སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
   མདུན་ཤོག    འཕྲིན་གསར།    གསུང་རབ།     བོད་སྐད་ཡིག      རྩོམ་རིག      སློབ་གསོ།    ཆོས་ལུགས།    གསོ་རིག    ལོ་རྒྱུས།     སྒྱུ་རྩལ།     དམངས་སྲོལ།    སྐར་རྩིས།    མཚན་ཉིད་རིག་པ།     དཔལ་འབྱོར།
   སྲིད་ཁྲིམས།     ས་རྒྱུས།     སྐྱེ་ཁམས།     ཞིང་ཕྱུགས།     ཕྱི་སྐད་སློབ་དེབ།    དཔྱད་རྩོམ།     ཚིག་མཛོད།     དུས་དེབ་དང་ཚགས་པར།     རྩོམ་པ་པོ།    དཔེ་མཛོད་ཁང་།     པར་སྐྲུན་ཁང་།     གཞན་དག
 
༼མཚོ་སྔོན་ཞིང་ཆེན་གྱི་བོད་སྨན་འདུལ་ཐབས་ཀྱི་ཚད་གཞི༽བོད་ཡིག་པར་གཞི་པར་བསྐྲུན་འགྲེམ་སྤེལ་བྱས།
སྤེལ་དུས། 2012-09-27   ཡོང་ཁུངས། མཚོ་སྔོན་པོ་དྲ་བ།   རྩོམ་པ་པོ།  ཟོན་ཐར་གྱིས་བསྒྲིགས།

   ཉེ་ཆར༼མཚོ་སྔོན་ཞིང་ཆེན་གྱི་བོད་སྨན་འདུལ་ཐབས་ཀྱི་ཚད་གཞི༽(2010ལོའི)བོད་ཡིག་པར་གཞི་དེ་མཚོ་སྔོན་ཞིང་ཆེན་ཟས་རིགས་དང་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་འབྲེལ་ཡོད་ཀྱི་ཆེད་མཁས་པ་རྣམས་རྩ་འཛུགས་བྱས་ཏེ་ལོ་གཉིས་ཀྱི་རིང་དུ་བསྒྱུར་སྒྲིག་བྱས་ཚར་ནས། མཚོ་སྔོན་ཞིང་ཆེན་མི་རིགས་དཔེ་སྐྲུན་ཁང་གིས་པར་བསྐྲུན་འགྲེམ་སྤེལ་བྱས། ༼བོད་སྨན་འདུལ་ཐབས་ཀྱི་ཚད་གཞི༽ནི་མཚོ་སྔོན་ཞིང་ཆེན་གྱི་ས་གནས་རང་བཞིན་གྱི་བོད་སྨན་ཐོན་སྐྱེད་ཁེ་ལས་དང་མི་རིགས་སྨན་བཅོས་སྡེ་ཁག་གི་བོད་སྨན་འདུལ་ཐབས་ཀྱི་ཚད་གཞི་ཐོག་མ་ཡིན་ཞིང་། འདུལ་སྦྱོང་བྱས་པའི་སྨན་རྫས་ཀྱི་རྒྱུ་སྤུས་ཁག་ཐེག་དང་། སྤྱི་དམངས་ཀྱིས་བདེ་འཇགས་ཀྱིས་སྨན་བསྟེན་པར་འགན་སྲུང་བྱས་ཏེ་མཚོ་སྔོན་ཞིང་ཆེན་གྱི་བོད་ཀྱི་གསོ་རིག་ལས་དོན་གོ་རིམ་ལྡན་ཞིང་བདེ་བླག་ངང་གོང་དུ་སྤེལ་བར་ནུས་པ་ཆེན་པོ་ཐོན་པ་རེད།
 ༼བོད་སྨན་འདུལ་ཐབས་ཀྱི་ཚད་གཞི༽ཞེས་པའི་ནང་དུ་སྲོག་ཆགས་ཀྱི་རིགས་དང་། རྩི་ཤིང་གི་རིགས། གཏེར་རྫས་རིགས་ཀྱི་འདུལ་བྱའི་སྨན་སྣ244བསྡུ་ཉར་བྱས་ཡོད་ཅིང་། དཀྱུས་སུ་བོད་རྒྱ་ཡིག་རིགས་གཉིས་ཀྱི་མིང་དང་། འབྱུང་ཁུངས། འདུལ་ཐབས། རྣམ་པ། ཕན་ནུས། བསྟེན་ཚུལ་སོགས་བཀོད་འདུག  དེར་མ་ཟད་མཚོ་སྔོན་གྱི་ས་གནས་རང་ནས་ཐོན་པ་དང་ཐོན་སྐྱེད་བྱེད་བཞིན་པའི་སྨན་ཟོང་ལས་འདུལ་སྦྱོང་བྱས་པའི་སྨན་རྫས་ཀྱི་ཚོན་རིས་རིགས36བསྡུ་ཉར་བྱས་ཡོད་ལ། ༼བོད་སྨན་འདུལ་ཐབས་ཀྱི་ཚད་གཞི༽ནི་མཚོ་སྔོན་ཞིང་ཆེན་གྱི་འདུལ་སྦྱོང་བྱ་བའི་བོད་སྨན་ཐོན་སྐྱེད་དང་། འཁོར་རྒྱུག  བཀོལ་སྤྱོད། ཞིབ་བཤེར། ལྟ་སྐུལ་དོ་དམ་བྱེད་པའི་ཁྲིམས་བཀོད་ལག་རྩལ་གྱི་ཚད་གཞི་ཞིག་ཡིན་པ་རེད།

 རྡོ་འབུམ་དཔེ་འཕྲིན།  ནང་རིག་གཏེར་མཛོད། མཆོད་མེ་རྩོམ་རིག་དྲ་བ།   གེ་སར་ཞིབ་འཇུག  ན་གཞོན་གསར་བ།

Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060