སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
མུ་ར་ཁཱ་མེ་དང་པེ་ཏོ་གཉིས་ཡང་བསྐྱར་ནོར་པེལ་རྩོམ་རིག་བྱ་དགའི་མདམ་བྱའི་འོས་མིར་བགྲངས་ཡོད།
སྤེལ་དུས། 2014-09-25   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  ཀླུ་འབུམ་རྒྱལ།

ཟླ༩པ་ཡལ་ལ་ཉེ་བས། རྩོམ་རིག་གི་སྡེ་ནི་འུར་ཟིང་ཆེན་པོས་ཁེངས། ནོར་པེལ་རྩོམ་རིག་བྱ་དགའི་རྒྱན་འགྱེད་དྲ་བ་ནས་སྔར་བཞིན་བྱ་དགའ་ཐོབ་རྒྱུའི་རེ་བ་ཆེ་བའི་རྩོམ་པ་པོ་སྐོར་ཞིག་གི་གྲངས་ཚད་བཀོད་འདུག ད་ལོའི་མིང་ཐོ་ནི་ཅི་འདྲ་ཞིག་ཡིན་ནམ། དབྱིན་ཇིའི་བྷི་ཁར་བྱ་དགའི་མིང་ཐོ་ཐུང་བ་ཁྱབ་བསྒྲགས་བྱས། བྱ་དགའ་ཐོབ་རྒྱུའི་རེ་བ་ཆེ་བའི་བརྩམས་ཆོས་དེ་གང་ཡིན་ནམ། ཨ་རིའི་རྒྱལ་ཁབ་དཔེ་དེབ་བྱ་དགའ་ནི་ཡང་སུ་ཞིག་ལ་སྤྲོད་རྒྱུ་ཡིན་ནམ། འཛམ་གླིང་གི་རྩོམ་རིག་བྱ་དགའ་ཆེ་གྲས་འདི་གསུམ་ནི་ཀུན་གྱིས་དོ་ཁུར་ཆེན་པོ་བྱེད་ས་ཡིན་པ་ནི་བཤད་ཅི་དགོས།

མུ་ར་ཁཱ་མེ་མུ་མཐུད་དུ་ནོར་པེལ་རྩོམ་རིག་བྱ་དགའི་བདམ་བྱའི་འོས་མིའི་མདུན་གྲལ་དུ་རྒྱུག་པ།

སུའེ་ཏེན་གོང་མའི་སློབ་གླིང་གི་གཞུང་ཕྱོགས་དྲ་བའི་གྲངས་ཚད་གཞིར་བཟུང་ན། ད་ལོའི་ནོར་པེལ་རྩོམ་རིག་བྱ་དགའི་བདམ་བྱའི་འོས་མི༢༡༠ལྷག་ཡོད་པ་དང་། དེའི་ཁྲོད་ནས༣༦ནི་ཐོག་དང་པོར་བདམ་བྱའི་འོས་མིར་ཚུད་པ་དང་། དེ་ནི་ལོ་འགོར་གསང་འགྲོལ་གྱི་ཚུལ་དུ་བསྒྲགས་པའི༡༩༦༣ལོའི་བདམ་བྱའི་འོས་མི་༨༠དང་ཐོག་དང་པོར་དེར་ཚུད་པའི་མི༢༢དང་བསྡུར་ན། འདས་ཟིན་པའི་ལོ༥༠རིང་དུ་རྩོམ་རིག་གི་སྡེར་ཡང་དངུལ་ལོ་འགྲེམ་ཐལ་ཤོར་བ་ལྟར་གྱི་སྣང་ཚུལ་བྱུང་འདུག སུའེ་ཏན་གོང་མའི་སློབ་གླིང་གིས་ནོར་པེལ་རྩོམ་རིག་བྱ་དགའི་འོས་མི་བདམ་པའི་གོ་རིམ་དང་ཆེས་མཐའ་མཇུག་གི་ཐག་གཅོད་ཐབས་ཇུས་བཅས་ལོ༥༠རིང་གསང་། མིག་སྔར་ཕྱིར་བཀྲམས་པའི་ཡིག་ཆའི་ཁྲོད་དུ། མི༣ནས༥བར་གྱི་ནང་ཁུལ་གྱི་མིང་ཐོ་ཆུང་ངུར་བདམས་ཐོན་བྱུང་བའི་རྩོམ་པ་པོ་ཕལ་ཆེ་བ་བདམ་བྱའི་འོས་མིར་ཐེངས་མང་པོ་ཚུད་པ་དང་། ཡིན་ནའང་ཆེས་མཐའ་མཇུག་གི་ཐག་གཅོད་དབང་ཆ་ནི་ནོར་པེལ་རྩོམ་རིག་བྱ་དགའི་ཨུ་ལྷན་གྱི་ཚོགས་མི་ཁ་ཤས་ཀྱི་ལག་ཏུ་ཡོད་པས། འདི་འདྲའི་ཁྱད་མཚར་བའི་མིང་སྐུང་བའི་དམངས་གཙོ་གཅིག་སྡུད་ལམ་ལུགས་ཀྱི་འདེམས་བསྐོ་ནི་སྔོན་དཔག་བྱེད་ཐབས་བྲལ་བ་ཞིག་ཡིན།  འདི་ལྟར་དབྱེ་ཞིབ་བྱས་ན་རླུང་རྟ་ཆེས་ཉམས་པ་ནི་མུ་ར་ཁཱ་མེ་ཡིན་པ་འདྲ། རྒྱུ་མཚན་ཅི་ཞིག་གི་ཕྱིར་དུ་ཡིན་པ་མི་ཤེས་མོད། ལོ་ཁ་ཤས་ཀྱི་ཟླ༩པའི་ནོར་པེལ་རྩོམ་རིག་བྱ་དགའི་བདམ་བྱའི་འོས་མིའི་མིང་ཐོ་ཁྲོད་དུ་ཁོང་ནི་རྟག་ཏུ་གྲལ་འགོ་ན་ཡོད། ད་ལོ་ཡང་དེ་བཞིན་ཏེ། ཁོང་ནི་སྔར་བཞིན་༡བསྡུར༥ཡི་བསྡུར་ཚད་ཀྱིས་ནོར་པེལ་རྩོམ་རིག་བྱ་དགའི་བདམ་བྱའི་འོས་མིར་རྒྱན་འགྱེད་པའི་གྲལ་འགོ་ན་འདུག

