སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
དུས་རབས་འདིའི་ནང་ནོ་པེལ་རྩོམ་རིག་བྱ་དགའ་ཐོབ་མཁན་སུ་དག་ཀྲུང་གོ་རུ་བྲིན་ནམ།
སྤེལ་དུས། 2014-09-29   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  ཟླ་བ།

རྒྱ་ཡིག་གི་ཨེ་མ་ཟོན(Amazon)དྲ་ཚིགས་ཀྱིས་ལོ14རིང་གི་ནོ་པེལ་རྩོམ་རིག་བྱ་དགའ་ཐོབ་པའི་བརྩམས་ཆོས་བྲིན་ཆེ་བ་དག་བདམས་ཐོན་བྱུང་བ།

སའི་གོ་ལ་ཧྲིལ་པོར་སྐད་གྲགས་མཐོ་བའི་ནོ་པེལ་གྱི་བྱ་དགའི་རྣམ་གྲངས་རེ་རེ་བཞིན་གཟའ་རྗེས་མ་ནས་བཟུང་གནང་མགོ་རྩོམ་རྒྱུ་ཡིན་པ་ལ།    དེ་ཡང་སྔར་གྱི་འགྲོ་སྲོལ་དང་ལམ་ལུགས་ལྟར་དུ་ཟླ་བཅུ་པའི་གཟའ་འཁོར་གཉིས་པའི་རེས་གཟའ་ཕུར་བུ་ཡི་ཉིན་ལ་ནོ་པེལ་རྩོམ་རིག་བྱ་དགའ་ཕྱི་ལ་གསལ་བསྒྲགས་བྱ་རྒྱུ་ཡིན་པར་ད་ལོ་ནི་ཟླ་བཅུ་པའི་ཚེས་དགུ་ཉིན་ལ་ཁེལ་ཡོད་པ་རེད་འདུག     སྨྱན་ལམ་དང་རྩོམ་རིག་གི་ཀློག་པ་པོ་ལས་གཞན་ནོ་པེལ་རྩོམ་རིག་བྱ་དགའ་ལ་བློ་རྩེ་གཏད་མཁན་ལ་ད་དུང་རྒྱལ་ནང་གི་དཔེ་སྐྲུན་ཁང་མང་པོ་ཡོད་པ་རེད་དེ།    དེའི་རྒྱུ་མཚན་ནི་ནོ་པེལ་རྩོམ་རིག་བྱ་དགའ་ཐོབ་མཁན་གྱི་བརྩམས་ཆོས་མང་པོ་ཀྲུང་གོའི་དཔེ་འཚོང་གི་ལས་རིགས་ནང་དུ་ཚོང་ཆེས་ཆེར་བྲིན་པོ་ཡོད་པས་རེད།    ད་ལོའི་ནོ་པེལ་རྩོམ་རིག་བྱ་དགའ་ཕྱི་ལ་སྒྲོག་ལ་ཉེ་བའི་སྐབས་འདིར།     རྒྱ་ཡིག་གི་ལམ་གྱི་ཨེ་མ་ཟོན་དྲ་ཚིགས་ཀྱིས་སྤྱི་ལོ2000ལོ་ནས2013ལོའི་བར་གྱི་ནོ་པེལ་རྩོམ་རིག་བྱ་དགའ་ཐོབ་མཁན་གྱི་རྩོམ་པ་པོ་བཅུ་བཞི་ཡི་བརྩམས་ཆོས་དག་ཀྲུང་གོའི་ཚོང་རྭ་རུ་ཚོང་བྲིན་གྱི་ཡོད་མེད་ལ་བརྟག་ཞིབ་གནང་བར་བརྩམས་ཆོས་བྲིན་ཤོས100ཡི་ནང་དུ་མོ་ཡན་གྱི་བརྩམས་ཆོས་ཀྱིས50%ཟིན་ཞིང་ཁོའི་བརྩམས་ཆོས40ལྷག་བྲིན་ཤོས་ཀྱི་གྲས་སུ་ཚུད་ཡོད་པ་རེད།    མོ་ཡན་ལ་སྤྱི་ལོ2012ལོར་ནོ་པེལ་རྩོམ་རིག་བྱ་དགའ་ཐོབ་པའི་རྗེས་ནས་བརྩམས་ཆོས་ཀྱི་ཚོང་བྲིན་ཚད་མ་ཐོབ་སྔོན་གྱི་ཟླ་དེ་ལས་ལྡབ33འཕེལ་ཡོད་པ་རེད།

