་པར་དུ་ཚན་རིག་འཕེལ་རྒྱས་ལྟ་བའི་རེ་བ་ལྟར། ཐོན་ལས་དགོས་མཁོ་ཁྲིད་སྟོན་བྱེད་ཕྱོགས་བྱས་ནས། ཅིག་ཞིག་གི་དོན་དུ་གསར་བསྐྲུན་བྱེད་པ་དང་། ཅི་ཞིག་གསར་བསྐྲུན་བྱེད་དགོས་པའི་ཁ་ཕྱོགས་རང་བཞིན་གྱི་གནད་དོན་གསལ་བོར་ཤེས་དགོས། རང་རྒྱལ་གྱི་ཞིང་ལས་ཚན་རིག་ལག་རྩལ་ལ་ཀུན་གྱིས་བརྩི་མཐོང་བྱེད་པའི་གྲུབ་འབྲས་ཆེན་པོ་ཐོབ་ཡོད་པ་ནི་ཐེ་ཚོམ་སྐྱེ་མི་དགོས་པ་ཞིག་རེད་མོད། འོན་ཀྱང་ངེས་པར་དུ་ངོས་འཛིན་ཐོབ་དགོས་པ་ཞིག་ནི། ཞིང་ལས་ཚན་རིག་ལག་རྩལ་འཕེལ་རྒྱས་ཐད་གསར་བསྐྲུན་ཁ་ཕྱོགས་གསལ་བོ་མིན་པ་དང་།ཁྱད་པར་དུ་ཐོན་ལས་དགོས་མཁོ་དང་ཞིང་བའི་དགོས་མཁོ་ཕན་ཚུན་ཁ་ཐོར་བའི་གནད་དོན་ཡོད། དེར་བརྟེན། ཀྲུང་དབྱང་གི་ཡིག་ཆ་དང་བོའི་ནང་ཞིང་ལས་ཚན་རིག་ལག་རྩལ་གསར་བསྐྲུན་ཁ་ཕྱོགས་ནི་ངེས་པར་དུ་རྩ་དོན་གཅིག་དང། ཚད་གྲངས་གསུམ་མཐོར་འདེགས་གཏོང་བའིབླང་བྱ་རྒྱུན་འཁྱོངས་བྱེད་དགོས་པ་གསལ་བོར་བཏོན།
    