ད་ལོའི་མང་ཐོའི་ཁྲོད་དུ་མུ་ར་ཁཱ་མེ་དང་། ཨ་རྡོ་ནེ་ཟི། ཨོ་ཚི། སྨི་རན་ཁོན་ཏི་རེ། ཧྥེ་ལོ་ཕུ་རོ་ཟི་དང་པེ་ཏོ་སོགས་ལོ་རེ་བཞིན་གྲལ་མགོར་བཞུགས་ཤིང་ལོ་རེ་བཞིན་བྱ་དགའ་མ་ཐོབ་པའི་ཆ་ཡོད་ཀྱི་ངོ་གདོང་དག་ལས་གཞན་གསར་དུ་བྱོན་པ་ཁ་ཤས་ཀྱང་ཡོད། ཨུ་རུ་སུ་དཀར་པོའི་བུད་མེད་གསར་འགོད་པ་སེ་ཝི་ཆི་ནི་ཨུ་རུ་སུའི་སྨྱན་བྱད་སྡེའི་བརྡ་འཕྲིན་སྤེལ་བར་གཞིགས་ན་ད་ལོར་ཐེངས་དང་བོར་ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་སློབ་ཆེན་ནས་ནོར་པེལ་བྱ་དགའི་བདམ་བྱའི་འོས་མིར་མིང་འདོན་པ་དང་། དེ་ནི་མིག་སྔའི་ཆབ་སྲིད་ཁོར་ཡུག་དང་མངོན་གསལ་ཆེན་པོའི་འབྲེལ་བ་ཆེན་པོ་ཡོད། གལ་སྲིད་ཁོ་མོ་ནི་ནང་ཁུལ་གྱི་མིང་ཐོ་ཐུང་ངུར་བདམ་རྒྱུ་བྱུང་ན། བག་འཁུམ་པའི་ནོར་པེལ་རྩོམ་རིག་བྱ་དགའི་ཨུ་ལྷན་ནས་ཁོ་མོའི་ཡིག་འབྲུ་རེ་རེར་ཞིབ་ཕྲའི་དབྱེ་ཞིབ་བྱེད་ངེས། ཨུ་རུ་སུ་དང་ནོར་པེལ་རྩོམ་རིག་བྱ་དགའི་བར་གྱི་འབྲེལ་བ་ནི་ཀྲུང་གོ་བཞིན་དུ་སེམས་ཁྲེལ་གྱིས་ཁེངས་བའི་རྒྱལ་ཁབ་ཅིག་ཡིན། ལོ་རྒྱུས་ཁྲོད་དུ་ཨུ་རུ་སུའི་རྩོམ་པ་པོ་མང་ཆེ་བ་ནི་སྲིད་གཞུང་ལ་ངོ་རྒོལ་བྱེད་མཁན་ཤ་སྟག་ཡིན་པས། ཕཱ་ཟི་ལྗེར་ན་ཁས་སྲིད་གཞུང་གི་གནོན་ཤུགས་འོག་ཏུ་བྱ་དགའ་ལེན་ཐབས་བྲལ་བ་དེ་དང་པོར་བརྩིས་ན། ༡༩༧༠ལོའི་རྗེས་ནས་བཟུང་ཨུ་རུ་སུའི་རྒྱལ་ཁོངས་ཀྱི་རྩོམ་པ་པོ་གཅིག་གིས་ཀྱང་ནོར་པེལ་རྩོམ་རིག་བྱ་དགའ་ཐོབ་མྱོང་མེད།