རྒྱ་ཡིག་གི་ཨེ་མ་ཟོན་དྲ་ཚིགས་ཀྱི་ཚོང་ཚད་ཀྱི་གཞི་གྲངས་ལྟར་ན།   2000ལོ་ནས2013ལོའི་བར་གྱི་ནོ་པེལ་རྩོམ་རིག་བྱ་དགའ་ཐོབ་མཁན་རྩོམ་པ་པོ14ལས་ཀྲུང་གོའི་ཀློག་པ་པོ་དག་གི་དགའ་བསུ་ཐོབ་ཤོས་ཀྱི་རྩོམ་པ་པོ་སྔོན་མ་ལྔ་ནི།    2012ལོའི་བྱ་དགའ་ཐོབ་མཁན་མོ་ཡན་དང་།   2013ལོའི་བྱ་དགའ་ཐོབ་མཁན་ཨ་ལི་སེ་མུན་རོ།   2001ལོའི་བྱ་དགའ་ཐོབ་མཁནV.S.ནེ་པོར།   2006ལོའི་བྱ་དགའ་ཐོབ་མཁན་ཨོར་ཧན་ཕ་མུ་ཁི།   2003ལོའི་བྱ་དགའ་ཐོབ་མཁནJ.M.ཁུ་ཆེ་བཅས་ཡིན་པ་རེད།    མོ་ཡན་གྱི་བརྩམས་ཆོསསྦལ་བདངནུ་མ་རྒྱས་ཤིང་འཕོངས་ཚོས་ཆེ   སྐྱེ་འཆིའི་ངལ་དུབལ་སོགས་དང་། ཨ་ལི་སེ་མུན་རོ་ཡིབྲོས་བྱོལདངསྙིང་ཉེ་བའི་འཚོ་བདང་།  ཨོར་ཧན་ཕ་མུ་ཁི་ཡིཨེ་སི་ཐན་པུལ་ཏེ་གྲོང་ཁྱེར་ཞིག་གི་དྲན་པལ་སོགས་པ་ནི་ཚོང་ཆེས་བྲིན་ཤོས་ཀྱི་བརྩམས་ཆོས་སུ་གྱུར་ཡོད་པ་རེད།

བྱ་དགའ་ཐོབ་པའི་རྩོམ་པ་པོ་བཅུ་བཞི་ལས་རྩོམ་པ་པོ་ཕལ་མོ་ཆེ་ནི་ནོ་པེལ་རྩོམ་རིག་བྱ་དགའ་མ་ཐོབ་པའི་སྔོན་ལ་ཀྲུང་གོའི་ཀློག་པ་པོ་དག་ལ་ཆ་མེད་རྒྱུས་མེད་ཡིན་ཞིང་ཁོང་ཚོའི་བརྩམས་ཆོས་ཀྱང་རྒྱལ་ནང་དུ་བསྒྱུར་ཏེ་མཚམས་སྦྱར་མེད་འདུག    ནོ་པེལ་བྱ་དགའི་མིང་དང་སྙན་གྲགས་དེ་ཚོང་གི་མཐུན་རྐྱེན་དུ་གྱུར་པའི་དབང་གིས་དཔེ་སྐྲུན་ཁང་མང་པོས་ཀྱང་བརྩམས་ཆོས་དེ་དག་གི་པར་དབང་ལག་ཏུ་ཨེ་རེག་ལ་རྩོད་པ་དང་འཕྲོག་རེས་བྱེད་ཀྱི་ཡོད་པ་རེད།    རྒྱ་ཡིག་གི་ཨེ་མ་ཟོན་གྱི་གཞི་གྲངས་ལྟར་ན་ནོ་པེལ་རྩོམ་རིག་བྱ་དགའ་ཐོབ་པ་རྐྱེན་བྱས་ནས་བརྩམས་ཆོས་ཤིན་ཏུ་བྲིན་པར་གྱུར་པའི་རྩོམ་པ་པོ་ནི2013ལོའི་བྱ་དགའ་ཐོབ་མཁན་ཨ་ལི་སེ་མུན་རོ་ཡིན་འདུག་ལ་ཁོ་མོའི་བྱ་དགའ་ཐོབ་རྗེས་ཀྱི་ཟླ་དང་པོའི་ནང་གི་བརྩམས་ཆོས་ཀྱི་ཚོང་ཚད་བྱ་དགའ་མ་ཐོབ་གོང་གི་ཟླ་དེའི་ནང་ལས་ལྡབ1500ལ་ཉེ་བ་ཡར་འཕར་ཡོད་པ་རེད་འདུག

