སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
   མདུན་ཤོག    འཕྲིན་གསར།    གསུང་རབ།     བོད་སྐད་ཡིག      རྩོམ་རིག      སློབ་གསོ།    ཆོས་ལུགས།    གསོ་རིག    ལོ་རྒྱུས།     སྒྱུ་རྩལ།     དམངས་སྲོལ།    སྐར་རྩིས།    མཚན་ཉིད་རིག་པ།     དཔལ་འབྱོར།
   སྲིད་ཁྲིམས།     ས་རྒྱུས།     སྐྱེ་ཁམས།     ཞིང་ཕྱུགས།     ཕྱི་སྐད་སློབ་དེབ།    དཔྱད་རྩོམ།     ཚིག་མཛོད།     དུས་དེབ་དང་ཚགས་པར།     རྩོམ་པ་པོ།    དཔེ་མཛོད་ཁང་།     པར་སྐྲུན་ཁང་།     གཞན་དག
 
《བོད་ཀྱི་ཤེས་རིག་ཞིབ་འཇུག་ཆེད་རྩོམ་བདམ་བསྒྲིགས།》
སྤེལ་དུས། 2010-08-05   ཡོང་ཁུངས། 《ཀྲུང་གོའི་བོད་རིག་པའི་དཔེ་ཆའི་དཀར་ཆག》   རྩོམ་པ་པོ།  བདེ་ལྷ་མོས་བསྒྲིགས།

