སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
མདའ་གཅིག་གིས་ཤྭ་བོ་གཉིས་བསད།
སྤེལ་དུས། 2016-07-04   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  སྒྲོལ་མ་ཚེ་བརྟན།

           རྗོང་ཨུའི་ཧྲུའི་ཅི་ཉི་མ་ཉིན་འདི་དག་སུན་སྣང་ཞིག་གི་ངང་ལུས་འདུག

ནོར་སྲིད་ཅུས་ཅུས་ཀྲང་སྐལ་ལྡན་གྱིས་ལས་འཁྱུར་ངལ་གསོ་བྱས་ཟིན་ལ་ཤ་ཡོད་སར་འབུ་འཁོར་བའི་རང་བཞིན་གྱིས་སྐལ་ལྡན་གྱི་གོ་གནས་དེ་ལ་མི་ཚང་མས་རེ་བ་དང་ཧམ་སེམས་ཟུང་འབྲེལ་གྱིས་མི་གཞན་པ་བརྒྱུད་པ་དང་རང་ཉིད་དངོས་སུ་འགྲོ་བ།    གང་ལྟར་ཆུང་དང་ཐ་མག་ལ་སོགས་གོང་ཆེན་ཉོ་བ།ཡིག་ཐུམ་དུ་སྒོར་མོ་བཅུག་ནས་ཡོང་བ་སོགས་ཉིན་འདི་དག་ལ་ཉི་མ་ཚང་ལ་ཡོང་བའི་མགྲོན་པོ་རྒྱུན་ཆད་མེད།  གནས་ལུགས་ཡོད་མེད་གང་ཡིན་རུང་ཁ་གཡར་ས་རེ་བཙལ་ནས་ཁ་ཡག་པོ་དང་ངོ་འཛུམ་གྱིས་ལག་སྐྱེས་འབུལ་བཞིན་ཡོད།

འེ།དེང་སྐབས་ཀྱི་ལས་བྱེད་པ་འདི་ཚོའི་སེམས་ལ་ཅི་ཞིག་དྲན་བཞིན་ཡོད་པ་ཧ་མི་གོ་བ་མི་འདུག   ཉི་མ་ཁོང་་གཞུང་ལས་ཁང་དང་ཁྱིམ་སོགས་ནས་འདུག་མ་ཐུབ་པར་ད་ལྟ།  སྲིད་གཞུང་གི་སྣེ་ལན་མགྲོན་ཁང་དུ་ཁང་བ་ཞིག་གླས་ཏེ་མུ་འབྲེལ་གློག་བརྙན་ཞིག་ལ་བལྟས་ཏེ་ཉི་མ་འཁྱོལ་ཐབས་ངང་ལུས་འདུག

གློག་བརྙན་ལ་ལྟ་བཞིན་ལྟ་བཞི་ན་གློ་བུར་དུ་ཉི་མའི་མིག་ཟུང་ཇེ་ཆེ་དང་ངོ་ལ་འཛུམ་མདངས་ཤིག་ཐོན།

ཚོགས་ཐོག་ཏུ།   ཉི་མས་བཤད་རྒྱུར།   སྐལ་ལྡན་གྱི་གོ་གནས་དེ་སུས་ཀྱང་ཐག་གཅོད་མི་ཐུབ།   གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་རྟ་རྡོའི་ཉེ་ཞིག་ང་ཚོའི་སར་ལས་གནས་སྤར་ནས་ཡོང་རྒྱུ་དང་ཁོའི་ལས་གནས་དེ་རྟ་རྡོས་དངོས་སུ་བཀོད་སྒྲིག་བྱ་རྒྱུ་ཡིན་ལ་སྐལ་ལྡན་གྱིས་ལས་འཁྱུར་ངལ་གསོ་བྱས་ཡོད་པའང་ཁོས་ཤེས་ཡོད་ཅེས་བཤད། ཉི་མས་བཤད་མ་ཚར་གོང་སྐད་མགོ་ཅུང་དམའ་མོས་རྟ་རྡོའི་བཀོད་སྒྲིག་ལ་སུས་ཕོག་ཐུག་གཏོང་ཐུབ་ངག་གཅིག་ལྟ་ཟེར།ཚམ་མས་རྟ་རྡོ་དང་ཁོའི་ཤ་ཉེ་གཉིས་ཀྱི་འབྲེལ་བ་དེ་འདྲ་མི་ལེགས་པ་ཤེས་ཡོད་མོད་འོན་ཀྱང་ད་ཐེངས་མི་ལ་ལས་ཁོ་གཉིས་འབྲེལ་བ་ཇི་འདྲ་མི་བཟང་མོད།   རུས་པ་ཆགས་སོང་རུང་རྩ་བརྒྱུས་ཡིས་སྦྲེལ་ཡོད་པ་སོགས

