སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
   མདུན་ཤོག    འཕྲིན་གསར།    གསུང་རབ།     བོད་སྐད་ཡིག      རྩོམ་རིག      སློབ་གསོ།    ཆོས་ལུགས།    གསོ་རིག    ལོ་རྒྱུས།     སྒྱུ་རྩལ།     དམངས་སྲོལ།    སྐར་རྩིས།    མཚན་ཉིད་རིག་པ།     དཔལ་འབྱོར།
   སྲིད་ཁྲིམས།     ས་རྒྱུས།     སྐྱེ་ཁམས།     ཞིང་ཕྱུགས།     ཕྱི་སྐད་སློབ་དེབ།    དཔྱད་རྩོམ།     ཚིག་མཛོད།     དུས་དེབ་དང་ཚགས་པར།     རྩོམ་པ་པོ།    དཔེ་མཛོད་ཁང་།     པར་སྐྲུན་ཁང་།     གཞན་དག
 
དཔེ་མཛོད་ཁང་གི་ཞབས་ཕྱིའི་རྩ་དོན་གྱི་རྨང་གཞིའི་གྲུབ་ཆ་རགས་ཙམ་གླེང་བ།
སྤེལ་དུས། 2009-08-25   ཡོང་ཁུངས། 《མཚོ་སྔོན་བོད་ཡིག་གསར་འགྱུར》   རྩོམ་པ་པོ།  རིན་ཆེན་སྒྲོལ་མ། འབྲུག་མོས་ཞུ་དག་བྱས།
     ཨ་རིའི་དཔེ་མཛོད་ཁང་གི་རིག་པའི་མཁས་དབང་ཆེན་མོ་ཞའེ་ལཱ་ཡིསཞབས་ཕྱི་ནི་དཔེ་མཛོད་ཁང་གི་གཞི་རྩའི་དམིགས་ཡུལ་ཡིནཞེས་གསུངས་ཡོད་པ་རེད།   ང་ཚོས་འདི་ལྟར་བལྟས་ན་ཞབས་ཕྱི་ནི་དཔེ་མཛོད་ཁང་ཞིག་ལ་ཆ་མཚོན་ན་འཕེལ་རྒྱས་སུ་འགྲོ་བའི་སྒུལ་ཤུགས་གཙོ་བོ་ཡིན་ཞིང་།   དཔེ་མཛོད་ཁང་ཞིག་གི་རིན་ཐང་གཙོ་བོ་མངོན་ས་ཡང་རེད།   དེས་ན་དཔེ་མཛོད་ཁང་གང་ཞིག་དེང་རབས་ཅན་དུ་ཕྱོགས་པའི་མཐར་ཐུག་གི་དམིགས་འབེན་གཙོ་བོ་ནི་མི་རྣམས་ལ་སྤུས་ཚད་ལེགས་པའི་ཞབས་ཕྱི་ཞིག་མཁོ་འདོན་བྱ་རྒྱུ་དེ་ཡིན་འདུག
    
དཔེ་མཛོད་ཁང་གང་རུང་ཞིག་ལ་ཆ་མཚོན་ན།   དེ་ལ་དོ་དམ་བདག་གཉེར་གྱི་ལམ་ལུགས་དང་རྩ་དོན་མང་པོ་ཞིག་གཏན་འབེབས་བྱས་ཡོད་པ་སྨོས་མ་དགོས་ལ།   དེ་ཡང་ཀློག་པ་པོ་དཀྱིལ་སྙིང་དུ་བཟུང་ནས་དེ་དག་ལ་ཤེས་རིག་གི་འོ་ཞོ་མངར་མོ་ཙི་དགར་རོལ་ཆོག་པའི་ཁོར་ཡུག་ཅིག་བསྐྲུན་རྒྱུར་འབད་འབུངས་བྱས་ཡོད་པ་ནི་དེ་བས་ཀྱང་སྨོས་མ་དགོས་པ་ཞིག་རེད། འོན་ཀྱང་། ས་གནས་དང་གཞི་རིམ་གྱི་དཔེ་མཛོད་ཁང་མང་པོ་ཞིག་ཏུ་རྒྱུ་དང་རྐྱེན་གང་མང་གི་དབང་གིས་རྩ་དོན་ལ་གོ་འཛོལ་བྱུང་བའི་སྣང་ཚུལ་མང་པོ་འབྱུང་གིན་ཡོད་པ་རེད།   དཔེ་མཛོད་ཁང་ཞིག་ལ་ཚང་དགོས་པའི་རྩ་དོན་ལ་རྣམ་གྲངས་ཧ་ཅང་མང་པོ་ཞིག་ཡོད་ན་ཡང་།   གོ་རིམ་དང་རྨང་གཞིའི་ཆ་ནས་བལྟས་ན།   མཛོད་སྒོ་ཕྱེས་ཏེ་ཕྱི་རོལ་གྱི་ཀློག་པ་པོ་ནང་འགུགས་བྱ་རྒྱུ་ནི་རྩ་དོན་ནང་གི་དོན་ཚན་གལ་ཆེན་ཞིག་ཡིན་པར་འདོད།
    