ལོ་རྒྱུས་སྐོར། ཚེ་བརྟན་ཞབས་དྲུང་སོགས་ཀྱིས་བརྩམས། པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། ༡༩༩༠.༣ དེབ་འདིའི་ནང་དུ་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་མཛད་པའི་བོད་ཀྱི་བཙན་པོའི་གདུང་རབས་ཀྱི་ལོ་ཚིགས་འགའ་ཞིགཅེས་པ་དང་། དོན་གྲུབ་རྒྱལ་གྱིས་བརྩམས་པའི་གནའ་རབས་བོད་ཀྱི་སྲིད་འཛིན་ས་ཁུལ་དང་དཔོན་རིགས་ཀྱི་ལམ་ལུགས་རོབ་ཙམ་བཤད་པ་བུང་བ་གཞོན་ནུའི་གླུ་དབྱངས་ཞེས་པ་སོགས་ཆེད་རྩོམ་བཅོ་བརྒྱད་གཅེས་བསྡུས་བྱས་ཡོད། བོད་ཀྱི་ཤེས་རིག་ཞིབ་འཇུག་ཆེད་རྩོམ་བདམ་བསྒྲིགས། ཆོས་ལུགས་སྐོར། པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་མཚན་སོགས་ཀྱིས་བརྩམས། པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། ༡༩༩༡.༡༡ དེབ་འདིའི་ནང་དུ་པཎ་ཆེན་རིན་པོ་ཆེ་མཆོག་ནས་མཛད་པའི་བཀྲ་ཤིས་ལྷུན་པོར་སྤྱི་ཚོགས་རིང་ལུགས་ཀྱི་མཐུན་རྐྱེན་གཞིར་བཟུང་གིས་དགོན་པར་བདག་གཉེར་བྱེད་སྟངས་ཚོད་ལྟ་བྱས་པའི་སྐོར་གྱི་ཕྱོགས་བསྡོམས།ཞེས་པ་དང་། མཁས་དབང་འབྲོག་མི་བྱམས་པ་བློ་གྲོས་མཆོག་ནས་མཛད་པའི་གདན་ས་ཆེན་པོ་སེ་འབྲས་དགའ་གསུམ་དང་། གསང་ཆེན་རྒྱུད་གྲྭ་རྣམ་གཉིས་ཀྱི་བྱུང་བ་མདོ་ཙམ་བརྗོད་པ།ཞེས་པ། མཁས་དབང་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་མཆོག་ནས་མཛད་པའི་བོད་རིགས་ཀྱི་ལྷ་གསོལ་བསང་གཏོང་གི་ཡུལ་གོམས་སྐོར་ཅུང་ཟད་གླེང་བ།ཞེས་པ། མཁས་དབང་ཐུབ་བསྟན་ཉི་མ་མཆོག་ནས་མཛད་པའི་ཐིག་དགུའི་རྣམ་གཞག་མདོར་བསྡུས།ཞེས་པ་སོགས་ཆེད་རྩོམ་ཉི་ཤུ་རྩ་བཞི་གཅེས་བསྡུས་བྱས་ཡོད། བོད་ཀྱི་ཤེས་རིག་དཔྱད་རྩོམ་ཕྱོགས་བསྒྲིགས་བློ་གསལ་བུང་བ་འདྲེན་པའི་དཔྱིད་ཀྱི་ཕོ་ཉ་ཞེས་བྱ་བ།དང་པོ    ཧྲའོ་ཧྲིའི་དཔྱད་རྩོམ་འདེམ་བསྒྲིགས། སྒྲོལ་མ་ཐར་སོགས་ཀྱིས་བརྩམས། པེ་ཅིན། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༡.༥ དེབ་འདི་ནི་ཉེ་ལོར་རང་རྒྱལ་གྱིས་སྐྱེད་བསྲིང་བྱས་པའི་བོད་རིགས་ཀྱི་ཧྲའོ་ཧྲིའི་ཞིབ་འཇུག་སློབ་མའི་བོད་ཡིག་གིས་བྲིས་པའི་བོད་རིག་པའི་སློབ་ཐོན་དཔྱད་རྩོམ་ཕྱོགས་བསྒྲིགས་བྱས་པ་ཡིན་ཞིང་། དཔྱད་ཡུལ་ཁྱབ་ཆེ་བ་དང་། དཔྱད་ཐབས་སྲོལ་གསར་ཡིན་པའི་དེབ་འདིའི་ནང་དུ་བོད་ཀྱི་གནའ་རབས་རྩོམ་རིག་ལས་མཚོན་པའི་སྡིག་སྤོང་དགེ་སྒྲུབ་ཀྱི་བསམ་བློ་ལ་ཅུང་ཟད་དཔྱད་པ་ཞེས་པ་དང་། སྙན་ངག་གི་དོགས་གཅོད་ཐེ་ཚོམ་དྲ་བ་གཅོད་པའི་རལ་གྲི།》《བོད་རིགས་རྩོམ་པ་པོའི་རིག་རྩོམ་ལུས་ཀྱི་རྣམ་པའི་རབ་ དབྱེར་རགས་ཙམ་དཔྱད་པ།》《བོད་ཀྱི་གཏན་ཚིག་རིག་པའི་འཇུག་སྒོ་ བཅས་བསྡུས་ཡོད།བོད་ཀྱི་ཤེས་རིག་དཔྱད་རྩོམ་ཕྱོགས་བསྒྲིགས་བློ་གསལ་བུང་བ་འདྲེན་པའི་དཔྱིད་ཀྱི་ཕོ་ཉ་ཞེས་བྱ་བ།གཉིས་པ   ཧྲའོ་ཧྲིའི་དཔྱད་རྩོམ་འདེམ་བསྒྲིགས། བློ་བཟང་བློ་གྲོས་སོགས་ཀྱིས་བརྩམས། པེ་ཅིན། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༡.༥ དེབ་འདིའི་ནང་དུ་སྒྲ་རིག་པའི་བསྟན་བཅོས་དང་བོད་ཀྱི་བརྡ་སྤྲོད་རིག་པའི་བར་གྱི་འབྲེལ་བའི་སྐོར་བཤད་པ་དང་། བོད་ཀྱི་གནའ་རབས་སྒྲུང་གཏམ་ལ་སཾ་སྐྲི་ཏའི་སྐད་ཀྱི་རྩོམ་རིག་གི་ཤན་ཞུགས་པ་བརྗོད་པ།》《བོད་ཀྱི་གབ་ཚིག་གི་བྱུང་འཕེལ་དང་ཁྱད་ཆོས་མདོ་ཙམ་བྱུང་བ་དང་འཕེལ་རིམ་སྐོར་གྱི་ཐོག་མའི་དཔྱད་པ།》《རྒྱ་གར་གྱི་རིག་བྱེད་གཏམ་རྒྱུད་དང་བོད་ཀྱི་སྙན་ངག་གི་འབྲེལ་བབཅས་བསྡུས་ཡོད། ཀྲུང་གོའི་བོད་ལྗོངས། ཀྲུང་ཙང་ཝུན་གྱིས་བརྩམས། པེ་ཅིན། གླིང་ལྔ་ཁྱབ་སྤེལ་དཔེ་སྐྲུན་ཁང་།

