སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
ལོ་དེ་དག་ནང་ལུའུ་ཞུན་རྩོམ་རིག་བྱ་དགར“ཚུལ་མིན་གྱི་སྣང་ཚུལ”ཡང་ཡང་ཐོན་པ།
སྤེལ་དུས། 2014-07-18   ཡོང་ཁུངས། བོད་ལྗོངས་ཁྲིམས་ལུཌ་ཚཌ་པར།   རྩོམ་པ་པོ།  རྟ་མགྲིན་གྱིས་བསྒྲིགས།

ཧུའུ་པེ་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་གཞུང་ཕྱོགས་དྲ་བའི་ཐོག་མངོན་པར་གཞིགས་ན། སྐབས་གོང་མ་ལྔའི་ལུའུ་ཞུན་རྩོམ་རིག་བྱ་དགའ་དཔྱད་འདེམས་བྱེད་སྐབས་ཧུའུ་པེ་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱིས་འོས་སྦྱོར་བྱས་པ་བརྒྱུད་མཐར་བྱ་དགའ་ཐོབ་མཁན་ཁྲེ་ལི་དང་། ལིའུ་ཤིང་ལུང་། ཏེང་ཡེ་ཀོང་། ཁྲེན་དབྱིན་སུང་། ཧུའུ་ཧྲི་ཆོན། ཐན་ཧོ། ཧྥང་ཧྥང་། ཁྲེ་ཡན་ཀའོ་བཅས་མི་བརྒྱད་ཡོད་པ་རེད།

ལུའུ་ཞུན་རྩོམ་རིག་བྱ་དགའ་གཅིག་པ་དང་། སྙན་རྩོམ་རིགས་གཅིག་པ། ཚང་མ་ཧུའུ་པེ་ནས་ཡིན་པ་བཅས་སྟབས་འཁེལ་མང་པོ་དེ་དག་ལས་མི་རྣམས་ཀྱིས་ཁྲེ་ཡན་ཀའོ་ཡིས་བརྗོད་པའི་སྐད་ཆ་ཡིད་ལ་འཁོར་སླ་བ་ཞིག་ཡོད། གལ་ཏེ་ཧུའུ་པེ་ཞིང་ཆེན་གྱི་སྙན་ངག་པ་གཉིས་ལས་བྱུང་བའི་རྩོད་གཞི་ནི་གློ་བུར་དུ་ཐོན་པ་ཞིག་ཡིན་ཞེས་བརྗོད་ཆོག་ཚེ་ལུའུ་ཞུན་རྩོམ་རིག་བྱ་དགའི་ཐད་བྱུང་བའི་རྩོད་གཞི་ནི་ལྡོག་མེད་ཅིག་ཡིན་པ་ལྟར་བྱ་དགའ་དཔྱད་འདེམས་བྱེད་རིམ་བཞིན་ཐོན་གྱི་ཡོད།

ལུའུ་ཞུན་རྩོམ་རིག་བྱ་དགའ་ནི་ཀྲུང་གོ་རྩོམ་པ་པོ་མཐུན་ཚོགས་ཀྱིས་གཙོ་གཉེར་བྱས་པའི་རྒྱལ་ཡོངས་ཀྱི་རིམ་པ་མཐོ་ཤོས་ཀྱི་རྩོམ་རིག་བྱ་དགའི་གྲས་ཤིག་ཡིན་པ་དང་མའོ་ཏུན་རྩོམ་རིག་བྱ་དགའ་དང་། ལའོ་ཧྲེ་རྩོམ་རིག་བྱ་དགའ། ཚའོ་ཡུས་ཟློས་གར་རྩོམ་རིག་བྱ་དགའ་དང་མཉམ་དུ་ཀྲུང་གོའི་རྩོམ་རིག་བྱ་དགའ་ཆེན་པོ་ཞེས་བརྗོད་ཀྱི་ཡོད། ལུའུ་ཞུན་རྩོམ་རིག་བྱ་དགའ་ནི་དུས་རབས་གོང་མའི་ལོ་རབས་70པའི་དུས་མཇུག་ཏུ་ཤུགས་རྐྱེན་ཆེན་པོ་ལྡན་པའིརྒྱལ་ཡོངས་ཀྱི་བརྩམས་སྒྲུང་ཐུང་འབྲིང་བྱ་དགའལས་རིམ་གྱིས་འཕེལ་རྒྱས་བྱུང་བ་ཞིག་ཡིན་པ་དང་། ལུའུ་ཞུན་རྩོམ་རིག་བྱ་དགའ་དཔྱད་འདེམས་བྱེད་སྐབས་བརྩམས་སྒྲུང་རིང་གྲས་བྱ་དགའ་ཕུད་ད་དུང་བརྩམས་སྒྲུང་འབྲིང་གྲས་དང་ཐུང་གྲས་དང་། ལྷུག་རྩོམ། རིགས་གཞུང་། ཡིག་སྒྱུར་སོགས་བྱ་དགའི་རྣམ་གྲངས་གཅིག་གཅིག་ཏུ་བསྡུས་ནས་དཔྱད་འདེམས་བྱེད་ཀྱི་ཡོད།