རྩ་དོན་གཅིགནི་རྒྱང་རིང་གི་འཕེལ་རྒྱས་ལ་དམིགས་པ་དང་། ཐོན་ལས་དགོས་མཁོ་ལ་དམིགས་པའི་གཞི་རྩའི་རྩ་དོན་རྒྱུན་འཁོངས་བྱེད་པ་དེ་རེད། རྩ་དོན་དེ་ནི་དེང་དུས་འཛམ་གླིང་གི་ཞིང་ལས་ཚན་རྩལ་འཕེལ་ཕྱོགས་དང་བསྟུན་ཡོད་པའི་མི་ཚད། རང་རྒྱལ་གྱི་ཞིང་ལས་ཐོན་སྐྱེད་འཕེལ་རྒྱས་ཀྱི་དགོས་མཁོ་དང་ཡང་མཐུན་པ་ཞིག་རེད།ཚད་གྲངས་གསུམ་མཐོར་འདེགས་གཏོང་བ་དེ་ནི་ས་ཞིང་ནང་གི་ཐོན་རྫས་ཀྱི་ཐོན་ཚད་ཇེ་མཐོར་གཏོང་དགོས་པ་དང་གཅིག། ཐོན་ཁུངས་བེད་སྤྱོད་ཚད་མཐོར་འདེགས་གཏོང་དགོས་པ་དང་གཉིས། ངལ་རྩོལ་ཐོན་སྐྱེད་བྱེད་ཚད་མཐོར་འདེགས་གཏོང་དགོས་པ་དང་གསུམ་བཅས་ཀྱི་དམིགས་ཡུལ་གཙོ་བོ་རྒྱུན་འཁྱོངས་བྱེད་དགོས་ཞེས་པ་དེ་རེད། སྟོབས་ཤུགས་ཆེན་པོ་བཏོན་ནས་ས་ཞིང་ནང་གི་ཐོན་སྐྱེད་བྱེད་ཚད་ཇེ་མཐོར་གཏོང་བའི་ལེགས་བསྡུས་རྒྱུན་མཐུད་དང་ཐོན་ཚད་མཐོ་བའི་ལག་རྩལ། ཐོན་ཁུངས་བེད་སྤྱོད་ཚད་ཇེ་མཐོར་གཏོང་བའི་ས་ཞིང་གྲོན་ཆུང་དང་ཆུ་གྲོན་ཆུང་། ལུད་རྫས་གྲོན་ཆུང་། ནུས་པའི་འབྱུང་ཁུངས་གྲོན་ཆུང་བྱེད་པའི་ལག་རྩལ། ངལ་རྩོལ་ཐོན་སྐྱེད་བྱེད་ཚད་ཇེ་མཐོར་གཏོང་བ་དམིགས་ཡུལ་ཡིན་པའི་ལས་ཚེགས་གྲོན་ཆུང་དང་ཞིབ་ཚགས་ནོར་འཕྱུགས་མེད་པའི་འཕྲུལ་ཆས་ཅན་དང་འཕྲིན་གསར་ཅན་གྱི་ལག་རྩལ་བཅས་གནད་ཆེ་སར་བཞག་ནས་ཞིབ་འཇུག་བྱེད་རྒྱུ་རེད།རྩ་དོན་གཅིག་དང་། ཚད་གྲངས་མཐོར་འདེགས་གསུམགྱི་ནང་བཏོན་པའི་བླང་བྱ་ནིཐོན་ཚད་འཕར་སྣོན་དང་ཕན་འབྲས་མཐོར་འདེགས་མཉམ་འཛིན་བྱེད་པ་དང་། སོན་བཟང་དང་ཐབས་མཆོག་ཆ་འཛོམས་པ། ཞིང་ལས་འཕྲུལ་ཆས་དང་ཞིང་ལས་ལག་རྩལ་ཟུང་འབྲེལ། ཐོན་སྐྱེད་དང་སྐྱེ་ཁམས་མཐུན་སྦྱོར་བཅས་བྱེད་པའིལག་རྩལ་ཐབས་ལམ་རྒྱུན་འཁྱོངས་བྱེད་དགོས་པ་དེ་རེད། འདི་ནི་ཐོག་དང་པོར་ཕྱོགས་ཡོངས་དང་རྒྱུད་རིམ་ལྡན་པའི་སྒོ་ནས་རང་རྒྱལ་གྱི་ཞིང་ལས་ཚན་རིག་ལག་རྩལ་གསར་བསྐྲུན་བྱེད་པའི་ལམ་ཕྱོགས་བཏོན་པ་རེད། དེས་ཞིང་ལས་ཚན་རྩལ་མཉམ་འབྲེལ་སྒོས་གསར་བསྐྲུན་དང་། ཚན་རིག་སྤེལ་རེས་དང་ལག་རྩལ་གཅིག་བསྡུས་བཅས་བྱེད་པའི་ཐད་མཛུབ་སྟོན་གྱི་དོན་སྙིང་ལྡན།
    
གསར་བསྐྲུན་བྱེད་པའི་གནད་ཆེ་ས་འབུར་ཐོན་དུ་འགོད་དགོས་པ་དང་། ཞིང་ལས་ཚན་རྩལ་གྱི་འདེགས་སྐྱོར་བྱེད་ནུས་ཇེ་དྲག་ཏུ་གཏོང་དགོས། ཞིང་ལས་ཚན་རྩལ་གསར་བསྐྲུན་ནི་ཞིང་ལས་དང་ནགས་ལས། ཆུ་བེད་སོགས་ལས་རིགས་མང་པོ་དང་། རིག་གཞུང་ཚན་ཁག་མང་པོ། ཁྱབ་ཁོངས་མང་པོར་གཏོགས། ཐོན་ལས་རིགས་མང་ཞིང་ལག་རྩལ་གྱི་དགོས་མཁོ་ཡང་སྣ་མང་བས། ངེས་པར་དུ་ལ་ལ་སྒྲུབ་པ་དང་ལ་ལ་མི་སྒྲུབ་པ་གཉིས་རྒྱུན་འཁྱོངས་བྱེད་པ་དང་། གནད་ཆེ་ས་འཛིན་པ། གཅིག་བསྡུས་ཀྱིས་ཐོད་བརྒལ་གསར་བ་བྱེད་དགོས།
   
