སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
ཨ་ལེས་འཁྲབ་གཞུང་བརྩམས་པའི་གློག་བརྙན《བོད་ཀྱི་མཁའ་དབྱིངས།》ཞེས་པ་ཚེས༢༩ཉིན་སྟོན་རྒྱུ་ཡིན་པ།
སྤེལ་དུས། 2014-08-22   ཡོང་ཁུངས། ཆ་འཕྲིན་ཚགས་པར།   རྩོམ་པ་པོ།  ཀླུ་འབུམ་གྱིས་བསྒྱུར།

བོད་ལྗོངས་ཀྱི་དུས་རབས་སྔོན་མའི་ལོ་རབས༣༠བ་ནས༨༠པའི་བར་གྱི་བཅོས་བསྒྱུར་གྱི་ལོ་རྒྱུས་མཚོན་པའི་གློག་བརྙན《བོད་ཀྱི་མཁའ་དབྱིངས》ཞེས་པ་ཚེས་༢༩ཉིན་སྤྱི་སྟོན་བྱེད་རྒྱུ་ཡིན་པ་དང་། གློག་བརྙན་འདིས་རྒྱལ་ནང་ནས་བྱ་དགའི་རྟགས་མ་ཐེངས་གཉིས་ལ་བླངས་མྱོང་བ་མ་ཟད། མཱོ་ཏོན་རྩོམ་རིག་བྱ་དགའ་ཐོབ་མྱོང་བའི་བོད་ཀྱི་རྩོམ་པ་པོ་གྲགས་ཆེན་ཨ་ལེ་ཡིས་འཁྲབ་གཞུང་རྩོམ་སྒྲིག་པའི་འགན་བཞེས་པ་རེད།

ཁ་སང་གློག་བརྙན་འདིའི་དྲིལ་བསྒྲགས་དང་སྤྱི་སྟོན་གྱི་མཛད་སྒོར་ཞུགས་པའི་ཨ་ལེ་ཡིས། ཁོང་གི་འཁྲབ་གཞུང་དངོས་དང་བསྡུར་ན། གློག་བརྙན་གྱིས་བརྒྱ་ཆའི༧༥ལེགས་པར་མཚོན་ཡོད་པར་གསུངས། ཐོག་དང་པོར་གློག་བརྙན་གྱི་འཁྲབ་གཞུང་རྩོམ་མཁན་གྱི་འགན་བཞེས་པའི་ཨ་ལེ་ལ་མཚོན་ན། རང་ཉིད་ཀྱི་བསམ་བློ་དང་དེའི་རིན་ཐང་མངོན་པར་བྱེད་རྒྱུ་ལས་གཞན་ད་རུང་ཕྱོགས་མང་པོའི་གནད་དོན་དང་མཐུན་སྒྲིག་བྱེད་དགོས། འདི་ནི་ཁོང་གིས་སྒྲུང་རྩོམ་འབྲི་བའི་སྐབས་སུ་འཕྲད་པའི་གནད་དོན་ཡིན་པ་དང་། ཡིན་ན་ཡང་མཉམ་ལས་བྱས་རྗེས"ངས་གྲོས་མོལ་དང་མཐུན་སྦྱོར། བསྟུན་ཐབས་སོགས་སློབ་སྦྱོང་བྱེད་ཐུབ་པ་བྱུང་། འདི་ནི་སྦྱོང་བརྡར་དང་ཉམས་མྱོང་ལེགས་པོ་ཞིག་རེད"ཅེས་གསུངས།

《བོད་ཀྱི་མཁའ་དབྱིངས》ཞེས་པའི་གློག་བརྙན་དུ་བོད་ཀྱི་ལོ་རྒྱུས་ཀྱི་ཛ་དྲག་དང་གཡོ་འགུལ་ཆེ་བའི་ནང་དོན་དང་། འཕོ་འགྱུར་ཆེན་པོའི་ལོ་རྒྱུས་ཀྱི་དུས་སྐབས་དེ་མཚོན་པར་བྱས་ཡོད། གློག་བརྙན་དེ་ནི་འཁྲབ་སྟོན་པ་སྟོབས་རྒྱལ་དང་། གཡང་ཞོ། ངག་དབང་དོན་འགྲུབ། ལྷ་དབང་ནོར་བུ་བཅས་ཀྱིས་གཙོ་འཁྲབ་བྱས་པ་ཡིན་ཞིང་། མཛེས་ཤིང་ལྟ་ན་སྡུག་པའི་ཡུལ་ལྗོངས་ལས་གཞན། ལོ་ངོ་བཅུ་ཕྲག་ཁ་ཤས་བརྒྱུད་པའི་བརྩེ་དུང་གི་གཏམ་རྒྱུད་ཀྱང་ཡོད།

 

ཁ་བྱང་ཕྱི་མོ། ཨ་ལེས་འཁྲབ་གཞུང་བརྩམས་པའི་གློག་བརྙན《བོད་ཀྱི་མཁའ་དབྱིངས》ཞེས་པ་ཟླ་འདིའི་ཚེས༢༩ཉིན་སྟོན་རྒྱུ་ཡིན་པ།

                                                                                                                                                       (རྩོམ་འགན་པ། སྒྲོལ་ཚེ།

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716