སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
བོད་ཀྱི་རྩོམ་པ་པོ་དང་སྒྱུར་པ་པོ་བཞི་ལ་མི་རིགས་རྩོམ་རིག་བྱ་དགའ་ཐོབ།
སྤེལ་དུས། 2013-01-16   ཡོང་ཁུངས། མཚོ་སྔོན་པོ་དྲ་བ།   རྩོམ་པ་པོ།  ལྗོན་སྨྱུག་ནས་བསྒྲིགས

 

        ཉེ་སྔོན། 2012ལོའིམི་རིགས་རྩོམ་རིགབྱ་དགའི་མིང་ཐོ་ཁྱབ་སྒྲོག་བྱས་ཤིང་། མིང་གྲགས་དཔྱད་འཇོག་པ་དང་རྩོམ་སྒྲིག་པ། ཡིག་སྒྱུར་ཆེད་མཁས་སོགས་སྡོམ་པས་མི24གདན་འདྲེན་ཞུས་ཏེ་དཔྱད་འདེམ་པའི་འགན་ཁུར་བ་དང་། དེ་ཡང་ཐོག་མའི་དཔྱད་འདེམ་དང་མཐའ་མའི་དཔྱད་འདེམ།  དེ་མིན་ཡིག་ཤོག་འཕེན་པ་བཅས་ཀྱི་རྣམ་པར་བརྒྱུདམི་རིགས་རྩོམ་རིགརྒྱ་ཡིག་དང་བོད་ཡིག  སོག་ཡིག དེ་མིན་ཡུ་གུར་སྐད་སོགས་པར་གཞི6གི་བརྩམས་ཆོས25བདམས་ཐོན་བྱུང་།

        དེའི་ཁྲོད་བོད་རིགས་རྩོམ་པ་པོ་ཉི་མ་ཕན་ཐོགས་ཀྱི་བརྩམས་སྒྲུངགཞིས་སྒར་སྡེ་བའི་གཡང་འཛོམས(རྒྱ་ཡིག)ཞེས་པ་དང་།  རྡོ་རྗེ་ཚེ་བརྟན་གྱིས་བསྒྱུར་བའི་བརྩམས་སྒྲུངའཛམ་གླིང་ན་ཆེས་ངོ་མཚར་བའི་ཆུར་ལྷུང་མཁན་ཞིག་གི་གཏམ་རྒྱུད(རྒྱ་ཡིག་ནས་བོད་ཡིག་ཏུ་བསྒྱུར)། སྐྱབས་ཆེན་བདེ་གྲོལ་གྱིས་བསྒྱུར་བའི་ལྷུག་རྩོམས་འོག་གི་རྨི་ལམ(རྒྱ་ཡིག་ནས་བོད་ཡིག་ཏུ་བསྒྱུར)། ལྷ་བྱམས་རྒྱལ་གྱི་བརྩམས་སྒྲུངལམ་གྱི་ཉི་འོད(བོད་ཡིག)བཅས་ཚུད་ཡོད་པ་རེད།

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716