ལྷན་ཐབས 2000ལོ་ནས2013ལོའི་བར་ནོ་པེལ་རྩོམ་རིག་བྱ་དགའ་ཐོབ་མཁན14ཡི་བརྩམས་ཆོས་བྲིན་ཚད་ཀྱི་ཐོ་ཡིག (སྔོན་གྱི50)

1.སྦལ་བ མོ་ཡན། (2012ལོའི་ནོ་པེལ་རྩོམ་རིག་བྱ་དགའ་ཐོབ་མཁན)

2.བྲོས་བྱོལཨ་ལི་སེ་མུན་རོ། (2013ལོའི་ནོ་པེལ་རྩོམ་རིག་བྱ་དགའ་ཐོབ་མཁན)

3.ནུ་མ་རྒྱས་ཤིང་འཕོངས་ཚོས་ཆེམོ་ཡན།

4.སྐྱེ་འཆིའི་ངལ་དུབམོ་ཡན།

5.ཙན་དན་གྱི་ཁྲིམསམོ་ཡན།

6.ཁྲེ་རྒོད་དམར་པོམོ་ཡན།

7.ཁྲེ་རྒོད་དམར་པོའི་ཁྱིམ་རྒྱུདམོ་ཡན།

8.སྙིང་ཉེ་བའི་འཚོ་བཨ་ལེ་སི་མུན་རོ།

9.ཆང་གི་རྒྱལ་ཁམསམོ་ཡན།

10.ཨེ་སི་ཐན་པུལ་ཏེ་གྲོང་ཁྱེར་ཞིག་གི་དྲན་པཨོར་ཧན་ཕ་མུ་ཁི།(2006ལོའི་ནོ་པེལ་རྩོམ་རིག་བྱ་དགའ་ཐོབ་མཁན)

11.ཀུན་གྱིས་ཤེས་པའི་གསང་བཨ་ལེ་སི་མུན་རོ།

12.དུས་རབས་འདིའི་རྩོམ་པ་པོ་དྲུག་ཅུ་ལས་མོ་ཡན་གྱི་བརྩམས་ཆོས་གཅེས་བཏུསམོ་ཡན།

13.དག་ཞིང་གི་སྒོག་པའི་གླུམོ་ཡན།

14.ནགས་ཀླུང་དམར་པོམོ་ཡན།

15.སྒྱོགས་ཞེ་གཅིགམོ་ཡན།

16.གོམ་པ་བཅུ་གསུམམོ་ཡན།

17.རྩྭ་ཟན་ཚངམོ་ཡན།

18.མི་གེར་སྲངV.S.ནེ་པོར།(2001ལོའི་ནོ་པེལ་རྩོམ་རིག་བྱ་དགའ་ཐོབ་མཁན)

19.མོ་ཡན་གྱི་གསུང་འབུམ(པོད་ཉི་ཤུ) མོ་ཡན།

20.སྐྱེ་འཆིའི་ངལ་དུབམོ་ཡན།

21.ནུ་མ་རྒྱས་ཤིང་འཕོངས་ཚོས་ཆེ(བསྐྱར་བཅོས་བར་བཅུག་རི་མོ་ཅན) མོ་ཡན།

22.ང་ཡི་ཀོ་མི་སྟེ་རྩོམ་པ་པོ་དང་ཕ་ཡུལམོ་ཡན།

23.མོ་ཡན་གྱིས་རང་བདམས་དེབམོ་ཡན།

24.ཁྱི་དཀར་པོམོ་ཡན།

25.ཀྱལ་ཀར་དགའ་བའི་དགེ་རྒནམོ་ཡན།

26.སྡང་བ།  བརྩེ་བ།  འདུན་མ།  དུང་བ།  ཁྱིམ་ཚངཨ་ལེ་སི་མུན་རོ།

27.མེ་ཁོལkཡི་འཚོ་བ་དང་དུས་རབསJ.M.ཁུ་ཆེ།(2003ནོ་པེལ་རྩོམ་རིག་བྱ་དགའ་ཐོབ་མཁན)