རྒྱན་འགྱེད་ཀྱི་མིང་ཐོའི་ཁྲོད་ཀྱི་མཉམ་འཇོག་བྱེད་འོས་པ་ཞིག་ནི་ནོར་ཝེའི་འཁྲབ་གཞུང་རྩོམ་པ་པོ་ཇོ་ཨུན་ཧྥེ་ཟི་རེད། ཋི་ལམ་སི་ཐི་ལོ་མུ་ཡིས་ནོར་པེལ་རྩོམ་རིག་བྱ་དགའ་བླངས་ནས་ལོ་གསུམ་འདས། ནོར་པེལ་རྩོམ་རིག་བྱ་དགའ་ནི་དངོས་གནས་རྟག་པར་ཡོ་རོབ་བྱང་མར་ཕྱོགས་པའི་སྲོལ་རྒྱུན་ཞིག་ཡོད། ཡིན་ནའང་ཧྥེ་ཟི་ནི་འཛེམ་བག་མེད་པ་ཞིག་ཡིན་ཏེ་རང་ཉིད་ནི་དད་ལྡན་གྱི་ཆོས་པ་ཞིག་ཡིན་པར་ནམ་ཡང་དགག་རྒྱག་བྱས་མྱོང་མེད། འདི་འདྲའི་སྣང་ཚུལ་ཐད་ནས་ནོར་པེལ་བྱ་དགའི་ཨུ་ལྷན་ལ་མཚོན་ན་ཆབ་སྲིད་ནོར་འཁྲུལ་གྱི་ནག་ཉེས་ཤིག་ཡོད།  ཅིས་ཀྱང་ཡོ་རོབ་སློབ་གླིང་གི་རྩོམ་རིག་གི་སྡེའི་ལྷ་མེད་སྨྲ་བའི་རིག་པ་ནི་སྔ་ནས་བརྟན་པོ་ཆགས་ཡོད་པ།

ལོ་རེའི་ནོ་པེལ་རྩོམ་རིག་བྱ་དགའ་ཐོབ་མཁན་ཚོད་དཔག་བྱེད་པའི་བྱ་འགུལ་ནི་སྙིང་བོ་མེད་པའི་བྱ་བ་ཞིག་ཡིན་ནའང་ཚང་མ་བཤད་རྒྱུར་ཤིན་ཏུ་དགའ། ཉེ་བའི་ལོ་བཅུའི་རིང་དུ་འཛམ་གླིང་ཧྲིལ་བོར་རིག་གནས་ཀྱི་འགྱུར་ལྡོག་ཆེན་པོ་བྱུང་། རྩོམ་རིག་གི་སྡེས་ཀྱང་རྒྱུན་མ་ཆད་པར་རང་སྟེང་ལ་བསམ་གཞིགས་བྱས་ཏེ་ཅི་ནུས་ཀྱིས་དྲ་རྒྱའི་དུས་རབས་ཀྱིས་མི་བསྐྱུར་བར་བརྩོན་པ་བྱེད། དེར་བརྟེན་བཟོད་སྒམ་དང་ཁོག་ཡངས་ཐད་དུ་མཁྲེགས་འཛིན་གྱི་ལྟ་བ་བྱུང་། ནོར་པེལ་རྩོམ་རིག་བྱ་དགའ་ཁོ་ན་ནི་ཨུ་ཚུགས་ཅན་གྱི་རྒན་པོ་ཞིག་དང་འདྲ་བར་དུས་རབས་ཀྱི་འགྲོས་དང་མི་བསྟུན་པར། སྔར་བཞིན་ནོར་པེལ་གྱིས་ཆེས་ཐོག་མར་བསྟོད་པ་འཐེན་པའི་རྩོམ་རིག་པ་དེ་དག་བཞིན་ཏུ། ངེས་བར་དུ་བསམ་བློའི་ཐད་ནས་ཧུར་བརྩོན་ཡར་སྐྱེད་ཡིན་དགོས་ཤིང་འཛམ་གླིང་ནི་འཕེལ་རྒྱས་ཀྱི་ཁ་ཕྱོགས་ལེགས་པོར་འགྲོ་བར་སྐུལ་འདེད་བྱེད་པའི་རིན་ཐང་ལྟ་བ་ལྡན་པ་དེ་དག་ཡིན་པ།

དབྱིན་ཇིའི་ལ་དི་པུ་རོ་ཁུ་ཟི(Ladbrokrs)པོད་ཚེ་ཀུང་སིས་བསྒྲིགས་པའི༢༠༡༤ལོའི་ནོར་པེལ་རྩོམ་རིག་བྱ་དགའི་རྒྱན་འགྱེད་གྲངས་ཚད་ཀྱི་གོ་རིམ་ནི་གཤམ་གསལ་ལྟར།( ཟླ༩པའི་ཚེས༢༤བར་དུ)

