སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
   མདུན་ཤོག    འཕྲིན་གསར།    གསུང་རབ།     བོད་སྐད་ཡིག      རྩོམ་རིག      སློབ་གསོ།    ཆོས་ལུགས།    གསོ་རིག    ལོ་རྒྱུས།     སྒྱུ་རྩལ།     དམངས་སྲོལ།    སྐར་རྩིས།    མཚན་ཉིད་རིག་པ།     དཔལ་འབྱོར།
   སྲིད་ཁྲིམས།     ས་རྒྱུས།     སྐྱེ་ཁམས།     ཞིང་ཕྱུགས།     ཕྱི་སྐད་སློབ་དེབ།    དཔྱད་རྩོམ།     ཚིག་མཛོད།     དུས་དེབ་དང་ཚགས་པར།     རྩོམ་པ་པོ།    དཔེ་མཛོད་ཁང་།     པར་སྐྲུན་ཁང་།     གཞན་དག
 
《བོད་བཙན་པོའི་དུས་སྐབས་ཀྱི་བརྡ་རྙིང་ཡིག་ཆ་དཔྱད་གླེང》
སྤེལ་དུས། 2014-10-15   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  རྟ་མགྲིན

བོད་བཙན་པོའི་དུས་སྐབས་ཀྱི་བརྡ་རྙིང་ཡིག་ཆ་དཔྱད་གླེངཞེས་པའི་དཔེ་དེབ་འདི་ནི་མིག་སྔར་བོད་ཀྱི་ཡིག་རྙིང་ཁག་ལ་དཔྱད་པ་གནང་བའི་གྲུབ་འབྲས་གལ་ཆེན་ཞིག་ཡིན་ཞིང་། དེབ་འདིའི་ནང་དུ་ཤོག་དྲིལ་ཡིག་རྙིང་ལས་འཕྲོས་ཏེ་བོད་ཀྱི་དབུ་ཅན་དབུ་མེད་ཀྱི་བྲིས་གཟུགས་བྱུང་འཕེལ་སྐོར་དང་། བོད་ཀྱི་ཡི་གེའི་སྒྲའི་སྦྱོར་ཚུལ་སྐོར། ཡི་གེའི་སྒྲའི་འབྱིན་སྟངས་སྐོར། བོད་བཙན་པོའི་དུས་ཀྱི་མགོ་འདོགས་ཡི་གེའི་སྐོར།  ཏུན་ཧོང་ཡིག་རྙིང་ལས་འཕྲོས་ཏེ་མགོ་འདོགས་དང་འཕུལ་རྟེན་ཡི་གེའི་བྱུང་རིམ་གྱི་སྐོར། ཞྭ་ལྷ་ཁང་གི་བྱང་ངོས་ནས་རྙེད་པའི་ལྡོང་གི་བང་སོའི་རྡོ་རིང་ཡི་གེའི་ཁྱད་ཆོས་སོགས་ཕྱོགས་དུ་མ་ནས་ཞིབ་འཇུག་བྱེད་ཐབས་སྤྱད་དེ་བོད་བཙན་པོའི་དུས་ཀྱི་ཡི་གེའི་ཁྱད་ཆོས་ཇི་ལྟ་བུ་ཡིན་ཚུལ་ལུང་རིགས་ཁུངས་བཙུན་པའི་སྒོ་ནས་བརྗོད་ཡོད་པ་དང་། དེབ་འདིས་བརྡ་རྙིང་ཡིག་ཆ་ཞིབ་འཇུག་དང་རྒྱུས་ལོན་བྱེད་པའི་ཐད་ཕན་ཐོགས་མི་དམན་པ་བསྐྲུན་ཡོད།

དཔེ་དེབ་འདི་སྟོབས་ལྡན་གྱིས་བརྩམས་ཤིང་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས ༢༠༡༤ ལོའི་ཟླ ༥ པར་པར་དུ་བསྐྲུན།

(རྩོམ་འགན་པ། རྟ་མགྲིན)

 རྡོ་འབུམ་དཔེ་འཕྲིན།  ནང་རིག་གཏེར་མཛོད། མཆོད་མེ་རྩོམ་རིག་དྲ་བ།   གེ་སར་ཞིབ་འཇུག  ན་གཞོན་གསར་བ།

Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060