སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
ཨིན་ཇི་དང་ཨ་རིའི་དེང་རབས་རྩོམ་རིག་གི་གསུང་རབ་དག་དཔར་རྩིས་འདུག
སྤེལ་དུས། 2014-10-09   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  ཟླ་བ།

ཨི་ཏ་ལིའི་རྩོམ་པ་པོ་གྲགས་ཅན་ཁལ་ཝི་ནོ(Italo Calvino)ཡིསགསུང་རབ་ཀློག་པའི་དགོས་པཞེས་པའི་དེབ་ཏུ་རྩོམ་རིག་གི་གསུང་རབ་ཅེས་པའི་བརྡ་འདི་ལ་འགྲེལ་མང་པོ་ཞིག་བསྐྱོན་ཡོད་པ་རེད་ལ་དེ་ལས་ཀུན་ལ་ཆ་རྒྱུས་ཆེ་བའི་ཚིག་དང་པོ་དེ་ནི་འདི་ལྟར་སྨྲས་ཡོད་པ་རེད་དེ།   གསུང་རབ་ཅེས་པ་ནི་ཕ་རོལ་པོས་རྒྱུན་དུ་ངས་དེབ་ཏུ་བསྐྱར་དུ་ཀློག་གི་ཡོད་ཅེས་པ་དེ་དག་ཡིན་པ་ལས་ངས་དེབ་དེ་ཀློག་གིན་ཡོད་ཅེས་པ་དག་མ་ཡིན་ནོ་ཞེས་པའོ།།

ཧྥེ་པེར-ཧྥེ་པེར(Faber&Faber)དཔེ་སྐྲུན་ཁང་སྟེT.S.ཨེལ་ཐུ(T.S.Eliot)དང་ཕོང་དི(Ezra Pound)དང་ཨུ་ཏེན(W.H.Auden)དང་པེ་ཁེ་ཐི(Samuel Beckett)ལ་སོགས་པའི་དེང་རབས་ཀྱི་རྩོམ་པ་པོ་གྲགས་ཅན་མང་པོ་བསྐྱངས་ནས་ཨིན་ཇི་དང་ཨ་མེ་རི་ཁའི་དེང་རབས་རྩོམ་རིག་ཅེས་པ་ནི་འདི་ལྟ་བུ་ཞིག་གོ་ཞེས་གོ་བའང་ཀུན་ལ་སྟེར་ཐུབ་པའི་དཔེ་སྐྲུན་ཁང་འདི་གས་ཀྱང་གསུང་རབ་ཅེས་པ་ལ་གོ་དོན་འདི་ལྟ་བུ་ཞིག་བཞག་ཡོད་པ་རེད་དེ།    གསུང་རབ་ནི་མི་ཐམས་ཅད་ཀྱིས་ཀློག་མྱོང་བ་ཙམ་མ་ཟད་རྟག་པར་ཡིད་ལ་དྲན་པར་བྱེད་པའི་བརྩམས་ཆོས་དེ་དག་ཡིན་ཞེས་པའོ།།

གོ་དོན་འདི་ཡིས་ཧྥེ་པེར་དཔེ་སྐྲུན་ཁང་གིས་ཉེ་ཆར་ཕྱི་ལ་བསྒྲགས་པའིདེང་རབས་གསུང་རབཀྱི་རྩོམ་མཛོད་ཀྱི་དེབ་དཀྱུས་མའི་ཐོ་ཡིག་ལས་ཀྱང་མཐོང་ཐུབ་པ་ཡིན།   ཧྥེ་པེར་གྱིདེང་རབས་གསུང་རབཀྱི་རྩོམ་མཛོད་ཀྱིས་སྤྱི་ལོ2015ལོའི་ཟླ་བཞི་པར་དེབ་བཅུ་དང་ཟླ་དྲུག་པར་དེབ་དྲུག་དང་དེ་ནས་ལོ་རེ་བཞིན་དེབ་དྲུག་གི་ཡས་མས་འདོན་རྒྱུའི་འཆར་གཞི་འཐེན་ཡོད་འདུག་ལ།    རྩོམ་མཛོད་དུ་བརྩམས་སྒྲུང་དང་དངོས་བྲིས་དང་སྙན་ངག་དང་ཟློས་གར་ལ་སོགས་པ་ཧྥེ་པེར་དཔེ་སྐྲུན་ཁང་གིས་ད་བར་དུ་སྤེལ་བའི་དེང་རབས་ཀྱི་གསུང་རབ་མང་པོ་བསྡུ་རྒྱུ་ཡིན་ཞིང་།    དཔེ་ཚོགས་རང་རྐྱ་བ་ཞིག་ཡིན་པའི་ཆ་ནས་དཔེ་སྐྲུན་ཁང་དེ་གའི་སྒྱུ་རྩལ་གྱི་སྤྱི་ཁྱབ་ལྟ་ཞིབ་པ་ཏོ་ན་ཕེ་ནེ(Donna Payne)ཡིས་དཔེ་ཚོགས་ཀྱི་རྟགས་ཇུས་འགོད་གནང་རྒྱུ་ཡིན་ཞིང་ཧྥེ་པེར་ཇུས་འགོད་ཀྱི་སྒྲོམ་གཞིའི་ནང་གི་ཡིག་གཟུགས་དང་ཁ་དོག་སྤྱོད་རྒྱུ་ཡིན་འདུག