28.མེ་ཏོག་པང་བའི་སྐྱེས་མམོ་ཡན།

29.རྩོམ་པའི་ཁྱུ་མཆོག་ལ་དུས་འདེབས་པམོ་ཡན།

30.ཨུ་ར་ཉི་ཡལིག་ལི་ཟེའོ།  (2008ལོའི་ནོ་པེལ་རྩོམ་རིག་བྱ་དགའ་ཐོབ་མཁན)《》《》《》

31.སྤྲོ་བམོ་ཡན།

32.འཚོ་བ་དང་སྒྱུ་རྩལ།   དེབ་དང་གྲོང་ཁྱེར་ཏེ་ཁ་དོག་སྣ་ཚོགསཨོར་ཧན་ཕ་མུ་ཁི།

33.གཙང་ཆེན་གྱི་ཁུགས་པV.S.ནེ་པོར།

34.ར་རི་བྲལ་ཞིང་སྐྱོ་ཤས་ཅན་གྱི་སྒྲུང་གཏམ་པཨོར་ཧན་ཕ་མུ་ཁི།

35.གྲོང་ཁྱེར་དང་ཁྱིལོ་སཱ།(2010ལོའི་ནོ་པེལ་རྩོམ་རིག་བྱ་དགའ་ཐོབ་མཁན)

36.ངའི་མིང་ལ་དམར་པོ་ཟེརཨོར་ཧན་ཕ་མུ་ཁི།

37.ང་ཡི་ཡབ་ཡུམཏོ་རི་སི་ལེ་སིན།(2007ལོའི་ནོ་པེལ་རྩོམ་རིག་བྱ་དགའ་ཐོབ་མཁན)

38.ཁང་པ་ལྗང་ཁུལོ་སཱ།

39.འུ་ཅག་གི་ཅིན་ཁིམོ་ཡན།

40.ཕེ་ཐིར་པོ་ཡི་མཁས་ཅནJ.M.ཁུ་ཆེ།

41.ངོ་ཚJ.M.ཁུ་ཆེ།

42.ཨ་ལི་སེ་མུན་རོ་ཡི་གསུང་འབུམ(པོད་བདུན) ཨ་ལི་སེ་མུན་རོ།

43.མོ་ཡན་གྱི་བརྩམས་ཆོས་ལེགས་བཏུསམོ་ཡན།

44.མོ་ཡན་གྱི་ལྷུག་རྩོམ་གསར་བསྒྲིགསམོ་ཡན།

45.གླུ་ལེན་ཤེས་པའི་གྱངམོ་ཡན།

46.བུ་མོ་དང་སྐྱེས་མ་དག་གི་འཚོ་བཨ་ལི་སེ་མུན་རོ།

47.གཏུག་བཤེར་ཟིན་ཐོལིག་ལི་ཟེའོ། 

48.དམག་སྤྱི་ཕན་ཏ་ལེང་དང་མཛེས་མལོ་སཱ།

49.དགའ་བའི་གར་གྱི་གྲིབ་མཨ་ལི་སེ་མུན་རོ།

50.མཚོ་ཕག་དཔེ་ཁང་གི་དེབ12པ།   འགྱུར་བམོ་ཡན།

ཁ་བྱང་ཕྱི་མོ། དུས་རབས་འདིའི་ནང་ནོ་པེལ་རྩོམ་རིག་བྱ་དགའ་ཐོབ་མཁན་སུ་དག་ཀྲུང་གོ་རུ་བྲིན་ནམ།

(རྩོམ་འགན་པ། རྟ་མགྲིན)

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716