མུ་ར་ཁཱ་མེ།5/1

ཨིན་གུ་ཆི་ཝ་ཏེ་ཨན་གུ6/1

ཨ་ཤེ་ཡ་ཅི་པེར།10/1

ཟི་ཝེ་ལ་ན་ཡ་ལི་སེ་ཝི་ཆི།10/1

ཆོ་དབྱི་སི་ཁ་ལོ་ཨར་ཨོ་ཚི། 12/1

ཆོ་ཨུན་ཧྥེ་ཟི།12/1

ཨ་རྡོ་ནེ་ཟི།16/1

སྨི་ལན་ཁོན་ཏི་རེ།16/1

ཧྥེ་ལི་ཕུ་ལོ་སི།20/1

པི་ཏེར་ན་ཌ་སི། 20/1

པེ་ཏོ།20/1

སྨིར་ཆ་ཁཱ་ཋ་ལེ་སི་ཁུ།25/1

གོ་ཡེན།25/1

ཐོ་མ་སི་ཕན་ཆིན།25/1

ཝིན་པེ་ཐོ་ཨེ་ཁོ།33/1

ནི་རུ་ཏིན་ཧྥ་ལ་ཧོ།33/1

རྡ་ཆི་ཡ་མ་ལ་དབྱི་ནེ།33/1

མཱ་གུ་རེ་ཐུ་ཨ་ཐུ་ཝུ་དི།33/1

ཐང་བདེ་ལི་ལེ།33/1

ཨ་མོ་ཟི་ཨོ་ཚི།33/1

ཨན་ཏུང་ནོ་རོ་བྷོ་ཨན་ཋི་ནི་སི།33/1

རིས་ཋ་རྡི་ཧྥུ་ཐི།33/1

སར་མན་ལ་ཧྲི་ཏི།50/1

བསེ་ཟི་ནོ་ཐུ་བྷོ་སྨི།50/1

ཧྭ་ཝེར་མ་རིས་ཡ་ཟི།50/1

ཁོ་མ་ཁུ་སྨེ་ཁ་ཞི།50/1

བྷོ་པུ་ཏེ་ལུན།50/1

བྷི་དེ་ཧན་རྡི་ཁུ།50/1

ཝེ་ལིན་ཐུ་རེས་ཧྥུ།50/1

མོ་རུས།50/1

ཨ་རིའི་རྩོམ་པ་པོ་ཐེངས་དང་བོར་བྷི་ཁར་རྩོམ་རིག་བྱ་དགའི་བདམ་བྱའི་འོས་མིར་ཚུད་པ།

ནོར་པེལ་རྩོམ་རིག་བྱ་དགའ་དང་བསྡུར་ན། དེ་མཚུངས་ཟླ༡༠བར་སྤེལ་བཞིན་པའི་དབྱིན་ཇིའི་བྷི་ཁར་རྩོམ་རིག་བྱ་དགས། ད་ལོ་ཐེངས་དང་བོར་རང་ཉིད་ཀྱི་འབུར་དུ་ཐོན་པའི་དབྱིན་ཇིའི་འབྱོར་འབྲིང་གྲལ་རིམ་གྱི་རང་གཤིས་བསྐྱུར་ནས་ཨ་རིའི་རྩོམ་པ་པོའི་བརྩམས་ཆོས་བྱ་དགའ་སྤྲོད་རྒྱུའི་དཔྱད་བསྡུར་དུ་ཞུགས་སུ་བཅུག ཟླ༩པར་སྤེལ་བའི་མིང་ཐོ་ཐུང་ངུའི་ཁྲོད་ཀྱི་ཨ་རིའི་རྩོམ་པ་པོ་ཡོ་ཧྲི་ཡ་ཧྥེ་རི་སི་དང་ཁེ་ལམ་ཅོ་དབྱི་ཧྥུ་ལི་གཉིས་ནི་ཐེངས་དང་བོར་བྷི་ཁར་རྩོམ་རིག་བྱ་དགའི་བདམ་བྱའི་འོས་མིར་ཚུད་པའི་ཨ་རིའི་རྩོམ་པ་པོ་ཡིན། མིང་ཐོ་རིང་བོའི་ཁྲོད་དུ་ད་རུང་ཨ་རིའི་རྩོམ་པ་པོ་གཞན་གཉིས་ཀྱང་ཡོད། ཐེངས་འདིས་ཐག་གཅོད་ནི་དབྱིན་ཇིའི་རྩོམ་རིག་གི་སྡེར་དཔྱད་གླེང་སྣ་ཚོགས་ཡོད་མོད། ཡིན་ནའང་མཐའ་མར་ཐག་གཅོད་ལྟར་དུ་སོང་།