ཕྱི་གསལ་ནང་གསལ་གྱི་ལས་སྒོ།   ཡིག་ཚང་དོ་དམ་ལས་ཁུངས་ཀྱིས་ང་ཚོའི་སྤྱི་ཚོགས་ལ་ཐོན་པའི་ནུས་པ་དེ་གཞན་གྱིས་ཅིས་ཀྱང་ཚབ་བྱེད་དཀའ་བ་ཞིག་རེད་ལ།   ང་ཚོས་ཐོན་ཁུངས་དེ་ཉིད་མངོན་གསལ་སྒོས་སྦ་གསང་མེད་པར་ཀློག་པ་པོའི་སྤྱན་སྔར་འབུལ་རྒྱུ་ནི་དཔེ་མཛོད་ཁང་གི་ལས་བཟོ་བ་ཞིག་གི་ཕྲག་ཏུ་བབས་པའི་ལྡོག་ཏུ་མེད་པའི་འོས་འགན་ཞིག་ཀྱང་ཡིན།   ཉར་ཚགས་བྱས་པའི་ཡིག་ཆ་ཐམས་ཅད་ཕྱི་གསལ་ནང་གསལ་སྒོས་བེད་སྤྱོད་ཇི་ལྟར་བྱ་རྒྱུ་དང་།   ཡིག་ཆ་དེ་དག་གཞན་ལ་ཇི་ལྟར་བྱས་ན་ད་གཟོད་མང་ཙམ་གཡར་གཏོང་བྱེད་ཐུབ་པ།   རྒྱུན་དུ་གསར་བྱུང་གི་དཔེ་དེབ་རིགས་རྣམས་གསལ་བསྒྲགས་བྱ་རྒྱུ་སོགས་ལ་བསམ་གཞིག་གཏོང་དགོས་པར་མ་ཟད།   སྤུན་ཟླ་ལས་ཁུངས་དང་མཉམ་དུ་ཡིག་ཆ་རྣམས་ཐུན་མོང་དུ་སྤྱོད་པ་དང་།   ཉར་ཚགས་བྱས་པའི་ཡིག་ཚང་དག་ལ་དཀར་ཆག་ཆ་ཚང་ཞིག་བསྒྲིག་རྒྱུ་བཅས་ལ་ཡང་བསམ་གཞིག་ལེགས་པོར་བཏང་ཐོག དུས་དང་རྣམ་པ་ཀུན་ཏུ་ས་གནས་སྤྱི་ཚོགས་ཀྱི་བསམ་པའི་ལོངས་སྤྱོད་དང་དཔལ་ཡོན་ལ་ཡར་སྐུལ་བྱེད་དགོས།
    
དཔེ་ཀློག་གི་དུས་ཚོད་རིང་དུ་གཏོང་བ། དར་རྒྱས་ཆེ་བའི་རྒྱལ་ཁབ་དག་གི་སྤྱི་སྤྱོད་དཔེ་མཛོད་ཁང་ལ་ཆ་མཚོན་ན།   རྒྱུན་དུ་ཀློག་པ་པོ་སྣེ་ལེན་བྱེད་རྒྱུ་ལས་གཞན།   ད་དུང་ཉིན་རྒྱུན་གྱི་དུས་ཚོད་རིང་དུ་བཏང་སྟེ་ཞོགས་པ་ནས་ནམ་གུང་བར་དུ་ཀློག་པ་པོར་ཞབས་ འདེགས་ཞུ་བཞིན་ཡོད་པ་རེད། ང་ཚོ་ས་གནས་ཀྱི་དཔེ་མཛོད་ཁང་དག་གིས་ཀྱང་ངེས་པར་དུས་ཆེན་ལ་ངལ་གསོ་མི་གཏོང་བ་དང་།   བྱ་འགུལ་གང་ཞིག་གིས་ཀྱང་ཀློག་པ་པོར་ཤུགས་རྐྱེན་མི་བཟོ་བ། སྒོ་ཕྱེས་པའི་དུས་ཚོད་ཧྲིལ་བོ་དེ་རྒྱུན་མཐུད་ཡོད་པ་བཅས་ཀྱི་ཕྱོགས་སུ་འབད་འབུངས་བྱེད་དགོས།
    
མི་སྣའི་ཚོད་བཀག་མེད་པ།   མིའི་ལོ་ཚོད་དང་རིགས་རྒྱུད།   ས་ཁུལ་དང་གོ་གནས་སོགས་ཀྱི་དབྱེ་བ་མེད་པར་སུ་དང་གང་ཞིག་ཡིན་རུང་དུས་དང་རྣམ་པ་ཀུན་ཏུ་དང་ལེན་བྱེད་དགོས།   དེ་བས་ན།   དཔེ་མཛོད་ཁང་གི་ཞབས་ཕྱི་དེར་རིག་གནས་ཀྱི་ངོས་ཐད་ནས་མེད་མི་རུང་བའི་ཐུན་མིན་གྱི་རིན་ཐང་ལྡན་ལ།   མི་རྣམས་ཀྱི་བསམ་བློ་བརྗེ་རེས་བྱེད་པ་བཅས་ལ་མཁོ་བའི་ཁོར་ཡུག་ཅིག་ཀྱང་མཁོ་སྤྲོད་བྱེད་ཐུབ་པ་རེད།   དེང་རབས་དཔེ་མཛོད་ཁང་གི་ཞབས་ཕྱིའི་དམིགསཡུལ་གཙོ་བོ་ཡང་དཔེ་མཛོད་ཁང་གིས་སྤྱི་ཚོགས་ཡོངས་་ཀྱི་མི་རྣམས་ལ་དུས་དང་རྣམ་པ་ཀུན་ཏུ་སྣེ་ལེན་ཡག་པོ་བྱ་རྒྱུདེ་རེད།     

                                                                                                                རྩོམ་པ་པོ་ནི་མཚོ་ལྷོ་ཁུལ་དཔེ་མཛོད་ཁང་གི་ཡིན།  

 རྡོ་འབུམ་དཔེ་འཕྲིན།  ནང་རིག་གཏེར་མཛོད། མཆོད་མེ་རྩོམ་རིག་དྲ་བ།   གེ་སར་ཞིབ་འཇུག  ན་གཞོན་གསར་བ།

Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060