1998ལོར་སྐབས་དང་པོའི་ལུའུ་ཞུན་རྩོམ་རིག་བྱ་དགའ་སྤྲད་པ་ནས་ད་བར་མི་ཁྱོན་191ལ་བྱ་དགའ་དེ་ཐོབ་པ་དང་རྒྱལ་ནང་དུ་སྐད་གྲགས་ལྡན་པའི་རྩོམ་པ་པོ་ཧྲེ་ཐེ་ཧྲེང་དང་། ཁྲེ་ཙེ་ཅན། པི་ཡུས་ཧྥེ། ཡན་ལན་ཁེ། སུའུ་ཐུང་། ལིའུ་ཆིང་པང་སོགས་ཚང་མར་ལུའུ་ཞུན་རྩོམ་རིག་བྱ་དགའ་ཐོབ་ཡོད།

ལུའུ་ཞུན་རྩོམ་རིག་བྱ་དགའ་ནི་ཀྲུང་གོ་རྩོམ་པ་པོ་མཐུན་ཚོགས་ཀྱིས་ལུའུ་ཞུན་ལ་དྲན་གསོ་ཞུ་ཆེད་བཙུགས་པའི་རྩོམ་རིག་བྱ་དགའ་ཞིག་ཡིན་མོད། འོན་ཀྱང་འཕེལ་རྒྱས་བྱུང་ནས་ད་ཆའི་བར་བྱ་དགའ་དེཀྲུང་གོའི་རིག་གནས་ལས་འགུལ་པའི་རླབས་ཆེའི་སྣེ་ཁྲིད་པཞེས་འབོད་པའི་ལུའུ་ཞུན་དང་བར་ཐག་ཇེ་རིང་དུ་འགྲོ་བཞིན་ཡོད།

2004ལོའི་སྐབས་གསུམ་པའི་ལུའུ་ཞུན་རྩོམ་རིག་བྱ་དགའ་དཔྱད་འདེམས་བྱེད་པའི་སྐབས་དཔྱད་འདེམས་པ་ཡིན་པའི་སྙན་ངག་པ་དང་སྐྱོན་བརྗོད་མཁན་ཁྲེན་ཁྲའོ་ལ་རྒྱལ་ཡོངས་ཀྱི་ཕུལ་བྱུང་རྩོམ་རིག་རིགས་གཞུང་དང་རྩོམ་རིག་དཔྱད་བརྗོད་བྱ་དགའ་ཐོབ་པ་ནི་སྟེས་དབང་ཞིག་ཡིན་ཞེས་བརྗོད་ཆོག་རུང་སྐབས་བཞི་པའི་དཔྱད་འདེམས་པ་ལུའེ་ཏ་དང་། ལི་ཅིན་ཙེ། ཧོ་ཅན་མིང་། ཧུང་ཀྲི་ཀང་སོགས་ལ་དུས་གཅིག་ཏུ་ལུའུ་ཞུན་རྩོམ་རིག་བྱ་དགའ་ཐོབ་པ་ནི་མི་རྣམས་ཀྱིས་ལུའུ་ཞུན་རྩོམ་རིག་བྱ་དགའ་དཔྱད་འདེམས་བྱེད་སྐབསལྐོག་ཏུ་དཔྱད་འདེམས་བྱེད་པའི་སྣང་ཚུལ་ངན་པཡོད་ཅེས་བརྗོད་པ་ལྟར་ཡིན།

མི་རྣམས་ཀྱིས་དོགས་གཞི་ཡོད་ལུགས་བརྗོད་སྐབས་ལུའེ་ཏ་ཡིས་ང་རང་སྐབས་དེ་དུས་རྒྱལ་ཡོངས་ཕུལ་བྱུང་བརྩམས་སྒྲུང་འབྲིང་གྲས་དཔྱད་འདེམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ་ཡིན། ང་རང་ལ་རྒྱལ་ཡོངས་ཀྱི་ཕུལ་བྱུང་རྩོམ་རིག་རིགས་གཞུང་དཔྱད་བརྗོད་བྱ་དགའ་ཐོབ་པའི་ཐད་མཐའ་མཇུག་མིང་ཐོ་མ་དོན་གོང་ངས་ཀྱང་རང་ཉིད་ལ་བྱ་དགའ་ཐོབ་པ་ཤེས་མ་བྱུང་། དེ་ནི་མི་འགའ་ཞིག་གིས་བརྗོད་པ་ལྟར་རང་གིས་རང་ལ་བྱ་དགའ་སྤྲད་པ་ཞིག་མིན་ཞེས་གསར་འགོད་པར་བཤད་པ་རེད།

