སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
   མདུན་ཤོག    འཕྲིན་གསར།    གསུང་རབ།     བོད་སྐད་ཡིག      རྩོམ་རིག      སློབ་གསོ།    ཆོས་ལུགས།    གསོ་རིག    ལོ་རྒྱུས།     སྒྱུ་རྩལ།     དམངས་སྲོལ།    སྐར་རྩིས།    མཚན་ཉིད་རིག་པ།     དཔལ་འབྱོར།
   སྲིད་ཁྲིམས།     ས་རྒྱུས།     སྐྱེ་ཁམས།     ཞིང་ཕྱུགས།     ཕྱི་སྐད་སློབ་དེབ།    དཔྱད་རྩོམ།     ཚིག་མཛོད།     དུས་དེབ་དང་ཚགས་པར།     རྩོམ་པ་པོ།    དཔེ་མཛོད་ཁང་།     པར་སྐྲུན་ཁང་།     གཞན་དག
 
ལོ་ལྔ་ཚན་བཅུ་གཉིས་པའི་མི་རིགས་གྲངས་ཉུང་གི་སྐད་ཡིག་པར་སྐྲུན་སྐོར་གྱི་འཆར་འགོད་པར་འགྲེམས་བྱས་པ།
སྤེལ་དུས། 2012-11-26   ཡོང་ཁུངས། ཀྲུང་གོའི་གསར་འགྱུར་པར་སྐྲུན་དྲ་བ།   རྩོམ་པ་པོ།  ལྗོན་སྨྱུག་ནས་བསྒྱུར།

        ཉེ་ལམ་གསར་འགྱུར་པར་སྐྲུན་སྤྱི་ཁྱབ་ཀུང་ཧྲུའུ་ཡིས་རྒྱལ་ཁབ་ཀྱི་ལོ་ལྔ་ཚན་བཅུ་གཉིས་པའི་མི་རིགས་གྲངས་ཉུང་གི་སྐད་ཡིག་པར་སྐྲུན་སྐོར་གྱི་འཆར་འགོདཅེས་པ་དངོས་སུ་འགྲེམས་སྤེལ་བྱས་པའི་བརྡ་ཁྱབ་བཏང་འདུག་ལ། འཆར་འགོད་དེ་ནི་ལོ་ལྔ་ཚན་བཅུ་གཉིས་པའི་སྐབས་སུ་རྒྱལ་ཁབ་ཀྱི་དཔེ་དེབ་དང་སྒྲ་བརྙན། གློག་རྡལ་པར་སྐྲུན་བཅས་པར་སྐྲུན་གཙོ་གནད་སྐོར་གྱི་འཆར་འགོད་ལས་མི་རིགས་གྲངས་ཉུང་གི་པར་སྐྲུན་འཆར་འགོད་ཀྱི་རྨང་གཞིའི་སྟེང་ཁ་གསབ་དང་ཇེ་རྒྱས་སུ་བཏང་ནས་གྲུབ་པ་ཞིག་ཡིན་ཞིང་། པར་སྐྲུན་ལས་རིགས་ཀྱིས་སྙན་ཞུ་དང་། ཆེད་མཁས་པས་དཔྱད་བཤེར་གནང་རྗེས། རྣམ་གྲངས་གཙོ་བོ༢༨༤གཏན་འཁེལ་བྱས་ཡོད་པ་རེད། 
 《འཆར་འགོད་ནང་དུ་མི་རིགས་གྲངས་ཉུང་གི་སྐད་ཡིག་གཙོ་བྱས་པའི་པར་བསྐྲུན་རྣམ་གྲངས་དང་མི་རིགས་གྲངས་ཉུང་གི་སྐད་ཡིག་ཡིག་བསྒྱུར་བརྩམས་ཆོས་པར་བསྐྲུན་ལས་གཞི་བཅས་ཁག་གཉིས་ཕྱེ་ཡོད་པ་དང་། ནང་དོན་མ་ཁེ་སི་རིང་ལུགས་ཞིབ་འཇུག་དང་། གཏན་ཚིག་རིག་པ། ཆབ་སྲིད། ཁྲིམས་ལུགས། ལོ་རྒྱུས། རྩོམ་རིག  སྒྱུ་རྩལ། གསོ་རིག  ཚན་རྩལ་བཅས་རིགས་ཚན་༢༠ལ་ཁྱབ་པ་དང་། སོག་པོ་དང་། བོད། ཡུ་གུར།  ཁྲོ་ཤིན་སོགས་མི་རིགས་གྲངས་ཉུང་ཀྱི་སྐད་ཡིག་༣༠ལྷག་ཚུད། འཆར་འགོད་ཀྱིས་ལོ་རེར་གནས་ཚུལ་དངོས་ལ་གཞིགས་ནས་འོས་འཚམ་གྱིས་ཁ་སྣོན་དང་འགྱུར་བཅོས་གཏོང་རྒྱུ་རེད།

     བརྡ་ཁྱབ་ནང་
འཆར་འགོད་ཀྱི་སྒྲིག་འཛུགས་ལག་བསྟར་བྱ་བར་བཀོད་སྒྲིག་གནང་ཞིང་ ། པར་སྐྲུན་ལས་ཁུངས་དང་པར་སྐྲུན་གཙོ་གཉེར་ལས་ཁུངས་ཀྱིས་བྱེད་ཐབས་ཕན་ནུས་ལྡན་པ་བཏོན་ཏེ་པར་སྐྲུན་གྱི་རྒྱུ་སྤུས་ལ་ཁག་ཐེག་བྱེད་དགོས་པ་དང་།  གནས་ཚུལ་དོ་དམ་བརྒྱུད་ནས་རྗེས་འདེད་ཞིབ་བཤེར་དང་སྐུལ་ཁྲིད་ལ་ཤུགས་སྣོན་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

 རྡོ་འབུམ་དཔེ་འཕྲིན།  ནང་རིག་གཏེར་མཛོད། མཆོད་མེ་རྩོམ་རིག་དྲ་བ།   གེ་སར་ཞིབ་འཇུག  ན་གཞོན་གསར་བ།

Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060