སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
   མདུན་ཤོག    འཕྲིན་གསར།    གསུང་རབ།     བོད་སྐད་ཡིག      རྩོམ་རིག      སློབ་གསོ།    ཆོས་ལུགས།    གསོ་རིག    ལོ་རྒྱུས།     སྒྱུ་རྩལ།     དམངས་སྲོལ།    སྐར་རྩིས།    མཚན་ཉིད་རིག་པ།     དཔལ་འབྱོར།
   སྲིད་ཁྲིམས།     ས་རྒྱུས།     སྐྱེ་ཁམས།     ཞིང་ཕྱུགས།     ཕྱི་སྐད་སློབ་དེབ།    དཔྱད་རྩོམ།     ཚིག་མཛོད།     དུས་དེབ་དང་ཚགས་པར།     རྩོམ་པ་པོ།    དཔེ་མཛོད་ཁང་།     པར་སྐྲུན་ཁང་།     གཞན་དག
 
《དེང་རབས་དབྱིན་ཡིག་བརྡ་སྤྲོད་》
སྤེལ་དུས། 2009-04-30   ཡོང་ཁུངས། མི་རིགས་དཔེ་སྐྲུན་ཁང་།    རྩོམ་པ་པོ།   བདེ་ལྷ་མོས་བསྒྲིགས།

དེང་རབས་དབྱིན་ཡིག་བརྡ་སྤྲོད་ཅེས་པ་འདིར་ཁྱོན་བསྡོམས་ལེའུ་ཆེན་ཆེན་པོ་བཅུ་དགུ་དང་ཟུར་བཀོད་བཞི་ཡོད། དེ་ནི་དབྱིན་ཡིག་བརྡ་སྤྲོད་གཞུང་གི་ཚིག་གི་དབྱེ་བ་ཆེན་པོ་བཅུ་བོ་བཀོད་ཡོད། དེ་དག་ནི་མིང་ཚིག་དང་རྒྱན་ཚིག་གྲངས་ཚིག ཚབ་ཚིག བྱ་ཚིག རྣམ་པ་སྟོན་ཚིག་དང་། ཕྲད་གཞན་དབང་ཅན་དང་ཕྲད་རང་དབང་ཅན། སྦྲེལ་ཚིག འབོད་སྒྲ་བཅ་ཡིན། དེ་ཚན་གཞན་རམ་འདེགས་བྱ་ཚིག་དང་ཉམས་སྟོན་བྱ་ཚིག   ཚིག་གྲུབ།   དུས་ཀྱི་རྣམ་གཞག   བརྗོད་སྟངས། སྔོན་འཇུག་དང་རྗེས་འཇུག་སྐད་ཆ་ངོ་མ་དང་སྐད་ཆ་བརྒྱུད་མ་བཅས་དབྱིན་ཡིག་བརྡ་སྤྲོད་གཞུང་གི་ཚན་པ་གསལ་བོ་བཀོད་ཡོད། ཟུར་བཀོད་ཆེན་པོ་བཞི་ལས་དང་པོ་ནི་འཛམ་གླིང་གི་རྒྱལ་ཁབ་194ཡི་རྒྱལ་མིང་དང་རྒྱལ་ས། སྐད་ཡིག ཁོངས་མི། སྒོར་མོ་བཅས་རིགས་ལྔ་ལྡན་གྱིས་དབྱིན་བོད་རྒྱ་གསུམ་ཤན་སྦྱར་བྱས་ཡོད་པས་མ་འོངས་པ་ན་གཅིག་གྱུར་གྱིས་བཀོལ་བར་སྟབས་བདེ་ཡིན། གཉིས་པ་ནི་འཛམ་གླིང་ལུས་རྩལ་འགྲན་ཚོགས་སྐབས་ཀྱི་བསྡུས་མིང་། གསུམ་པ་ནི་དཔེ་ཆ་འདིར་བསྒྱུར་བའི་བརྡ་སྤྲོད་ཀྱི་ཚན་པོ་སོ་སོའི་མིང་ཆ་ཚང་སྐད་གསུམ་ཤན་སྦྱར་གྱིས་བཀོད་ཡོད། བཞི་པ་ནི་དབྱིན་ཡིག་གི་འཇུག་པ་ངེས་མེད་ཀྱི་བྱ་ཚིག་ཕྱོགས་བསྒྲིགས་ཏེ་དབྱེན་ཡིག་གི་དུས་གསུམ་ལ་བགོས་པའི་བྱ་ཚིག་ཧ་ཅང་རྒྱས་པར་བཀོད་ཡོད། དཔེ་ཆ་འདིར་དབྱིན་ཡིག་བརྡ་སྤྲོད་ཀྱི་གཞུང་གང་མང་ལ་ཁུངས་གཏུག་ཅིང་བརྡ་སྤྲོད་ཀྱི་ཚན་སྤྲོད་ཀྱི་ཀྱི་ཚན་པ་རེ་རེའི་མིང་དང་གོ་དོན། མཚན་ཉིད་སོགས་ལེགས་པར་བསྒྱུར་ཡོད་པ་མ་ཟད་བོད་ཡིག་བརྡ་སྤྲོད་དང་ཆ་འདྲ་བ་ལ་བོད་ཡིག་བརྡ་སྤྲོད་བཀོལ་ཏེ་གསལ་བོ་བཏོན་ཡོད་པ་དང་། ཆ་མི་འདྲ་བ་རྣམས་ལ་ཧ་ཅང་ཁ་གསལ་གོ་བདེའི་ངང་བཀྲལ་ཡོད། དེ་དག་ལ་དཔེར་བརྗོད་ཀྱི་ནང་དོན་ཡང་རྒྱུན་བཀོལ་འཚོ་བ་དང་ཅི་ཉེ་བྱས་ཡོད།  

 རྡོ་འབུམ་དཔེ་འཕྲིན།  ནང་རིག་གཏེར་མཛོད། མཆོད་མེ་རྩོམ་རིག་དྲ་བ།   གེ་སར་ཞིབ་འཇུག  ན་གཞོན་གསར་བ།

Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060