ཞིང་ལས་ལག་རྩལ་འཕེལ་རྒྱས་སུ་གཏོང་བའི་ཆེད་ཉིད་བརྩི་སྲུང་དང་། ཐོན་ལས་ཀྱི་དགོས་མཁོ་དངོས་བསྐོང་བའི་རྩ་དོན་ལྟར། ཀྲུང་དབྱང་གི་ཡིག་ཆ་དང་པོའི་ནང་ཞིང་ལས་ལག་རྩལ་གསར་བསྐྲུན་གྱི་གནད་ཆེ་སའི་ལས་འགན་བཞིབཏོན་པ་སྟེ། གཅིག་ནི་ཞིང་ལས་ཀྱི་རྨང་གཞིར་ཞིབ་འཇུག་ཤུགས་སྣོན་བྱས་ནས། གནད་ཆེ་སའི་རིགས་པའི་གཞུང་ལུགས་དང་བྱེད་ཐབས་སྐོར་ཞིག་ཐག་གཅོད་བྱེད་དགོས། རང་རྒྱལ་གྱི་ཞིང་ལས་རྨང་གཞི་ཞིབ་འཇུག་གི་སྟོབས་ཤུགས་ཞན་ཞིང་། ད་རུང་སྔར་བཞིན་གཞན་གྱི་རྗེས་དེད་ནས་ལད་ཟློས་བྱེད་པའི་དུས་རིམ་དུ་གནས་ཡོད་པས། ཞིང་ལས་ཀྱི་རང་ཚུགས་གསར་བསྐྲུན་བྱེད་ནུས་རྒྱུན་མཐུད་སྒོས་མཐོར་འདེགས་གཏོང་བའི་རྒྱང་རིང་གི་དགོས་མཁོ་སྐོང་དཀའ། ངེས་པར་དུ་སྔར་ལས་ལྷག་པའི་སྒོ་ནས་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་བཏང་ནས། གསར་བསྐྲུན་ཐོག་མ་བྱེད་པའི་རིགས་གཞུང་གྲུབ་འབྲས་སྐོར་ཞིག་བརྩོན་ལེན་བྱེད་དགོས། གཉིས་ནི་མདུན་གྲས་ལག་རྩལ་ཞིབ་འཇུག་ཐད་ནས་རྒྱུད་འབྲེལ་འབྲས་དང་། འབུ་གནོད་འགོག་ཐུབ་པའི་མ་མོག་སོགས་ཁྱབ་ཁོངས་ནི་རྒྱལ་སྤྱིའི་མདུན་གྲལ་དུ་བུད་ཡོད་མོད། འོན་ཀྱང་སྤྱིར་ནས་ཞིང་ལས་མཐོ་གསར་ལག་རྩལ་ནི་གདོང་ལེན་རྒྱལ་ཁབ་བར་དང་ཁྱད་པར་སྔར་བཞིན་ཧ་ཅང་ཆེ། ཞིང་ལས་མདུན་གྲལ་ལག་རྩལ་ཞིབ་འཇུག་སྤེལ་བའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ་དེ་ངེས་པར་དུ་ཞིང་ལས་ཚན་རྩལ་གསར་སྐྲུན་གྱི་འཐབ་ཇུས་ལས་འགན་གལ་ཆེན་དུ་རྩིས་ནས་འཛིན་དགོས། དེང་རབས་ཞིང་ལས་ཐོན་ལས་ལག་རྩལ་ཚད་རིམ་ཇེ་མཐོར་གཏོང་བར་སྐུལ་འདེད་དང་། ཞིང་ལས་ཀྱི་འགྲན་རྩོད་བྱེད་ནུས་ཇེ་ཆེར་གཏོང་དགོས། གསུམ་ནས་སྟོབས་ཤུགས་ཆེན་པོས་ཞིང་ལས་ལག་རྩལ་གྱི་དཀའ་གནད་ཐག་བཅད་དེ། དངོས་སྤྱོད་ལག་རྩལ་གྲུབ་འབྲས་གལ་ཆེན་སྐོར་ཞིག་བརྩོན་ལེན་བྱེད་དགོས། བཞི་ནས་སྟོབས་ཤུགས་ཆེན་པོས་སོན་བཟང་ལས་རིགས་ཀྱི་གསར་བསྐྲུན་བྱ་བ་ལེགས་འཛིན་བྱེད་དགོས།
   
སྲིད་ཇུས་བྱེད་ཐབས་འཐུས་ཚང་དུ་བཏང་ནས། ཞིང་ལས་ཚན་རྩལ་ལ་འགན་སྲུང་ཆེན་པོ་འདོན་སྦྲོད་བྱེད་དགོས། སྲིད་ཇུས་ཐད་ཀྱི་འགན་སྲུང་ནི་ཚན་རིག་ལག་རྩལ་གསར་བསྐྲུན་ནུས་པ་མཐོར་འདེགས་གཏོང་བའི་ཆ་རྐྱེན་གལ་ཆེན་རེད། ཀྲུང་དབྱང་གི་ཡིག་ཆ་དང་པོས་ཞིང་ལས་ཚན་རྩལ་གསར་བསྐྲུན་ནང་རྐྱེན་དང་། གསར་བསྐྲུན་མ་དངུལ། གསར་བསྐྲུན་ཆ་རྐྱེན། གསར་བསྐྲུན་ཤེས་ལྡན་མི་སྣ་སོགས་ཐད་ཀྱི་འབུར་ཐོན་གནད་དོན་དང་མི་འདང་སར་དམིགས་ནས། དམིགས་འབེན་རང་བཞིན་ཆེ་ཞིང་ལག་ལེན་དུ་བསྟར་བདེ་བའི་སྲིད་ཇུས་དང་བྱེད་ཐབས་རབས་དང་རིམ་པ་གཏན་འཁེལ་བྱས།
    
