སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
   མདུན་ཤོག    འཕྲིན་གསར།    གསུང་རབ།     བོད་སྐད་ཡིག      རྩོམ་རིག      སློབ་གསོ།    ཆོས་ལུགས།    གསོ་རིག    ལོ་རྒྱུས།     སྒྱུ་རྩལ།     དམངས་སྲོལ།    སྐར་རྩིས།    མཚན་ཉིད་རིག་པ།     དཔལ་འབྱོར།
   སྲིད་ཁྲིམས།     ས་རྒྱུས།     སྐྱེ་ཁམས།     ཞིང་ཕྱུགས།     ཕྱི་སྐད་སློབ་དེབ།    དཔྱད་རྩོམ།     ཚིག་མཛོད།     དུས་དེབ་དང་ཚགས་པར།     རྩོམ་པ་པོ།    དཔེ་མཛོད་ཁང་།     པར་སྐྲུན་ཁང་།     གཞན་དག
 
《སློབ་གྲྭ་ཆུང་འབྲིང་གི་སྐད་ཡིག་ཁྲིད་གཞི་ལེགས་བསྡུས》
སྤེལ་དུས། 2011-02-01   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།    རྩོམ་པ་པོ།  བདེ་ལྷ་མོས་བསྒྲིགས།

      རྒྱ་ཆེའི་སློབ་གྲྭ་ཆུང་འབྲིང་གི་བོད་སྐད་ཡིག་གི་དགེ་རྒན་ཚོསབོད་སྐད་ཡིག་གི་སློབ་དེབ་གསར་པའིསློབ་ཐབས་སྔར་བས་ཤེས་རྟོགས་དང་ཁོང་དུ་ཆུད་པ་བྱས་ཏེ་སློབ་དེབ་ཆ་ཚང་དེ་བེད་སྤྱོད་ཡག་པོ་བཏང་ནས་བོད་རིགས་སློབ་མའི་སློབ་སྦྱོང་གི་ཁུར་པོ་ཡང་དུ་གཏོང་བ་དང་བོད་སྐད་ཡིག་གི་སློབ་ཁྲིད་སྤུས་ཚད་མཐོ་རུ་གཏོང་བའི་དམིགས་ཡུལ་འགྲུབ་ཆེད། ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་གི་དགེ་རྒན་ཆེན་མོ་བ་གཞོན་པ་དཀོན་མཆོག་རྒྱ་མཚོསསློབ་གྲྭ་ཆུང་འབྲིང་གི་སྐད་ཡིག་ཁྲིད་གཞི་ལེགས་བསྡུས་ཞེས་པ་རྩོམ་སྒྲིག་བྱས་ཡོད་པ་རེད།    

སློབ་དེབ་དེ་པར་སྐྲུན་འགྲེམ་སྤེལ་བྱས་པ་ཡིས་བོད་སྐད་ཡིག་སློབ་ཁྲིད་ཀྱི་ལོ་རྒྱུས་ཐོག་བོད་ཡིག་སློབ་ཁྲིད་བྱ་ཐབས་ཐད་ཀྱི་དཔྱད་ཡིག་མེད་པའི་སྟོང་ཆ་བསྐངས་ཡོད་པ་རེད།     རྩོམ་སྒྲིག་ཚོགས་ཆུང་གིསབོད་ཡིག་གི་སློབ་ཚན་ཚད་གཞིདང་བོད་སྐད་ཡིག་སློབ་ཁྲིད་ཀྱི་དོན་དངོས་ལ་གཞིགས་ཏེ་ཞིང་ཆེན་(ལྗོངས)ལྔའི་སློབ་གྲྭ་འབྲིང་ཆུང་གི་བོད་ཡིག་གི་ཕུལ་བྱུང་སློབ་དེབ་ཉིས་བརྒྱ་ཙམ་བསྡུ་རུབ་བྱས་པའི་ཁྲོད་ནས་ས་གནས་ཁག་གི་ཕུལ་བྱུང་དགེ་རྒན་ཚོས་རྩོམ་སྒྲིག་བྱས་པའི་སློབ་ཁྲིད་བྱ་ཐབས་ནང་ནས་བདམས་སྤྱོད་བྱས་མཐར་བཀོལ་སྤྱོད་རང་བཞིན་ངེས་ཅན་ལྡན་པའི་སློབ་དེབ་ཆ་ཚང་ཞིག་གྲུབ་ཡོད།  