ཧྥེ་པེར་དཔེ་སྐྲུན་ཁང་གིCEOསི་ཏེ་ཝེན་ཕེ་ཀི་ཡིས་དཔེ་སྐྲུན་ཚོང་པ་ཞེས་པའི་དུས་དེབ་ཀྱི་བཅར་འདྲི་དང་དུ་ལེན་དུས།    ལོ་ངོ་གྱ་བརྒྱད་ལྷག་གི་རིང་ལ་ཧྥེ་པེར་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་བརྩམས་ཆོས་དག་གིས་འཛམ་གླིང་ཟླུམ་པོའི་ཁྱོན་ནས་རྩོམ་རིག་དཔེ་སྐྲུན་གྱི་མཚན་སྙན་ཐོབ་མྱོང་བས།    དེང་རབས་གསུང་རབཀྱི་རྩོམ་མཛོད་དེབ་དཀྱུས་མ་རུ་བདམས་པ་དག་ཀྱང་གོང་བྲིན་ལ་རྒྱུགས་ཆེ་བའི་དེབ་ཀྱི་ཐོ་ཡིག་མིན་པར་ང་ཚོ་དཔེ་སྐྲུན་ཁང་གིས་གསུང་རབ་ལ་མཚན་ཉིད་གཞིར་བཞག་ནས་ཚད་གཞི་ནས་མཐུན་པར་བདམས་པ་ཡིན་ཞེས་ཟེར།     བརྩམས་ཆོས་ཀྱི་ཤུགས་རྐྱེན་དང་གལ་ཆེ་ཚུལ་ལས་གཞན་དེང་རབས་གསུང་རབ་ཀྱི་རྩོམ་མཛོད་ལ་ད་དུང་ཚད་གཞི་གཞན་ཞིག་ཡོད་པ་ནི།    རྩོམ་མཛོད་དེ་གར་བདམས་རྒྱུའི་དེབ་གང་ཞིག་གི་དུས་ཀྱི་ཡུན་ཐུབ་ཚད་ལ་དམིགས་ནས་ངེས་པར་དུ་དཔེ་སྐྲུན་ཁང་དུ་པར་ཏུ་བཏབ་ནས་ལོ་ངོ་ཉེར་ལྔ་ལས་བརྒལ་དགོས་འདུག

པེང་གྱུན་དཔེ་སྐྲུན་ཁང་ལ་དགའ་བ་དག་གིས་པེང་གྱུན་གྱིས་སྤེལ་བའི་དེབ་ཀྱི་ཕྱི་ཤུན་བཀོད་པའི་སྦྲག་ཡིག་ལྷེབ་མ་བརྒྱ་བོ་ཡིད་ལ་དྲན་སྲིད།    ཉེ་ལམ་ཧྥེ་པེར་དཔེ་སྐྲུན་ཁང་གིས་ཧྥེ་པེར་གསུང་རབ་པར་དུ་བསྐྲུན་པ་ལ་བསུ་མའི་ཚུལ་དུ་དེབ་ཀྱི་ཕྱི་ཤུན་བཀོད་པའི་སྦྲག་ཡིག་ལྷེབ་མ་བརྒྱ་སྤེལ་རྒྱུ་ཡིན་འདུག་ལ།    དེར་མ་ཟད་ཧྥེ་པེར་གྱི་དེབ་ཀྱིི་ཇུས་འགོད་དང་བཟོ་རྩལ་ཕྱོགས་ལ་ཁྱད་དུ་འཕགས་པ་ཡོད་པས་སྦྲག་ཡིག་ལྷེབ་མ་དེ་དག་ལའང་ཀློག་པ་པོ་ཀུན་གྱིས་སྒུག་རིན་ཆེན་པོ་བདོག

གཤམ་དུ་འཁོད་པ་ནི་ཧྥེ་པེར་དཔེ་སྐྲུན་ཁང་གི་དེང་རབས་གསུང་རབ་ཀྱི་དེབ་སྔ་མ་བཅུ་ཡི་མཚན་ཐོ་དང་དེབ་ཁ་ཤས་ཀྱི་རྒྱབ་ཤ་ཡིན།

མཚན་ནགས། (Nightwood) by Djuna Barnes with introductions from Jeannette Winterson and T. S. Eliot

ཨེ་རེལ། (Ariel) by Syliva Plath (chosen by Edna O' Brien)

བེ་ནི་སེ། (Venice) by Jan Morris

ཕིན་ཆེར་མེར་ཏིན། (Pincher Martin) by William Golding with an afterword by Phillipa Gregory

གྲོང་ལག་གི་སྐུ་ངོ་།  (The Buddha of Suburbia) by Hanif Kureishi with an introduction by Zadie Smith

རང་གྲོགས།  (Self-Help) by Lorrie Moore

ནང་ལས། (Housekeeping) by Marilynne Robinson (selected by Barbara Kingsolver)

T.S.ཨེལ་ཐུ་ཡི་སྙན་ངག་བདམས་དེབ།  (Selected Poems by T. S. Eliot) featuring an essay by Seamus Heaney

ཞེ་སྡང་གི་ཕྱིར་མིག   (Look Back in Anger) by John Osborne with an introduction from Michael Billington and an afterword by David Hare

ཉིན་གྱི་ལྷག་མ།   (The Remains of the Day) by Kazuo Ishiguro

 

ཁ་བྱང་ཕྱི་མོ། ཨིན་ཇི་དང་ཨ་རིའི་དེང་རབས་རྩོམ་རིག་གི་གསུང་རབ་དག་དཔར་རྩིས་འདུག

(རྩོམ་འགན་པ། རྟ་མགྲིན)

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716