སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
གླིང་སྒྲུང་ལ་ཞིབ་འཇུག་བྱེད་པའི་རིན་ཐང་།
སྤེལ་དུས། 2011-11-04   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།    རྩོམ་པ་པོ།  པ་སངས་ཕན་ཐོགས།

    གླིང་གེ་སར་རྒྱལ་པོའི་སྒྲུང་ནི་འཛམ་གླིང་དུ་སྐད་གྲགས་ཡོད་པའི་ལོ་རྒྱུས་སྙན་རྩོམ་ཞིག་ཡིན་པ་དང་ལོ་རྒྱུས་སྙན་རྩོམ་ཞེས་པར་བོད་ལྗོངས་སློབ་ཆེན་གྱི་རྒན་མིག་དམར་ལགས་ཀྱི་བརྩམས་གནང་བའི་དམངས་རྩོམ་རྣམ་བཤད་ཞེས་པ་གཞིར་བཟུང་ནས་བཤད་ན་ལོ་རྒྱུས་སྙན་རྩོམ་ཞེས་པ་ནི་སྙན་ངག་བཅད་པའི་ལམ་ལ་གཙོ་བོར་བརྟེན་ནས་ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་ཇི་ལྟར་ཆགས་ཚུལ་དང་དེ་བཞིན་མི་རིགས་ཀྱི་མཛད་རྗེས་སོགས་དོན་ཆེན་རྒྱས་བརྗོད་བྱས་པའི་དམངས་ཁྲོད་ཀྱི་སྙན་རྩོམ་རིང་གྲས་ཤིག་ལ་ཟེར་ཞིང་དེ་ལས་མི་རིགས་ཤིག་གི་འཕེལ་རྒྱས་ཀྱི་ལོ་རྒྱུས་དང་ཆབ་སྲིད་དཔལ་འབྱོར་རིག་གནས་དམག་དོན། ཡུལ་སྲོལ་གོམས་གཤིས་སོགས་རྒྱ་ཆེར་མཚོན་པས་དམངས་རྩོམ་ཁྲོད་མི་རིགས་ཀྱི་ཤེས་བྱ་ཀུན་གསལ་བའི་ཀུན་གསལ་མེ་ལོང་ཞེས་པའི་སྙན་པ་བརྗོད་པར་གནང་འདུག་པསད་རེས་འདི་ག་དྲ་ཚིགས་ཀྱི་གསར་འགོད་པ་པ་སངས་ཕན་ཐོགས་ནས་བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བ་རྒན་འཆི་མེད་ལགས་ལ་གེ་སར་སྐོར་གྱི་བཅ་འདྲི་ཞིག་ཞུས་པ་ཡིན་པ་གཤམ་གསལ།

 གསར་འགོད་པ།    རྒན་ལགསམཆོག་ནས་གླིང་སྒྲུང་ལ་ཞིབ་འཇུག་བྱེད་པའི་རིན་ཐང་སྐོར་ཞིག་གསུངས་རོགས་གནང་།

རྒན་ལགས་མཆོག་ནས།   དེའི་སྐོར་ལ་ཐོག་མར་ལོ་རྒྱུས་ཀྱི་རིན་ཐང་ཆེན་པོ་ཡོད་ཅིང་ད་ལྟ་བར་དངོས་སུ་བསྟན་རྒྱུ་ཡོད་པའི་ལོ་རྒྱུས་ཡིག་ཆར་གཞིགས་ནབོད་རྒྱལ་སྲོང་བཙན་སྒམ་པོ་ནས་བཟུང་བོད་ལ་ཡི་གེ་རྒྱ་ཆེར་དར་བའི་ལོ་རྒྱུས་ལྡན་ཡོདདེས་ན་དེའི་སྔོན་གྱི་ལོ་རྒྱུས་ཞིབ་འཇུག་བྱེད་པར་གླིང་སྒྲུང་ནི་མེད་དུ་མེད་རུང་བའི་ངག་ཐོག་གི་ལོ་རྒྱུས་ཞིག་ཡིན་པར་དེང་དུས་ཀྱི་མཁས་པ་མང་ཆེ་བས་རིམ་བཞིན་ཁས་ལེན་གྱི་ཡོད། དེ་ནི་ལོ་རྒྱུས་སྙན་རྩོམ་བྱུང་བའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཀྱིས་གཏན་འཁེལ་བྱས་པ་ཞིག་ཡིན། གླིང་སྒྲུང་གི་ནང་འཁོད་པའི་སྒྲུང་པའི་བརྗོད་བྱའི་ངོས་ནས་བལྟས་ན་མོན་གླིང་གཡུལ་འགྱེད།》《རྟ་ཟིག་ནོར་རྫོང་།》《གྲུ་གུ་གོ་རྫོང་།》《རྒྱ་གར་ཆོས་རྫོང་།སོགས་པའི་ནང་འཁོད་པའི་གཡུལ་འགྱེད་ཀྱི་བརྗོད་བྱ་ནི་བཙན་པོ་རིམ་བྱོན་སྐབས་ཀྱི་ལོ་རྒྱུས་ཀྱི་བརྗོད་བྱ་འབའ་ཞིག་ཡིན། དེ་བཞིན་བོད་པའི་འབྱུང་ཚུལ་ལ་སོགས་པ་ཡང་བཙན་པོའི་སྐབས་སམ་དེའི་གོང་གི་བོད་མིའི་ཁྲོད་དུ་སྒྲུང་གི་རྣམ་པའི་ཐོག་ནས་བོད་མིའི་ངག་རྒྱུན་དུ་ཆགས་པའི་བརྗོད་བྱ་དེ་དག་ཡིན།

