སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
༢༠༡༤ལོའི་སྐབས་གཉིས་པའི“ལེན་ཅིན་ལན་སྒྲུང་ཐུང་བྱ་དགའ”བདམས་བཀོད་བརྡ་ཁྱབ་ཐོག་མ།
སྤེལ་དུས། 2014-08-12   ཡོང་ཁུངས། མི་དམངས་རྩོམ་རིག་དྲ་བ།   རྩོམ་པ་པོ།  བདུད་འདུལ་གྱིས་བསྒྱུར།

   དེང་རབས་རྒྱ་ཡིག་གི་སྒྲུང་ཐུང་གསར་རྩོམ་གྲུབ་འབྲས་གཟེངས་སུ་བསྟོད་ཆེད། སྒྲུང་ཐུང་གསར་རྩོམ་གྱིས་རིག་གནས་ལྟ་བ་དང་། སྒྲུང་གཏམ་གསར་རྩོམ་གྱིས་མི་རིགས་སྐད་ཡིག་དང་འཚོ་བའི་འགན་འཁུར་ལ་བསྐྱར་དཔྱད་བྱས་ནས། ༢༠༡༢ལོའི་ཟླ༦པ་ནས།མི་དམངས་རྩོམ་རིགདུས་དེབ་ཁང་དང་ཀྲེ་ཅང་བུན་ཀྲུག་གྲོང་ཁྱེར་སྲིད་གཞུང་གིསལེན་ཅིན་ལན་སྒྲུང་ཐུང་བྱ་དགའཁྱད་དུ་གནང་།  

  “ལེན་ཅིན་ལན་སྒྲུང་ཐུང་བྱ་དགའཞེས་པའི་མིང་ནི། རང་རྒྱལ་གྱི་དེང་རབས་སྒྲུང་ཐུང་གྲགས་ཅན་པ་སྐུ་ཞབས་ལེན་ཅིན་ལན་རྗེས་དྲན་བྱ་ཆེད། སྐུ་ཞབས་ལེན་ཅིན་ལན་གྱི་མིང་སོར་བཞག་བྱས་ནས་བཏགས་པ་ཡིན་ལ། སྐུ་ཞབས་ལེན་ཅིན་ལན་ལགས་ཀྱི་སྒྲུང་ཐུང་གི་རྩེར་སོན་སྒྱུ་རྩལ་དང་རིག་གནས་ལྟ་བ། གཞུང་དྲངས་ཟོལ་མེད། ཐུན་མོང་ལ་འགན་འཁུར་ནས་སྤྱི་ཚོགས་ཀྱི་སྐྱོན་ཡོན་བརྗོད་པའི་སྤོབས་པ་དང་། མཛེས་ཤིང་མཚར་བའི་སྨྱུག་རྩལ་ལ་གུས་འདུད་ཞུ། ལེན་ཅིན་ལན་སྒྲུང་ཐུང་བྱ་དགའནི་ལོ་གཉིས་རེའི་ནང་བྱ་དགའ་གནང་རྒྱུ་ཡིན་ལ། བྱ་དགའ་སྤྲོད་རྒྱུའི་དཔྱད་བསྡུར་ལོ་གཉིས་ནང་། ཀྲུང་གོར་ཡོངས་སུ་དཔེ་སྐྲུན་བྱ་དགོས་པ་མ་ཟད། རྒྱ་ཡིག་གི་སྒྲུང་གཏམ་རྩོམ་འབྲིའི་ཁྲོད་གྲུབ་འབྲས་ཁྱད་དུ་འཕགས་པའི་སྒྲུང་ཐུང་རྩོམ་པ་པོ་ཡང་ན། ཁྱད་འཕགས་ཀྱི་ཤེས་ཡོན་འམ་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་གྱི་ཁྱད་ཆོས་མངའ་བའི་སྒྲུང་ཐུང་རྩོམ་པ་པོས་བརྩམས་ཆོས་ཕྱོགས་སྒྲིག་དང་ཡང་ན་རྩོམ་ཡིག་རྐྱང་མའིལེན་ཅིན་ལན་སྒྲུང་ཐུང་བྱ་དགའགནང་ས་བུན་ཀྲིག་ས་ཆར་གཏན་ཁེལ་བྱས། གཟེངས་བསྟོད་བྱེད་རྒྱུའི་རྩ་དོན། དཔྱད་གདམས་པའི་འདྲ་ཉམས་དང་གཞུང་དྲང་གི་རྩ་དོན་གཞིར་བཟུང་ནས། རྩོམ་ཡིག་བལྟ་ཀློག་གི་རྨང་གཞིའི་སྟེང་། མཉམ་དུ་དཔྱད་བསྡུར། མིང་མི་འགོད་པའི་བྱེད་སྟངས་ཀྱིས་འདེམ་ཤོག་འཕངས་ནས་བྱ་དགའ་རགས་མཁན་ཐག་གཅོད་བྱེད་དགོས། 