རྩོམ་རིག་བྱ་དགའི་བདམ་བྱའི་བརྩམས་ཆོས་ཁྲོད་དུ་མིག་སྔར་གྲགས་ཚད་ཆེས་མཐོ་བ་ནི་ལོ་བཞིའི་སྔོན་དུ་བྱ་དགའ་ཐོབ་མྱོང་བའི་ཧོར་ཝར་རྡི་ཡ་གི་བྷི་སིན་གྱི《J》རེད། བརྩམས་སྒྲུང་འདིའི་བརྗོད་དོན་གྱི་ཐད་ནས《བཀྲེས་ལྟོགས་རོལ་རྩེད》དང་ཅུང་ཆ་འདྲ་པོ་འདུག བརྗོད་དོན་ནི་དུས་མཐའི་བརྩེ་དུང་གི་གཏམ་རྒྱུད་ཅིག་རེད། བྷི་ཁར་གྱི་ལོ་རྒྱུས་སྟེང་དུ་རྩོམ་པ་པོ་གཅིག་གིས་ལོ་ཐུང་ངུའི་ནང་བྱ་དགའ་བསྟུད་མུར་བླངས་བའི་དཔེ་ནི་སྔ་མོ་ནས་མི་ཉུང་བ་ཡོད། ཞི་ལ་ལིས་མན་ཐུར་ནི་གཅིག་ཡིན།

ཐེངས་མང་པོར་བདམ་བྱའི་འོས་མིའི་མིང་ཐོར་བཀོད་རུང་བྱ་དགའ་མ་ཐོབ་པའི་རྩོམ་པ་པོ་ཨ་ལིས་ཧྲི་སྨི་ཟིས་ཐེངས་འདིའི་བདམ་བྱར་ཚུད་པའི་བརྩམས་ཆོས་ནི《ཇི་ལྟར་བྱས་ན་གཉིས་ཀ་ཡོད་སྲིད》ཅེས་པ་རེད། ཨ་ལིས་ཧྲི་སྨི་ཟི་ནི་དེང་རབས་ཕྱི་མའི་དོན་བརྗོད་རྩོམ་ཡིག་འབྲི་བར་འཇོན་པོ་ཡོད་པས། རིག་རྩལ་གྱི་ཤས་དྲག་པས་བྷི་ཁར་བྱ་དགའི་དེ་སྔའི་མཚོན་བྱེད་བརྩམས་ཆོས་ཀྱི་འབྱོར་འབྲིང་གྲལ་རིམ་པའི་ཁོམ་ལོང་གི་དུས་སུ་ཀློག་རྒྱུའི་སྤྲོ་བ་དང་མི་བསྟུན། ད་ལོ་རྣམ་པ་མི་འདྲ་བའི་ཨ་རིའི་རྩོམ་པ་པོའི་བརྩམས་ཆོས་ཀྱང་བདམ་བྱས་བསྐོས་པས་ཁ་ཕྱོགས་ཐད་ལ་འགྱུར་བ་བྱུང་ཡོད་དམ།

གལ་སྲིད་ལོ་སྔོན་མ་དག་གི་བདམ་ཚུལ་དང་ཁ་ཕྱོགས་ལ་བལྟས་ན་རིས་ཆར་རྡི་ཧྥེ་ལ་ནེ་གུའི《རྒྱང་རིང་བྱང་ཕྱོགས་སུ་གཏད་པའི་འཕྲང་ལམ།》ཞེས་པ་ནི་དཔྱད་འདེམ་དུ་འོས། དེར་འཁྲུག་ཆེན་གཉིས་པའི་སྐབས་སུ་འཇར་པན་གྱིས་ཐེ་ལན་ཊི་དང་འབར་མའི་ལྕགས་ལམ་བསྐྲུན་པའི་སྐབས་ཀྱི་གཏམ་རྒྱུད་བྲིས་ཡོད། བར་དུ་རང་བྱུང་གིས་བརྩེ་དུང་གི་གཏམ་རྒྱུད་ཅིག་གནས། འདི་ནི་ཡ་མཚན་ཅན་གྱི་རིགས་དང་དང་ལོ་རྒྱུས་ཀྱི་རིགས། འཆར་ཡན་ཅན་གྱི་རིགས་བཅས་ཚང་བའི་བརྩམས་ཆོས་ཤིག་ཏུ་བཤད་ཆོག

ཨ་རིའི་རྩོམ་པ་པོ་དེ་གཉིས་ལས་ཡོ་ཧྲི་ཡ་ཧྥེ་ལི་ཟི་ཡི་བརྩམས་སྒྲུང་ཁྲོད་དུ་སོ་ནད་སྨན་པ་ཞིག་གི་འབྲེལ་དྲའི་དུས་རབས་ཀྱི་གཏམ་རྒྱུད་བྲིས་ཡོད།  ཧྥིར་ལི་ཡིས་ཁྱིམ་ཚང་ནང་ཁུལ་གྱི་བརྩམས་སྒྲུང་ཁྲོད་དུ་རེས་འཁོར་གྱི་སྒྲིག་གཞི་ཞིག་སྤྱད་ཡོད། ཨ་རིའི་རྩོམ་པ་པོ་འདི་གཉིས་ཀྱི་བརྩམས་ཆོས་ལ་སོ་སོར་ཁྱད་ཆོས་ལྡན། ཧྥེ་ལི་ཟི་ནི་ཀློག་པ་པོའི་ཁྲོད་དུ་དེ་འདྲའི་ཤུགས་རྐྱེན་མེད་མོད། ཡིན་ནའང་བྷི་ཁར་རྩོམ་རིག་བྱ་དགའི་ཨུ་ལྷན་གྱི་དགའ་བ་ཆེན་པོ་ཐོབ་ཡོད་པ་འདྲ། ཧྥེར་ལི་ཡིས་བུད་མེད་ཀྱི་ཁྱིམ་ཚང་བརྗོད་བྱར་བཟུང་ནས་བྲིས་ཡོད་པས། ཀློག་པ་པོའི་གདེང་འཇོག་ཅུང་མཐོན་པོ་ཡོད།

དེ་མིན་བདམ་བྱའི་འོས་མིའི་ཁྲོད་དུ་རྒྱ་གར་ནས་སྐྱེས་པའི་ནི་ཨེར་མོ་ཁར་ཅིས་ཀྱི་ཁོ་བོའི་རྒྱ་གར་ལྷོ་མའི་ཕ་ཡུལ་དང་འབྲེལ་བའི་བརྩམས་སྒྲུང་ཡོད།

 

ཨ་རིའི་རྒྱལ་ཁབ་དཔེ་དེབ་བྱ་དགའ། རྟོག་བཟོ་མ་ཡིན་པར་དོན་སྙིང་ཆེས་ལྡན་པ།

སྟོན་དུས་ཀྱི་རྩོམ་རིག་བྱ་དགའ་གནང་བའི་དུས་ཚིགས་སུ་དོ་ཁུར་ཆེན་པོ་བྱེད་ས་གཞན་ཞིག་ནི་ཨ་རིའི་རྒྱལ་ཁབ་དཔེ་དེབ་བྱ་དགའ་ཡིན། རྩོམ་རིག་བྱ་དགའ་འདིར་རྟོག་བཟོ་དང་རྟོག་བཟོ་མ་ཡིན་པ། སྙན་ངག་དང་བྱིས་པའི་རྩོམ་རིག་བཅས་བཞི་བཀར་ཡོད།

ཨ་རིའི་རྒྱལ་ཁབ་དཔེ་དེབ་བྱ་དགར་མིང་འདི་འདྲ་ཞིག་བཏགས་ཡོད་ནའང་། འདི་ནི་སྲིད་གཞུང་གིས་གནང་བའི་བྱ་དགའ་ཞིག་མིན། ཐོག་མའི་དུས་སུ་པར་སྐྲུན་ཚོང་འགྲེམ་མཐུན་ཚོགས་དང་པར་འདེབས་མཐུན་ཚོགས། བརྒྱུད་འཚོང་ཚོང་འགྲེམ་མཐུན་ཚོགས་བཅས་ནས་ཐུན་མོང་གིས་མ་རྩ་བཏོན་ཏེ་རོགས་སྐྱོར་མཛད་པ་དང་། མིག་སྔའི་ལས་འཛིན་ཚོགས་པའི་ཁྲོད་དུ་པར་སྐྲུན་ཚོང་འགྲེམ་དང་པར་འདེབས་ཚོང་འགྲེམ་གྱིས་གོ་གནས་མཐོན་པོ་བཟུང་ཡོད། འདི་ནི་བྷི་ཁར་བྱ་དགའ་ལྟར་མཱན་ཚོགས་ཁག་ནས་འགྲོ་སོང་ཡོངས་གཏོང་བ་དང་ནོར་པེལ་བྱ་དགའ་ལྟར་ནོར་པེལ་ཐེབས་རྩ་ཚོགས་པ་ནས་འགྲོ་སོང་ཡོངས་གཏོང་བ་དང་མི་མཚུངས་བར། ཨ་རིའི་རྒྱལ་ཁབ་དཔེ་དེབ་བྱ་དགའི་ཐེབས་རྩ་ཚོགས་པ་ནས་ལོ་རེར་མ་དངུལ་རིགས་མང་བོ་བསྡུ་དགོས། དེར་བརྟེན་དུས་ཡུན་རིང་བོར་ལས་སྟངས་ཐད་ནས་ཚོང་རའི་རང་བཞིན་ཐལ་ཆེ་ཞིང་། ལྟོས་བཅོས་ཀྱིས་རྙོག་འཛིང་ཆེ་བའི་ཨ་རིའི་རྒྱ་ཆེ་བའི་མངའ་ཁོངས་ཀྱི་གྲོང་ཁྱེར་ཆེན་པོའི་མི་མ་ཡིན་པའི་རྩོམ་རིག་གི་ཉམས་ཤིག་མཚོན་ཡོད། གང་ལྟར་རང་ཉིད་ཀྱིས་དེ་ནི"རྩོམ་པ་པོས་རྩོམ་པ་པོར་གནང་བའི་བྱ་དགའ"ཞིག་ཏུ་འདོད་ནའང་།