ཉིན་འགའི་རྗེས་སུ་རྫོགང་ཨུ་ནས་བརྡ་སྦྱོར་འབྱོར་ལ།   རྟ་རྡོའི་ཤ་ཉེ་ཡིས་ནིར་སྲིད་ཅུས་ཅུས་ཀྲང་གི་འགན་ཁུར་ཡོད་པ་ཐག་གིས་བཅད་ཟིན།

ཐེངས་ཤིག    ཉི་མ་ཆང་གིས་བཟི་ཡོད་ལ་མི་འགས་ཁོ་དང་མཉམ་དུ་ཁ་བརྡ་བྱས།   ནོར་སྲིད་ཅུས་ཀྱིས་ཀྲང་དེ་དོན་ངོ་མ་ཧྲུའུ་ཅི་རྟ་རྡོའི་བཀའ་ཡིན་ནམ།   ཉི་མས་གསལ་ལ་མི་གསལ་བའི་སྒོ་ནས།   ཕཱེ།  མི་འདི་འདྲ་མང་པོ་ཞིག་གོ་སྐབས་འདིའི་ཆེད་ལ་ཉིན་མཚན་དུས་དྲུག་ཏུ་ཕྱོགས་བཞི་མཚམས་བརྒྱད་ལ་རྒྱུགས།   རྒྱུ་ཤུགས་དང་མི་ཤུགས་སོགས་ཇི་འདྲ་མང་པོ་ཞིག་མ་བཏང་ངམ།  གཞན་པའི་ལག་སྐྱེས་སྒོར་མོ་དང་དངོས་པོ་སོགས་བླངས་ཟིན་ལ།  ཁ་ངོ་ཡང་སྦྱིན་ཟིན།   འོན་ཀྱང་ཚང་མའི་དམིགས་ཡུལ་ནོར་སྲིད་ཅུས་ཀྱི་ཅུས་ཀྲང་གི་གོ་གནས་རེད།   ནོར་སྲིད་ཅུས་ཀྱི་ཅུས་ཀྲང་ལ་གོ་གནས་གཅིག་མ་གཏོགས་མེད་པས་སུ་ཞིག་ལའང་ཕོག་ཐུག་བཏང་ན་མི་འགྲིག   དེ་བས་ཧྲུའུ་ཅི་རྟ་དོའི་ཤ་ཉེ་ལ་སྦྱིན་ན་སུས་ཀྱང་ཁ་གྲག་མི་ཐུབ་ལ།   ཧྲུའུ་ཅི་ཡང་དགའ་བ་མ་ཟད་རྗེས་ཕྱོགས་ཐུགས་ཀྱི་ལྟ་སྐྱོང་ཡང་ཡོད་པས་མདའ་གཅིག་གིས་ཤྭ་ཕོ་གཉིས་གསོད་མ་རེད་དམ།   འོན་ཀྱང་འདྲེ་ཕྲུག་དེ་ལ་ཁེ་ཕན་ཆེན་པོ་ཞིག་ཐོབ་སོང་།  མགོ་བོ་ཕྱིར་དགྱེ་ནས་ཅུང་ཙམ་བསྡད་རྗེས་འདྲེ་ཕྲུག་དེ་ཡང་ཅུང་ཡ་རབས་ཤིག་རེད།   ད་ལོའི་ལོ་སར་སྐབས་ངེད་ཚང་ལ་ཆེད་དུ་ལོ་སར་གྱི་ལེགས་སྐྱེས་བསྐྱལ་ནས་ཡོང་ཐལ་ཞེས་བཤད།

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716