སྐབས་བཞི་པའི་ལུའུ་ཞུན་རྩོམ་རིག་བྱ་དགའ་དཔྱད་འདེམས་ཐད་དོགས་གཞི་ཡོད་ལུགས་མཇུག་འགྲིལ་མེད་པའི་དུས་སུ་སྐབས་ལྔ་པའི་ལུའུ་ཞུན་རྩོམ་རིག་བྱ་དགའ་དཔྱད་འདེམས་བྱེད་སྐབས་ཁྲེ་ཡན་ཀའོ་ལ་བྱ་དགའ་ཐོབ་པར་མི་མང་པོ་ཞིག་གིས་དོགས་པ་ཆེན་པོ་བྱེད་ཀྱི་ཡོད། དེའི་རྗེས་སུ་སྐབས་འདིའི་རྩོམ་རིག་རིགས་གཞུང་དཔྱད་བརྗོད་རིགས་ཀྱི་བྱ་དགའ་ཐོབ་མཁན་བྱང་ཕྱོགས་བཟོ་ལས་སློབ་ཆེན་རྒྱའི་སྐད་ཡིག་ཚན་ཁག་གི་དགེ་རྒན་ཆེ་མོ་བ་གཞོན་པ་ཐན་ཤུས་ཀྱི་བརྩམས་ཆོསབྱིས་པའི་ལོ་ཟླ་སླར་ཡང་མངོན་པ་དང་བྱིས་པའི་རྩོམ་རིག་སྐོར་ལ་སླར་ཡང་བསམ་བཀོད་བྱེད་པཞེས་པ་དེའང་མི་གཞན་གྱི་བརྩམས་ཆོས་འདྲ་བཤུས་བྱས་ལུགས་བརྗོད་པ་དང་རྩོམ་ཡིག་དེའི་ཡིག་འབྲུ་ཁྲི་33ནང་ནས་ཡིག་འབྲུ་ཁྲི་23འདྲ་བཤུས་བྱས་ལུགས་བརྗོད་ཡོད་པ་རེད།

གནས་ཚུལ་དེར་དམིགས་ནས་སྐབས་ལྔ་པའི་ལུའུ་ཞུན་རྩོམ་རིག་བྱ་དགའི་རིགས་གཞུང་དཔྱད་འདེམས་ཨུ་ལྷན་གྱི་ཀྲུའུ་རེན་ཝང་ཅུས་ཚའེ་ཡིསདཔྱད་ཞིབ་དུས་ཚོད་ཉིན་གསུམ་ཙམ་འགོར་བ་དང་ལྟ་ཀློག་བྱེད་པའི་རྩོམ་ཡིག་མང་བ་དང་ལས་ཀ་བྲེལ་བ་ཆེན་པོ་ཡོད་པས་རྩོམ་ཡིག་མང་པོ་དེ་འདྲ་ཀློག་པའི་དུས་ཚོད་མེད་པ་དང་དཔྱད་འདེམས་པ་ཡོངས་རྩོམ་ཡིག་ཚང་མ་ལྟ་ཀློག་བྱེད་པའི་ནང་ཞུགས་མེདཅེས་བརྗོད།

རྩོམ་རིག་དཔྱད་འདེམས་པ་དང་སྨྱན་སྦྱོར་སོགས་ཕྱོགས་མང་གིས་དོགས་གཞི་ཡོད་ལུགས་བཏོན་པར་ཀྲུང་གོ་རྩོམ་པ་པོ་མཐུན་ཚོགས་ཀྱིས་རྟག་ཏུང་ཚོས་བརྟག་དཔྱད་བྱེད་སྲིདདངང་ཚོས་ཞིབ་བཤེར་བྱས་པ་ཡིན། གནད་དོན་མི་འདུགདཔང་རྟགས་འཁྱེར་ཤོགསོགས་བརྗོད་ཀྱི་ཡོད་པ་རེད།