རྟོག་བཟོའི་རྩོམ་ཡིག་ནི་རྩོམ་རིག་གི་ཐབས་ལམ་མང་བ་དང་ཨ་རིའི་རིགས་གཞན་པའི་ལོ་རྒྱུས་དང་འཚོ་བའི་དོན་བརྗོད་རྩོམ་ཡིག་ཡིན་པ་བཤད་མི་དགོས། རྒྱུ་ཆ་བདམས་པའི་སྤྲོ་བ་ནི་རྟག་ཏུ་བརྩམས་སྒྲུང་གི་རྩོམ་རིག་རང་བཞིན་ལས་བརྒལ་ཡོད། དེར་བརྟེན་ལོ་རེའི་བྱ་དགའ་ཐོབ་པའི་རྩོམ་པ་པོ་ནི་བདམ་བྱའི་འོས་མིའི་ཁྲོད་ཀྱི་གྲགས་པ་དེ་འདྲའི་ཆེན་པོ་མེད་པ་དེ་དག་ཡིན།

དེ་དང་བསྡུར་ན་ཨ་རིའི་རྒྱལ་ཁབ་དཔེ་དེབ་བྱ་དགའི་རྟོག་བཟོ་མ་ཡིན་པའི་བརྩམས་ཆོས་ཀྱི་བདམ་བྱར་ཚུད་པའི་བརྩམས་ཆོས་རྣམས་རྟག་ཏུ་དོན་སྙིང་ཆེན་པོ་ལྡན། བརྗོད་བྱའི་ཁྱབ་ཁོངས་རྒྱ་ཆེ། ཀློག་པ་པོར་ལྟ་རྒྱ་བསྐྱེད་པའི་ནུས་པ་ལྡན། ད་ལོར་བདམ་བྱར་ཚུད་པའི་བརྩམས་ཆོས་ལ《ཉུག་ཡོག་མགྲོན་པོ》དང་དེ་སྔོན་ཀྲུང་གོར་བཞུགས་པའི་གསར་འགོད་པ་ཨེ་ཝུན་ཨོ་སི་ནོ་སི(ཨོ་ཡི་ཝུན)ཡི《ཧམ་སེམས་ཀྱི་དུས་རབས》ཞེས་པ། ད་རུང་《ཅོ་བྷི་སིས་རྣམ་ཐར》རྩོམ་པ་པོ་ཝོར་ཐུ་ཨེ་ཟ་ཁུ་སིན་གྱིITསྡེ་དང་འབྲེལ་བའི་རྟོག་བཟོ་མིན་པའི་བརྩམས་ཆོས། ཐན་ན་ཞི་ཝེར་ལན་སྨི་སི་དང་རོ་ཟི་ཧྥུ་ཆུང་བའི་རྣམ་ཐར། ད་རུང་དོན་སྙིང་ཆེས་ཆེར་ལྡན་པ་ཞིག སྐྱེ་དངོས་རིག་པ་བས་དངོས་རིགས་ཀྱི་ངོ་བོའི་ལྟ་བའི་ཐད་ནས་བྲིས་བའི་དངོས་གནས་རང་བཞིན་གྱི་མཚན་ཉིད་རིག་པའི་བརྩམས་ཆོས《མིའི་རིགས་འཚོ་གནས་ཀྱི་དོན་སྙིང་》བཅས་སོ།