   གཅིག  ཆོས་ལུགས་་ཞིབ་འཇུག་བྱེད་པའི་རིན་ཐང་ལྡན་པ།

 ད་ཡོད་ཀྱི་གླིང་སྒྲུང་གི་ཆོས་ལུགས་ཀྱི་ལྟ་བའི་ཕྱོགས་རིས་ནི་གཙོ་བོ་ནང་བསྟན་གྱི་ཕྱོགས་སུ་ལྷུང་ཡོད་ཀྱང་དེ་ནི་སྒྲུང་པ་ཚོས་དུས་རབས་སོ་སོའི་ཆབ་སྲིད་ཀྱི་དགོས་མཁོ་དང་འཚམ་པར་བྱས་ནས་རིམ་བཞིན་ཁ་སྣོན་བྱས་པ་ཞིག་ཡིན། འོན་ཀྱང་གླིང་སྒྲུང་ནི་ཆེས་ཕུ་ཐག་རིང་བ་ཞིག་ཡིན་པ་གླིང་སྒྲུང་གི་བརྗོད་བྱའི་མངོན་ལྐོག་གང་རུང་ནས་མངོན་ཐུབ་པ་སྟེ་དཔེར་ན་སྟག་དང་། གཟིག འབྲོང་། ལུག་ལ་སོགས་ལ་དད་པས་གདོད་མའི་རང་བྱུང་གི་དད་པ་མངོན་ཐུབ་ལ་སྟག་ཟིག་སོགས་ནས་དར་བའི་དབང་ཕྱུག་ལ་དད་པའི་གདོད་མའི་འཁྱར་བོན་གྱི་ཆོས་ལུགས་ཀྱང་མངོན་ཐུབདེ་བཞིན་གཡུང་དྲུང་བོན་ལ་དད་པའི་གཡུང་དྲུང་བོན་གྱི་ཆོས་ལུགས་ཀྱི་བརྗོད་བྱ་ཡང་མངོན་ཐུབ་པ་དང་ནང་བསྟན་ཆོས་ལུགས་དང་འབྲེལ་བའི་བརྗོད་བྱ་ནི་བརྗོད་མི་དགོས། དེས་ན་སྣང་ཚུལ་དེ་དག་གི་ཐོག་ནས་གླིང་སྒྲུང་ནི་བོད་ཀྱི་དུས་རབས་རིམ་བྱུང་གི་ཆོས་ལུགས་ལ་ཞིབ་འཇུག་བྱེད་པའི་དཔྱད་གཞི་རྩ་ཆེན་ཞིག་ཡིན།

 གཉིས།  བོད་མིའི་སེམས་ཁམས་ལ་ཞིབ་འཇུག་བྱེད་པའི་རིན་ཐང་ལྡན་པ།

སྐྱེས་པའི་མི་ཚེའི་རིན་ཐང་མཚོན་པའི་རྩོམ་རིག་ཅིག་ཡིན།

“དགྲ་ལ་དགྲ་ལན་མེད་ན་ཝ་མོ་དང་། གཏམ་ལ་གཏམ་ལན་མེད་ན་ལྐུགས་པ་ཡིན”ཞེས་པ་ལྟར་གླིང་སྒྲུང་ནང་གཙོ་བོ་དཔའ་བོའི་སྙིང་སྟོབས་ལ་བསྔགས་བརྗོད་དང་སྡར་མའི་རང་བཞིན་ཅན་གྱི་མི་རྣམས་ལ་འཕྱ་སྨོད་བྱས་ཡོད། ཏུན་ཧོང་ཡིག་རྙིང་ནང་དུ་ཡང་དཔའ་འཛངས་གཉིས་ནི་རླག་པ་བཞིན་དུ་ཙལ་ཞེས་པ་དང་ཐང་བོད་གསར་རྙིང་བོད་ཆེན་པོའི་སྲིད་ལུགས་ལས་ཀྱང་“གཡུལ་སར་ཤི་ན་དགའ་མོར་བརྩི། ཁྱིམ་དུ་ཤི་ན་དམན་པར་བརྩི”ཞེས་པའི་རིན་ཐང་གི་ལྟ་བ་དང་ཡོངས་སུ་མཐུན་ཡོད། དེ་ལྟ་ན་གླིང་སྒྲུང་གི་བསམ་བློའི་ཕྱོགས་ལྷུང་གཅོ་བོ་ནི་བཙན་པོའི་དུས་ཀྱི་སྐྱེས་པ་ཕོའི་མི་ཚེའི་རིན་ཐང་མཚོན་པར་བྱས་ཡོད།