དེ་སྔོནལུའུ་ཞུན་རྩོམ་རིག་བྱ་དགའ་ནི་དངུལ་གྱིས་ཉོ་ཆོག་པ་ཞིག་རེད། ལུའུ་ཞུན་རྩོམ་རིག་བྱ་དགའ་ཐོབ་མཁན་མི་ཉུང་བ་ཞིག་ནི་དངུལ་ལ་བརྟེན་ནས་ཐོབ་པ་ཞིག་ཡིན་པ་དང་། ད་དུང་ཁག་གཅིག་ནི་ལྐོག་རྔན་སྤྲད་ནས་ཐོབ་པ་ཞིག་རེད། བྱ་དགའ་ཐོབ་ཐབས་བྱེད་པ་ནི། རྩོམ་པ་པོའི་མཐུན་ཚོགས་ནང་གི་རྩོམ་པ་པོ་ཚོའི་མི་ཚེའི་དོན་ཆེན་ཞིག་རེདཅེས་ཡོངས་བསྒྲགས་ངང་ཤོད་མཁན་སྙན་ངག་པ་ཧྲེང་ཧའོ་པོས་རྩོམ་པ་པོ་མཐུན་ཚོགས་ཀྱི་བརྡ་ལན་ལ་ཡི་རངས་བྱུང་མེད་པས་ཁོང་གིསཡོངས་བསྒྲགས་ཚོགས་འདུའི་ཐོག་རྩོམ་པ་པོ་མཐུན་ཚོགས་སྒྲིག་ཁྲིམས་ཞིབ་བཤེར་ཁྲུའི་སྐུ་ཞབས་ཝང་ཁེས། ང་ཚོས་ཞིབ་བཤེར་བྱས་པ་ཡིན། ལུའུ་ཞུན་རྩོམ་རིག་བྱ་དགའ་དཔྱད་འདེམས་བྱེད་པའི་ཐད་གནད་དོན་མི་འདུག་ཅེས་བཤད་སོང་། རང་ཉིད་ཀྱི་གནད་དོན་རང་གིས་ཞིབ་བཤེར་བྱེད་པ་མ་ཟད་ད་དུང་དེ་ལྟར་ཡིན་ཁུལ་བྱེད་པར་ང་དངོས་གནས་ཧང་སངས་བྱུངཞེས་བརྗོད་ཡོད།

ལས་རིགས་དེ་དང་འབྲེལ་བ་ཡོད་མཁན་ཞིག་གིས་ཀྱང་དེ་སྔོན་སྨྱན་སྦྱོར་གྱི་བཅར་འདྲི་དང་ལེན་བྱེད་སྐབས། རྩོམ་པ་པོའི་ལས་རིགས་ཁྲོདསུ་ལ་བྱ་དགའ་ཐོབ་མིན་ཤེས་པ་ལས་བརྩམས་ཆོས་གང་ལ་བྱ་དགའ་ཐོབ་མིན་མི་ཤེས་པའིདར་བཟོ་ཆེ་བའི་སྐད་ཆ་དེ་ལྟ་བུ་ཡོད་ཅེས་བཤད་ཡོད། ཁོང་གིས། དཔྱད་འདེམས་ནང་ཞུགས་མཁན་གྱི་བརྩམས་ཆོས་རིགས་མི་འདྲ་བའི་ཁྲོད་ནས་མཐར་དངོས་གནས་མིང་དོན་མཚུངས་པའི་བྱ་དགའ་ཐོབ་འོས་པའི་བརྩམས་ཆོས་ནི་རེ་གཅིག་རེ་གཉིས་ལས་མེད་པ་དང་བྱ་དགའ་ཐོབ་མཁན་བརྩམས་ཆོས་མང་ཆེ་བ་སྒྱུ་རྩལ་གྱི་ཆུ་ཚད་ཡིན་ནའང་འདྲ་རིག་གཞུང་གི་རིན་ཐང་ཡིན་ནའང་འདྲ་གང་ལྟར་ནའང་ཚང་མ་གྲོས་བསྡུར་ཡག་པོ་བྱེད་དགོས་པ་ཤ་སྟག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད།

དེ་སྔོན་ལུའུ་ཞུན་རྩོམ་རིག་བྱ་དགའི་དཔྱད་འདེམས་པ་བྱེད་མྱོང་བའི་སྙན་ངག་པ་ཀྲའོ་ལིད་ཧྭ་ཡིསལུའུ་ཞུན་རྩོམ་རིག་བྱ་དགའ་རྫུས་མ་ཞིག་ཐོབ་པར་སྣང་བ་འཇོག་དགོས་དོན་མེདཅེས་བརྗོད་པ་ནི་ཅི་འདྲའི་གནད་ལ་འཁེལ་བ་ཞིག་མ་ཡིན་ནམ།

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716