ཨ་རིའི་རྟོག་བཟོ་མ་ཡིན་པའི་རྩོམ་པ་པོ་ནི་སྡུག་རུས་ཆེས་ཆེ་བའི་སྡེ་ཞིག་ཡིན། ཁོང་ཚོས་རྟག་ཏུ་རྒྱ་ཆེ་བའི་མཐའ་མའི་གནད་དོན་རིགས་མང་པོ་ཞིག་ལ་ཐག་གཅོད་ཀྱི་ཐབས་ལམ་སྦྱིན་ཐུབ་སྙམ་ཡོད་པ་དང་། དེ་བས་ཨ་རིའི་ཀློག་པ་པོ་རྣམས་ཀྱིས་ཀྱང་ཡོད་ཚད་ནི་དཔེ་འོས་པ་ཞིག་ཏུ་འདོད་ཡོད། ཆོས་ལུགས་དང་ཚན་རིག ཡང་ན་སེམས་གསོའི་མན་ངག་གང་ཞིག་ཡིན་རུང་རང་ཉིད་ལ་འཚམ་པ་གཅིག་ཡོད་སྲིད། དེར་བརྟེན་ཨ་རིའི་རྟོག་བཟོ་མ་ཡིན་པའི་བརྩམས་ཆོས་ཀྱི་གསར་རྩོམ་དང་བྲིན་ཚད་ཐད་དུ་སྐབས་རེར་རྟོག་བཟོ་དང་སྙན་ངག་གི་རིགས་ལས་བརྒལ་སྲིད། བརྩམས་སྒྲུང་གི་བྱ་དགའི་བདམ་བྱར་ཚུད་པའི་མིང་ཐོའི་ཁྲོད་དུ་མ་ལིས་ལན་རོ་པིན་ཞོན་གྱི་ཨེ་ཧུ་ཧཱའི་བརྩམས་ཆོས་གསུམ་གྱི་མཐའ་མའི་ལེའུ《ལེ་ལཱ》དང་རིས་ཆར་རྡི་བྷོ་ཝེར་གྱི་《ཨོ་ཧྥེ་ཨོ》ལས་གཞན་རྩོམ་པ་པོ་བརྒྱད་ནི་རྩོམ་རིག་གི་སྡེའི་རིམ་པ་དང་བོའི་བརྩམས་སྒྲུང་མཁན་དུ་བགྲང་མི་འོས། དེའི་ཁྲོད་དུ་ཨ་རིའི་དམག་ལས་བུད་པའི་དམག་དཔོན་ཧྥེ་ཨེར་ཁུ་ལེའི་ཨ་ཧྥུ་ཧན་དང་འབྲེལ་བའི་བརྩམས་སྒྲུང་ཚོགས་དང་། ཚན་རིག་འཕྲུལ་སྣང་རིགས་ཀྱི་བརྩམས་སྒྲུང་མཁན་ན་གཞོན་བུད་མེད་རྩོམ་པ་པོ་ཨེ་མེ་ལིས་ཧྲིན་ཡོ་ཧན་མན་རྡར་སོགས་ཡོད། དེ་ཡང་པར་སྐྲུན་ཚོང་ཁང་ཁག་སོ་སོའི་ད་ལོའི་སྟོབས་ཤུགས་གསར་བ་ མཚོན་ཡོད་པར་བཤད་ཀྱང་ཆོག

ཨ་རིའི་རྒྱལ་ཁབ་ཀྱི་དཔེ་དེབ་བྱ་དགའི་མིང་ཐོ་ཐུང་བ་ནི་ཟླ༡༠བའི་ཚེས༡༥ཉིན་སྤྱི་བསྒྲགས་བྱེད་རྒྱུ་ཡིན་པ་དང་གཟེངས་གཏོད་ཀྱི་མཛད་སྒོ་ནི་ཟླ༡༡པར་འཚོགས་རྒྱུ་རེད།

དོན་དངོས་སུ་ནོར་པེལ་རྩོམ་རིག་བྱ་དགའ་ལས་གཞན་རྩོམ་རིག་བྱ་དགའ་ཕལ་ཆེ་བའི་བྱ་དགའི་དངུལ་ནི་དེ་འདྲའི་མཐོན་པོ་མེད། ཨ་སྒོར་ཁྲི༥ནས་༦བར་དུ་གནས་ཡོད། གལ་ཏེ་རྩོམ་རིག་གི་སྡེའི་སུ་ཞིག་ལ་ཉེ་ཆར་བྱ་དགའ་ཐོབ་ཅེས་བཤད་ན། ཁྱོད་རང་ཡ་མཚན་ཆེན་པོ་སྐྱེས་སྲིད། རྒྱུ་མཚན་ནི་མི་འདི་གཉིས་ལས་གཅིག་ནི་སྙན་ངག་པ་དང་གཞན་ཞིག་ནི་སྙན་ངག་ལོ་ཙཱ་བ་རེད། དེ་གཉིས་ནི་མི་ནག་སྙན་ངག་པ་ཐུ་ལུན་སི་ཧྭ་ཡེ་སི་དང་ཨ་རོབ་ཀྱི་སྙན་ངག་ལོ་ཙཱ་བ་ཁཱ་ལེ་རྡི་མ་ཋ་ཝ་གཉིས་རེད། ཁོང་གཉིས་ནི་ཟླ༩པའི་ཚེས༡༧ཉིན་སྤྱི་བསྒྲགས་བྱས་པའི་རྨེ་ཁུ་ཨ་སིག་བྱ་དགའ་ཐོབ་མཁན༢༡གི་མིང་ཐོའི་སྟེང་དུ་བཀོད་ཡོད། ཁོང་གཉིས་སོ་སོར་ཨ་སྒོར་ཁྲི༦༢ཀྱི་བྱ་དགའ་མཐོན་པོ་རག་འདུག

ཁ་བྱང་ཕྱི་མོ། རྩོམ་རིག་བྱ་དགའ་སྣ་ཚོགས་གནང་བའི་དུས་ཚིགས་ལ་སླེབས་པས། མུ་ར་ཁཱ་མེ་དང་པེ་ཏོ་གཉིས་ཡང་གཅིག་ནོར་པེལ་རྩོམ་རིག་བྱ་དགའི་མདམ་བྱའི་འོས་མིར་བགྲངས་ཡོད།

རྩོམ་འགན་པ། སྒྲོལ་ཚེ།

 

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716