སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
   མདུན་ཤོག    འཕྲིན་གསར།    གསུང་རབ།     བོད་སྐད་ཡིག      རྩོམ་རིག      སློབ་གསོ།    ཆོས་ལུགས།    གསོ་རིག    ལོ་རྒྱུས།     སྒྱུ་རྩལ།     དམངས་སྲོལ།    སྐར་རྩིས།    མཚན་ཉིད་རིག་པ།     དཔལ་འབྱོར།
   སྲིད་ཁྲིམས།     ས་རྒྱུས།     སྐྱེ་ཁམས།     ཞིང་ཕྱུགས།     ཕྱི་སྐད་སློབ་དེབ།    དཔྱད་རྩོམ།     ཚིག་མཛོད།     དུས་དེབ་དང་ཚགས་པར།     རྩོམ་པ་པོ།    དཔེ་མཛོད་ཁང་།     པར་སྐྲུན་ཁང་།     གཞན་དག
 
ཏུའུ་ལན་རྫོང་གིས་དཔལ་འབྱོར་འཁོར་སྐྱོད་འདུ་ཤེས་ལ་བརྟེན་ནས་འདྲེ་ཚེར་མའི་ཐོན་ལས་འཕེལ་རྒྱས་ལ་ཡར་སྐུལ་བྱས་པ།
སྤེལ་དུས། 2013-12-04   ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ།  འབྲུག་མོས་བསྒྲིགས།

ཉེ་བའི་ལོ་འགའི་ནང་། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་ཞིང་ལས་བཟོ་བཀོད་གཙོ་བོ་ཡིན་པའི་འདྲེ་ཚེར་མའི་ཐོན་ལས་དེ་ཏུའུ་ལན་རྫོང་ནས་ཐོག་མའི་གཞི་ཁྱོན་ཆགས་པ་དང་། གསར་དར་ཐོན་ལས་དེའི་ཏུའུ་ལན་རྫོང་ཁོངས་ཀྱི་དཔལ་འབྱོར་སྒྲིག་གཞི་སྙོམས་སྒྲིག་བྱེད་པ་ཡར་སྐུལ་བྱས་ཐེབས་ཏེ། དེང་རབས་ཞིང་ཕྱུགས་ལས་ལ་ཡར་སྐུལ་བྱེད་པ་དང་། སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་བྱེད་པ། མཁར་གྲོང་ལས་ཞུགས་ཀྱི་ཚད་ཇེ་ཆེར་གཏོང་བ། རོང་འབྲོག་པའི་ཡོང་སྒོ་འཕར་སྣོན་བྱེད་པ། ཕྱི་ཕྱོགས་ལ་སྒོ་འབྱེད་པའི་ཆུ་ཚད་ཇེ་མཐོར་གཏོང་བ་སོགས་ཀྱི་ཐད་ལ་ཧུར་ཐག་གི་སྣེ་ཁྲིད་པའི་བྱེད་ནུས་ཐོན། ༢༠༡༠ལོའི་བར་དུ་རྫོང་ཡོངས་ཀྱི་འདྲེ་ཚེར་མ་འདེབས་འཛུགས་བྱེད་པའི་སྤྱིའི་རྒྱ་ཁྱོན་མུའུ་འབུམ་གཅིག་དང་ཁྲི་གཉིས་སྟོང་གསུམ་དང་ཉིས་བརྒྱར་བསླེབས་ཡོད་པ་དང་། ཁུལ་ཡོངས་ཀྱི་འདྲེ་ཚེར་མ་འདེབས་འཛུགས་བྱེད་པའི་སྤྱིའི་རྒྱ་ཁྱོན་གྱི་བརྒྱ་ཆའི་ང་བཞི་དང་གྲངས་ཆུང་ལྔ་ལ་བསླེབས་ཡོད་པ་དང་། དེའི་ནང་རྫོང་ལ་གཏོགས་པའི་འདྲེ་ཚེར་མ་འདེབས་འཛུགས་བྱེད་པའི་རྒྱ་ཁྱོན་མུའུ་ཁྲི་དྲུག་དང་སྟོང་དགུ་བརྒྱད་བརྒྱ་ཡིན་ལ། ནོ་མུའུ་ཧོང་ཞིང་རའི་འདྲེ་ཚེར་མ་འདེབས་འཛུགས་བྱེད་པའི་རྒྱ་ཁྱོན་མུའུ་ཁྲི་ལྔ་དང་སྟོང་བཞི་ཡིན་པ་དང་། འབྲས་བུ་བསྡུ་ཆོག་པའི་འདྲེ་ཚེར་མ་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི་ལྔ་ལ་བསླེབས་ཡོད་ཅིང་། ལོ་རེར་སིལ་སྐམ་ཏུན་སྟོང་བརྒྱད་བསྡུ་ཐུབ་པ་དང་། ༢༠༡༠ལོར་སིལ་སྐམ་སྤྱི་རྒྱ་གཅིག་ལ་སྒོར་ལྔ་བཅུའི་ཡས་མས་ཡིན་པ་དང་། སྤྱིའི་ཐོན་རིན་སྒོར་དུང་ཕྱུར་བཞི་ལ་བསླེབས་ཡོད་པ་དང་། འདྲེ་ཚེར་མ་རྐྱང་བ་འདེབས་པའི་ས་གནས་ཞིང་པའི་མི་རེའི་ཆ་སྙོམས་ཡོང་སྒོ་སྒོར་སྟོང་གཉིས་ཡན་ལ་བསླེབས་ཡོད།
    