དེར་བརྟེན། ངེས་པར་དུ་ཞིང་ལས་ལག་རྩལ་ཐད་དུ་མ་དངུལ་གཏོང་ཤུགས་རྒྱུན་མཐུད་སྒོས་ཇེ་ཆེར་གཏོང་བ་དང་། ཞིང་ལས་འཕེལ་རྒྱས་སུ་གཏོང་བའི་ཚན་རྩལ་གསར་བསྐྲུན་མ་དངུལ་ཇེ་མང་དུ་གཏོང་དགོས། ཚོད་འཛིན་དབྱེ་མཚམས་གཏོར་ནས། ཕན་འབྲས་ལྡན་པའི་ངང་ཐོན་ཁུངས་ཧྲིལ་སྒྲིག་བྱེད་པ་དང་། སྟོབས་ཤུགས་མཉམ་འདོན་གྱིས་གསར་བསྐྲུན་བྱེད་པའི་ནང་རྐྱེན་འཛུགས་པ། ཞིང་ལས་ཚན་རྩལ་ཞིབ་འཇུག་ལས་གཞི་འགོད་པའི་ནང་རྐྱེན་དང་ཞིང་ལས་ཚན་རྩལ་ཞིབ་འཇུག་དཔྱད་འཇོག་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས། ཚན་རིག་ཞིབ་འཇུག་ཁང་བཅོས་སྒྱུར་གཏིང་ཟབ་མོ་བྱེད་པ། ཧུར་ཐག་སྒོས་ཚན་རིག་ཞིབ་འཇུག་མི་སྣར་ཞིབ་འཇུག་ལས་དོན་སྤེལ་བར་སྔར་ལས་རང་འདོད་རང་མོས་དང་། སྔར་ལས་ལྷོད་ཡངས་ཀྱི་གསར་སྐྲུན་ཁོར་ཡུག་ཞིག་བསྐྲུན་དགོས། དེང་རབས་ཞིང་ལས་ཐོན་ལས་ལག་རྩལ་མ་ལག་འཛུགས་སྐྲུན་ཤུགས་ཆེན་པོས་སྤེལ་ནས། དེའི་ལག་རྩལ་གསར་བསྐྲུན་དང་དཔེ་སྟོན་སྐུལ་ཁྲིད་ཀྱི་ནུས་པ་འདོན་དུ་འཇུག་དགོས། ཞིང་ལས་ཁོངས་གཏོགས་ཀྱི་རྒྱལ་ཁབ་ཀྱི་གནད་ཆེ་སའི་ཚོད་ལྟ་ཁང་དང་། རྒྱལ་ཁབ་བཟོ་སྐྲུན་ལག་རྩལ་ལྟེ་གནས། སྡེ་ཁག་གིས་ཕྱེ་བའི་ཚོད་ལྟ་ཁང་དང་ཚོད་ལྟ་རྟེན་གཞི་སོགས་སྤྱི་པའི་རང་བཞིན་ལྡན་པའི་གསར་བསྐྲུན་བྱ་ཡུལ་འཛུགས་སྐྲུན་ཤུགས་སྣོན་བྱེད་དགོས། རྒྱལ་ཁབ་ཀྱི་གནད་ཆེ་སའི་ཤེས་ལྡན་མི་སྣའི་བཟོ་སྐྲུན་ནི་ཞིང་ལས་ཁྱབ་ཁོངས་སུ་ཕྱོགས་ལྷོང་བྱེད་དགོས་པ་དང་། མུ་མཐུད་དུ་གསར་བསྐྲུན་ཤེས་ལྡན་མི་སྣ་སྐྱེད་སྲིང་འཆར་གཞི་དང་ཞིང་ལས་ཚན་རྩལ་ཞིབ་འཇུག་གི་ཕུལ་བྱུང་ཤེས་ལྡན་མི་སྣ་སྐྱེད་སྲིང་འཆར་གཞི་ལག་ལེན་བྱས་ནས། ཞིང་ལས་ཚན་རྩལ་སྣེ་ཁྲིད་མི་སྣ་དང་གསར་བསྐྲུན་དཔུང་སྡེ་སྐྱེད་སྲིང་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས། །  

 རྡོ་འབུམ་དཔེ་འཕྲིན།  ནང་རིག་གཏེར་མཛོད། མཆོད་མེ་རྩོམ་རིག་དྲ་བ།   གེ་སར་ཞིབ་འཇུག  ན་གཞོན་གསར་བ།

Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060