  “ལེན་ཅིན་ལན་སྒྲུང་ཐུང་བྱ་དགའཤན་འབྱེད་པ་ནི་ཐོག་མའི་ཤན་འབྱེད་མཁན་དང་མཇུག་་གི་ཤན་འབྱེད་མཁན་བཅས་ཁག་གཉིས་སུ་བགོས་ཡོད་ལ། ཐོག་མའི་ཤན་འབྱེད་པ་ནི་མི་རིགས་རྩོམ་རིག་དུས་དེབ་ཁང་གི་མི༡༡གིས་གྲུབ་པ་དང་། མཇུག་གི་ཤན་འབྱེད་པ༧ནི་རྒྱལ་ནང་གི་རྩོམ་པ་པོ་གྲགས་ཅན་དང་དཔྱད་གཏམ་བརྗོད་མཁན་གདན་འདྲེན་ཞུས་ནས། སྐབས་རེའི་ཐོག་མའི་ཤན་འབྱེད་མཁན་དང་མཇུག་གི་ཤན་འབྱེད་མཁན་བཅས་གྲུབ་པ་ཡིན།  དངོས་ཡོད་གནས་ཚུལ་ལ་གཞིགས་ནས་ལེགས་སྒྲིག་བྱེད་དགོས་ཏེ། སྐབས་རེའི་བྱ་དགའ་རེག་མཁན་མི་ལྔ་དང་། དེརརྩེར་སོན་གྱི་སྒྲུང་ཐུང་རྩོམ་པ་པོའི་བྱ་དགའདངཕུལ་བྱུང་གི་སྒྲུང་ཐུང་རྩོམ་པ་པོའི་བྱ་དགའབཅས་རིགས་གཉིས་སུ་བྱེ་ཡོད། རིགས་དེ་གཉིས་ཀྱི་མི་གྲངས་དབྱེ་སྟངས་ནིརྩེར་སོན་གྱི་སྒྲུང་ཐུང་རྩོམ་པ་པོའི་བྱ་དགའརེག་མཁན་མི་གཉིས་དང་། ཕུལ་བྱུང་གི་སྒྲུང་ཐུང་རྩོམ་པ་པོའི་བྱ་དགའརེག་མཁན་མི་གསུམ་བཅས་ཡིན། བྱ་དགའི་དངུལ་སྤྲོད་སྟངས་ཀྱི་ཆ་ནས། རྩེར་སོན་གྱི་སྒྲུང་ཐུང་རྩོམ་པ་པོའི་བྱ་དགའརེག་མཁན་མི་རེར་དམངས་སྒོར་ཁྲི་ལྔ་དང་། ཕུལ་བྱུང་གི་སྒྲུང་ཐུང་རྩོམ་པ་པོའི་བྱ་དགའརེག་མཁན་མི་རེར་དམངས་སྒོར་ཁྲི་གསུམ། གཞན་ད་དུང་བྱ་དགའི་དཔང་ཡིག་དང་གཟེངས་བསྟོད་རྟགས་མ་སོགས་གནང་རྒྱུ།  

སྐབས་དང་པོའིལེན་ཅིན་ལན་སྒྲུང་ཐུང་བྱ་དགའ༢༠༡༢ལོའི་ཟླ་༡༠པའི་ཟླ་མཇུག་དུ་གནང་བ་དང་། བྱ་འགུལ་མགོ་མཇུག་བར་གསུམ་དུ་ཕུན་སུམ་ཚོགས་པའི་གྲུབ་འབྲས་ཐོབ། བྱ་དགའ་རེག་པའི་རྩོམ་པ་པོ་ནི་ལུའུ་ཆིན་པང་། ཏུན་ཡེ་གུང་། ཨ་ཡེ། ཀྲང་ཁྲུའུ། ཅིང་ཡེ་ཐན་སོགས་དེང་རབས་རྩོམ་རིག་ལས་རིགས་ཁྲོད་གྲུབ་འབྲས་ཕུན་སུམ་ཚོགས་པའི་སྒྲུང་ཐུང་རྩོམ་པ་པོ་ཡིན།  

སྐབས་གཉིས་པའིལེན་ཅིན་ལན་སྒྲུང་ཐུང་བྱ་དགའ༢༠༡༤ལོའི་ཟླ༦པ་ནས་དངོས་སུ་འགོ་ཚུགས་པ་དང་། མི་དམངས་རྩོམ་རིགརྩོམ་སྒྲིག་པུའུ་རྩ་འཛུགས་ཀྱིས་རྒྱལ་ཡོངས་ནས་གདམ་གསེས་དང་གཅིག་སྡུད་བྱས་རྗེས། སྒྲུང་ཐུང་རྩོམ་པ་པོ་ཁྱོན་མི༡༢རྩེར་སོན་གྱི་སྒྲུང་ཐུང་རྩོམ་པ་པོཐོག་མའི་བདམས་ཐོན་མིང་ཐོ་རུ་བཀོད་པ་དང་། མི༢༣ཕུལ་བྱུང་གི་སྒྲུང་ཐུང་རྩོམ་པ་པོཐོག་མའི་བདམས་ཐོན་མིང་ཐོ་རུ་བཀོད།  

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716