འཇིག་རྟེན་ཕལ་པའི་མི་ཚེའི་རིན་ཐང་མཚོན་པ།

 གླིང་གེ་སར་རྒྱལ་པོའི་སྒྲུང་ནི་བོད་ཀྱི་ལོ་རྒྱུས་རིམ་བྱུང་གི་ལོ་རྒྱུས་ཀྱི་དོན་རྐྱེན་དང་ལྷ་སྒྲུང་ཆོས་ལུགས་ཀྱི་བརྗོད་བྱ་གསུམ་ཅིག་ཏུ་བསྡུས་པའི་ལོ་རྒྱུས་སྙན་རྩོམ་ཞིག་ཡིནདེར་བོད་ཀྱི་རྩོམ་པ་པོའི་རྩོམ་རིག་གཞན་དང་མི་འདྲ་བའི་ཁྱད་ཆོས་ནི་དཔལ་ཡོན་གཉིས་མཉམ་དུ་གཏོད་པའི་བསམ་བློ་དང་རང་དབང་འདྲ་མཉམ་གྱི་ཕུགས་འདུན་དང་རེ་བ་མཚོན་ཡོད། དེ་ནི་བོད་ཀྱི་དམངས་ཁྲོད་ཀྱི་སྒྲུང་པ་ཚོས་དཀའ་སྡུག་གིས་མནར་བའི་བོད་མི་དམངས་ཀྱི་བསམ་པའི་ཕྱོགས་ལྷུང་དེ་དམ་པོར་བཟུང་ནས་བཙན་པོ་གཉའ་ནས་གནོན་པ་དང་ཉམ་ཆུང་སུག་ནས་འཐེན་ཏེ་བཙན་གནོན་དང་ཚུར་རྒོལ་ཡན་པོར་མི་གཏོང་བའི་བསམ་བློ་དམིགས་སུ་བཟུང་ཡོད་ལགཡུལ་འགྱེད་ཀྱི་དམིགས་ཡུལ་གཞན་ཞིག་ནི་གླིང་སྒྲུང་ལས་རྟོགས་ཐུསྟེ་དཔེར་ན་གྲུ་གུ་གོ་རྫོང་།》《ཞང་ཞུང་མུ་ཏིག་རྫོང་།》《ཁ་ཆེ་གཡུ་རྫོང་།》《ཚ་བ་རོང་མདའ་རྫོང་།》《སྟག་ཟིག་ནོར་རྫོང་།》《ཙ་རི་སྨན་རྫོང་།》《སུམ་པ་མཛོ་རྫོང་།ཞེས་མཐའ་བཞིའི་རྫོང་ཁག་དག་ཕབ་རྒྱུ་དེ་ཡིནདེས་ན་འཇིག་རྟེན་ཕལ་པ་ཞིག་གི་ངོས་ནས་བཤད་ན་ཚེ་འདིའི་བདེ་བ་བློས་མི་གཏོང་ལ་ཚེ་ཕྱི་མའི་བདེ་བ་ཡང་འདོད་པ་ཞིག་ཡིན་པསགླིང་སྒྲུང་ནང་དུ་ཡང་ཆོས་དང་འཇིག་རྟེན་གཉིས་ཀྱི་ཆེད་དུ་འཐབ་རྩོད་བྱ་རྒྱུ་དམིགས་སུ་བཟུང་ཡོད།

 གོང་དུ་བཤད་པའི་སྣང་ཚུལ་དེ་དག་གི་ཐོག་ནས་གླིང་སྒྲུང་ནི་ཕུ་ཐག་ཤིན་ཏུ་རིང་བ་དང་བསམ་བློའི་ཕྱོགས་ལྷུང་ངེས་ཅན་ཞིག་ཡོད་པ་མ་ཟད། ང་ཚོས་མཐུ་སྒྲིལ་དང་འབྱོར་ཕྱུག ཡར་ཐོན་བཅས་ཀྱི་བོད་ལྗོངས་གསར་པ་ཞིག་འཛུགས་སྐྲུན་བྱེད་པར་ཞིབ་འཇུག་གི་དོན་སྙིང་ལྡན་ཡོད། 

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716