བོད་ཀྱི་ཤེས་རིག་དཔྱད་རྩོམ་ཕྱོགས་བསྒྲིགས་བློ་གསལ་བུང་བ་འདྲེན་པའི་དཔྱིད་ཀྱི་ཕོ་ཉ་ཞེས་བྱ་བ། གསུམ་པ  ཧྲའོ་ཧྲིའི་དཔྱད་རྩོམ་འདེམ་བསྒྲིགས། དཔལ་རྒྱལ་མཁར་སོགས་ཀྱིས་བརྩམས། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གིས་བསྒྲིགས། པེ་ཅིན། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། དཔེ་དེབ་འདིའི་ནང་ལ་བྱ་བཏང་ཆེན་པོ་ཞབས་དཀར་ཚོགས་དྲུག་རང་གྲོལ་བའི་ཕྱག་རྩོམ་གྱི་ཆེ་བ་བརྗོད་པ་བཞད་པའི་མེ་ཏོག་ཅེས་བྱ་བ།》《མཁས་དབང་དགེ་འདུན་ཆོས་འཕེལ་དང་ཁོང་གིས་སྙན་རྩོམ་བཤད་པ་ལྷག་བསམ་འོ་མའི་རྫིང་བུ།》《བོད་ཀྱི་གནའ་རབས་རྩོམ་རིག་གི་རིགས་དང་ལུས་ཀྱི་རྣམ་གྲངས་ལ་ཆེ་ལོང་ཙམ་དཔྱད་པ།》《རྟགས་རིགས་ཀྱི་རྩ་བའི་ཆོས་ཉིད་རོབ་ཙམ་དཔྱད་པ་བློ་གསར་ཡིད་ཀྱི་དགའ་སྟོན།》《བོད་ཀྱི་སྒྱུ་རྩལ་རྩོམ་རིག་ལ་ཐུབ་པའི་སྐྱེས་རབས་ཀྱི་ཤན་ཞུགས་ཚུལ་གླེང་བ་མཁས་པའི་ལེགས་བཤད་འདྲེན་པའི་དར་དཀར་རིང་མོ》《བོད་རིགས་དམངས་ཁྲོད་གཏམ་རྒྱུད་ཀྱི་བྱུང་འཕེལ་དང་དེའི་ཆོས་ལུགས་ཀྱི་ལྟ་བའི་སྐོར་ལ་དཔྱད་པ》《ལེགས་སྦྱར་བརྡ་སྤྲོད་གཞུང་ལ་རགས་ཙམ་དཔྱད་པ་བདུད་རྩིའི་གཟེགས་མ》《ལྷ་སྒྲུང་དང་རྩོམ་རིག་བར་གྱི་འབྲེལ་བ་བཤད་པབཅས་དཔྱད་རྩོམ་ཕྱོགས་བསྒྲིགས་བྱས་ཡོད།

 རྡོ་འབུམ་དཔེ་འཕྲིན།  ནང་རིག་གཏེར་མཛོད། མཆོད་མེ་རྩོམ་རིག་དྲ་བ།   གེ་སར་ཞིབ་འཇུག  ན་གཞོན་གསར་བ།

Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060