སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
   མདུན་ཤོག    འཕྲིན་གསར།    གསུང་རབ།     བོད་སྐད་ཡིག      རྩོམ་རིག      སློབ་གསོ།    ཆོས་ལུགས།    གསོ་རིག    ལོ་རྒྱུས།     སྒྱུ་རྩལ།     དམངས་སྲོལ།    སྐར་རྩིས།    མཚན་ཉིད་རིག་པ།     དཔལ་འབྱོར།
   སྲིད་ཁྲིམས།     ས་རྒྱུས།     སྐྱེ་ཁམས།     ཞིང་ཕྱུགས།     ཕྱི་སྐད་སློབ་དེབ།    དཔྱད་རྩོམ།     ཚིག་མཛོད།     དུས་དེབ་དང་ཚགས་པར།     རྩོམ་པ་པོ།    དཔེ་མཛོད་ཁང་།     པར་སྐྲུན་ཁང་།     གཞན་དག
 
རྒྱ་བོད་ཤན་སྦྱར༼མཚོ་སྔོན་ལྟ་སྐོར༽ས་ཁྲ་ཚོང་རར་བཀྲམ་པ།
སྤེལ་དུས། 2012-10-26   ཡོང་ཁུངས། ཞིན་ཧྭའི་དྲ་བ།   རྩོམ་པ་པོ།  ཟོན་ཐར་གྱིས་བསྒྲིགས།

 ཟླ10པའི་ཚེས10ཉིན།ཞིང་ཆེན་ཐིག་རིས་དང་ས་གཤིས་ཆ་འཕྲིན་ཅུས་ཀྱིས་ཇུས་འགོད་རྩོམ་སྒྲིག་དང་། ཞི་ཨན་ས་ཁྲ་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་ཞིང་ཆེན་ཡོངས་ཀྱི་རྒྱ་བོད་ཤན་སྦྱར་གྱི༼མཚོ་སྔོན་ལྟ་སྐོར༽ས་ཁྲ་ཨང་དང་པོ་ཚོང་རར་བཀྲམ།རྒྱ་བོད་ཤན་སྦྱར་གྱི༼མཚོ་སྔོན་ལྟ་སྐོར༽ས་ཁྲའི་ནང་བོད་རྒྱ་ཡིག་རིགས་གཉིས་ཀྱིས་མཚོ་སྔོན་ཞིང་ཆེན་གྱི་གནས་སྐོར་ཐོན་ཁུངས་ཁྱབ་ཚུལ་དང་གནས་སྐོར་ཐོན་ལས་འཕེལ་རྒྱས་གནས་ཚུལ་ཆ་ཚང་དུ་ངོ་སྤྲོད་བྱས་ཡོད། དེར་གཙོ་བོ་མཚོ་སྔོན་ཞིང་ཆེན་གྱི་གནད་ཆེའི་གནས་སྐོར་ལམ་ཐག་དང་མཛེས་ལྗོངས་ཁུལ་ཡོད་ས།མཛེས་ལྗོངས་ཀྱི་འགྲིམ་འགྲུལ་དང་སྡོད་ཁང་།ཚོང་ཁང་།རོལ་རྩེད།ས་གནས་ཀྱི་དམངས་སྲོལ་རིགས་གནས་ཁྱད་ཆོས།ས་གནས་ཀྱི་གནས་སྐོར་ཐོན་རྫས་ཀྱི་ཁྱད་ཆོས་སོགས་འདུས་ཡོད། དུས་མཉམ་དུ༼མཚོ་སྔོན་ལྟ་སྐོར༽ནང་ད་དུང་ལྕགས་ལམ་དང་གཞུང་ལམ་འགྲིམ་འགྲུལ་གྱི་ཆ་འཕྲིན་དང་། དམངས་སྤྱོད་མཁའ་འགྲུལ་ཕྱོགས་ཀྱི་ཆ་འཕྲིན།སྨན་ཁང་གི་མྱུར་སྐྱོབ་ཁ་པར།གནས་སྐོར་བཅར་འདྲི་ཁ་པར།མགྲོན་ཁང་དང་ཟ་ཁང་ཁ་ཤས་ཀྱི་ཁ་པར་སོགས་འཐུས་ཚང་དུ་བཏང་བ་དང་། པར་ངོས་ཇུས་འགོད་ཐོག་མི་གཤིས་ཅན་གྱི་ཞབས་ཞུ་མཚོན་པས།གནས་སྐོར་པས་འཁྱེར་བདེ་བ་དང་བཀོལ་བདེ་བ་ཞིག་ཡིན།

 རྡོ་འབུམ་དཔེ་འཕྲིན།  ནང་རིག་གཏེར་མཛོད། མཆོད་མེ་རྩོམ་རིག་དྲ་བ།   གེ་སར་ཞིབ་འཇུག  ན་གཞོན་གསར་བ།

Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060