ཏུའུ་ལན་རྫོང་ཁོངས་ཀྱི་ནོ་མུའུ་ཧོང་ས་ཁུལ་གྱིས་ཉི་འོད་ཐོན་ཁུངས་ཧ་ཅང་བཟང་ལ། ཞིང་ས་དང་ཞིང་ཆུའི་ནང་དུ་གཏེར་རྫས་ཀྱི་རྒྱུ་མང་པོ་འདུས་ཡོད་པས། འདེབས་འཛུགས་ཀྱི་ཁོར་ཡུག་ལ་བཙོག་བཟོ་མེད་པ་དང་། ས་གནས་ཀྱིས་ཐོན་སྐྱེད་བྱས་པའི་འདྲེ་ཚེར་མའི་འབྲུ་རྡོག་ཆེ་བ་དང་། ནང་སྙིང་བཟང་བ། ཁ་དོག་ཡག་པ། ཆེ་ཆུང་ཆ་སྙོམས་པ། རོ་བཟང་བ་བཅས་ཀྱི་ཁྱད་ཆོས་ལྡན། ཀྲུང་གོ་ཚན་རིག་ཞིབ་འཇུག་གླིང་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་ཁང་གི་ཚད་འཇལ་བྱས་པ་ལྟར་ན། ཚྭ་འདམ་གཞོང་གི་འདྲེ་ཚེར་མའི་མངར་ཆའི་འདུས་ཚད་བརྒྱ་ཆའི་ལྔ་བཅུའི་ཡན་ལ་བསླེབས་ཡོད་པ་དང་། ཉིན་ཞ་ཡི་འདྲེ་ཚེར་མ་དང་བསྡུར་ན་བརྒྱ་ཆའི་བཅུ་ཡི་མཐོ་ལ། འདྲེ་ཚེར་མའི་འདྲེས་འགྱུར་རྫས་ཧོང་ཐུང་དང་འདྲེ་ཚེར་མའི་མངར་ཆའི་འདུས་ཚད་ཡང་བརྒྱ་ཆའི་ལྔ་བཅུའི་ཡན་ལ་བསླེབས་ཡོད། མིག་སྔར། ཚྭ་འདམ་གཞོང་གི་འདྲེ་ཚེར་མ་དེ་ཨོ་གླིང་དང་མེ་གླིང་། འཇར་པན། ཧན་གོ་སོགས་རྒྱལ་སྤྱིའི་ཚོང་རར་ཐོན་ཡོད་པས། ཅུང་བརྟན་འཇགས་ཀྱི་ཚོང་ལས་འབྲེལ་ལམ་དང་དྲ་རྒྱ་ཚུགས། དཔལ་འབྱོར་ཕན་འབྲས་བཟང་བ་དེས་འདྲེ་ཚེར་མའི་ཐོན་ལས་འཕེལ་རྒྱས་སུ་འགྲོ་བར་རྨང་གཞི་བརྟན་པོ་བཏིང་། འདྲེ་ཚེར་མ་འདེབས་འཛུགས་བྱེད་པའི་དཔལ་འབྱོར་ཕན་འབྲས་བཟང་བས་ཞིང་བས་ཧུར་བརྩོན་རང་བཞིན་ལ་སྐུལ་སློང་བྱས་པ་དང་། འདྲེ་ཚེར་མ་ཐོན་ལས་ཅན་གྱི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་འདིང་བར་ཡར་སྐུལ་བྱས། འདྲེ་ཚེར་མའི་ཐོན་ལས་ཇེ་རྒྱས་དང་ཇེ་ལེགས་སུ་གཏོང་བའི་ཞིང་ལས་འཕེལ་རྒྱས་ཀྱི་བསམ་ཕྱོགས་ལྟར། ཏུའུ་ལན་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིསབརྟན་བརླིང་ལ་ཡར་སྐུལ་བྱེད་པ་དང་སྤུས་ལེགས་ཐོན་རྫས་ཇེ་ལེགས་སུ་གཏོང་བ། ཕྱོགས་ཡོངས་ནས་ཚད་ལྡན་ཅན་གྱི་ཐོན་སྐྱེད་ལ་ཡར་སྐུལ་བྱེད་པབཅས་འཕེལ་རྒྱས་ཀྱི་རེ་བ་བཏོན་པ་དང་། སྐྱེ་ཁམས་ཞིང་ལས་ཇི་ལྟར་བཟང་བོར་བསྒྲུབ་དགོས་པ་དང་། འཁོར་སྐྱོད་ཞིང་ལས་དང་ཞིང་ལས་ཀྱི་དཔལ་འབྱོར་ཕན་འབྲས་ཇེ་མཐོར་གཏོང་བའི་ཐད་ལ་འོས་འཚམ་ཅན་གྱི་རང་སྟེང་གི་འཕེལ་རྒྱས་ལམ་བུ་ཞིག་འཚོལ་དགོས་པ་དང་། འཁོར་སྐྱོད་དཔལ་འབྱོར་གྱི་བསམ་གཞིགས་ཀྱིས་ཐོན་རྫས་སྣ་མང་ཅན་གྱི་ཕན་འབྲས་ཆེས་བཟང་བོར་བསྒྱུར་བ་མངོན་འགྱུར་བྱེད་དགོས། ༢༠༠༦ལོར་ཉིན་ཞ་ནས་འདྲེ་ཚེར་མ་འདེབས་མགོ་བརྩམས་རྗེས། ཏུའུ་ལན་རྫོང་གིས་ཙོང་རྒྱ་གྲོང་རྡལ་དང་ཤིང་སྡེའི་ས་ཁུལ་ཁ་ཤས་སུ་འདྲེ་ཚེར་མ་ཚོད་ལྟ་བྱས་ནས་བཏབ་པ་ལེགས་འགྲུབ་བྱུང་བ་དང་། ༢༠༠༨ལོར་ཧུར་ཐག་གིས་ཁ་གསབ་རོགས་རམ་གྱི་ལས་གཞི་བརྩོན་ལེན་བྱས་ཏེ། ཚ་སུའུ་དང་ཤར་ཝ། ཤིང་སྡེ། ཤིང་རྒྱ། པ་ལུང་། ཙོང་རྒྱ་བཅས་ཞང་གྲོང་དྲུག་གི་རྒྱ་ཁྱོན་ཆེས་ཆེ་བའི་གནས་སུ་ཁྱབ་རྡལ་དུ་འདྲེ་ཚེར་མ་བཙུགས། ཞིང་ལས་འཁོར་སྐྱོད་ཐོན་ལས་དྲ་བ་དང་། ཀུང་ཟི་དང་རྟེན་གཞི། ཞིང་བ་ཁྱིམ་ཚང་གི་ཐོན་ལས་ཅན་གྱི་བདག་གཉེར་བྱེད་སྟངས་གསར་ཏུ་བཙུགས་པ་བརྒྱུད་ནས། ས་ཁོངས་ཅན་གྱི་བཀོད་སྒྲིག་བྱེད་སྟངས་དང་སྣ་མང་ཅན་གྱི་ཐོན་སྐྱེད། གཞི་ཁྱོན་ཅན་གྱི་དོ་དམ། ལེགས་བསྡུས་ཞིབ་གཉེར་ཅན་གྱི་བདག་གཉེར་དང་སྤྱི་ཚོགས་ཅན་གྱི་ཞབས་ཞུ་བཅས་མངོན་འགྱུར་བྱས།  

 རྡོ་འབུམ་དཔེ་འཕྲིན།  ནང་རིག་གཏེར་མཛོད། མཆོད་མེ་རྩོམ་རིག་དྲ་བ།   གེ་སར་ཞིབ་འཇུག  ན་གཞོན་གསར་བ།

Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060