ད་ལྟ་སློབ་གྲྭ་ཆུང་འབྲིང་ཀུན་ཏུ་སྐད་ཡིག་གི་བསླབ་ཚན་གསར་བའི་རེ་འདུན་ལྟར་སློབ་ཁྲིད་བྱེད་ཐབས་སྒྱུར་བཅོས་བྱས་དང་བྱེད་བཞིན་ལགས་ནའང་། བསླབ་ཚན་གསར་བའི་བླང་བྱ་ཇི་བཞིན་ལག་ལེན་དུ་བསྟར་ཐུབ་མིན་ཅི་རིགས་མཆིས། སློབ་ཚན་ཞིག་འཁྲིད་པར་སློབ་ཁྲིད་འཆར་གཞིའམ་ཁྲིད་གཞི་རེ་ངེས་པར་མཁོ་ཞིང་། དེ་ནི་སློབ་ཁྲིད་ལག་ལེན་གྱི་གཞི་འཛིན་སའང་ཡིན་ཕྱིར། ཁྲིད་གཞི་ལེགས་པོ་ཞིག་ཡོད་ན་སློབ་ཁྲིད་ཀྱི་འབྲས་བུའང་ལེགས་པོ་ཞིག་འབྱུང་སྲིད། དགོས་པ་དེ་འདྲར་དམིགས་ནས་སྐད་ཡིག་དགེ་རྒན་ཚོ་དང་སྒོས་སུ་སློབ་མཐར་ཕྱིན་ལ་ཉེ་བའི་དགེ་འོས་སློབ་མ་ཚོར་ཟུར་ལྟ་དང་ཉམས་མྱོང་བརྗེ་རེས་བྱེད་པར་མཐུན་རྐྱེན་སྒྲུབ་ཆེད།  2007ལོ་ནས་བཟུང་། མདོ་དབུས་ཁམས་གསུམ་ནས་སྐད་ཡིག་གི་ཁྲིད་གཞི་བསྡུས་ཏེ་སྔ་ཕྱིར་ཉིས་བརྒྱར་ཉེ་བ་འདུས་པ་རེད། 
        ཁྲིད་གཞི་ཞེས་པ་ནི་དགེ་རྒན་གྱིས་འཁྲིད་བྱའི་དོན་གང་རུང་ཞིག་ཚུལ་ཇི་ལྟར་འཁྲིད་པའམ་བསླབ་པར་བྱ་བའི་དོན་གང་ཞིག་བློ་ལྡན་སློབ་བུ་ཚོར་ཇི་ལྟར་རྟོགས་སུ་འཇུག་པ་སོགས་ལ་དམིགས་ཏེ། སློབ་ཁྲིད་བྱེད་པར་ཐབས་གང་ཞིག་སྤྱོད་པ་དང་། དེའི་དམིགས་ཡུལ་གང་དང་། གཙོ་གནད་དང་དཀའ་གནད་གང་ཡིན་པ་དང་། དེར་སློབ་ཐུན་ཅི་ཙམ་སྤྱད་འོས་པ་སོགས་བཀོད་པའི་སློབ་ཁྲིད་ཀྱི་འཆར་གཞི་ཞིག་གམ་སློབ་ཁྲིད་ལག་ལེན་ཇི་ལྟར་བྱ་རྒྱུའི་གཞི་འཛིན་ས་ཞིག་ལ་ཟེར། རྒྱ་ཡིག་གིས教案ཞེས་འབོད་པ་འདིར་རང་རེར་དུས་ད་ལྟའི་བར་བཀས་བཅད་ཀྱི་མིང་ཞིག་མ་བྱུང་བར། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་སོ་སོས་རང་རང་གི་འདོད་པ་ལྟར་མིང་མི་མཐུན་པ་སྣ་ཚོགས་བཏགས་པས་མིང་བརྡ་གཅིག་གྱུར་འབྱུང་བར་ཉོག་དྲ་ཤིན་ཏུ་ཆེན་པོ་བཟོས། དེར་ཁ་ཅིག་གིས་ཁྲིད་ཇུས་ཞེས་དང་། ཁ་ཅིག་གིས་ཁྲིད་གཞི་ཞེས་དང་། ཁ་ཅིག་གིས་སློབ་ཁྲིད་གྲ་སྒྲིག་ཅེས་དང་། ཁ་ཅིག་གིས་སློབ་ཁྲིད་འཆར་གཞི་ཞེས་དང་། ཁ་ཅིག་གིས་ཁྲིད་ཡིག་ཅེས་དང་། ཁ་ཅིག་གིས་སློབ་ཁྱད་ཅེས་དང་། ཁ་ཅིག་གིས་ཁྲིད་ཐོ་ཞེས་དང་། ཁ་ཅིག་གིས་ཁྲིད་ཟིན་ཞེས་སོགས་མིང་མི་འདྲ་བ་ཧ་ཅང་མང་། འདིར་དེ་དག་ལས་སྤྱོད་རྒྱ་ཅུང་ཆེ་བའི་བརྡ་ཆད་ཁྲིད་གཞི་ཞེས་པ་འདི་བདམས་པ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། དང་བོ། ད་ལྟ་མི་རིགས་དགེ་འོས་སློབ་ཆེན་དང་འབྲིང་རིམ་དགེ་འོས་སློབ་གྲྭ་དག་ཏུ་སྤྱོད་བཞིན་པའི་སློབ་དེབབོད་ཀྱི་སྐད་ཡིག་ཁྲིད་ཐབས་ཀྱི་རིག་གཞུང་རྣམ་བཤདདངརྨང་གཞིའི་སློབ་གསོ་སྐབས་ཀྱི་བོད་ཀྱི་སྐད་ཡིག་འཁྲིད་ཐབསདངདམའ་འབྲིང་བོད་ཀྱི་སྐད་ཡིག་སློབ་ཁྲིད་བྱེད་ཐབསསོགས་སུ་ཁྲིད་གཞི་ཞེས་བཀོད་འདུག གཉིས་པ། སློབ་གྲྭ་མི་ཉུང་བ་ཞིག་གིས་བརྡ་ཆད་འདི་ཉིད་སྤྱད་དང་སྤྱོད་བཞིན་པ། གསུམ་པ། སྐབས་བརྒྱད་པའི་རྒྱལ་ཡོངས་སློབ་གྲྭ་ཆེན་མོའི་བོད་ཀྱི་སྐད་ཡིག་རྩོམ་རིག་ཆེད་ལས་ཀྱི་སློབ་གསོ་བྱ་བའི་གྲོས་ཚོགས་ཀྱིས། ཁྲིད་གཞི་ཞེས་པའི་བརྡ་ཆད་འདི་ཐོག་མར་སློབ་ཆེན་སོ་སོས་གཅིག་གྱུར་གྱིས་སྤྱོད་དགོས་པར་གཏན་ལ་ཕབ་པ་རེད།

 རྡོ་འབུམ་དཔེ་འཕྲིན།  ནང་རིག་གཏེར་མཛོད། མཆོད་མེ་རྩོམ་རིག་དྲ་བ།   གེ་སར་ཞིབ་འཇུག  ན་གཞོན་གསར་བ།

Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060