སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
ཧྥ་རན་སིའི་རྩོམ་པ་པོ་ཕ་ཐྲི་ཁི་མོ་ཏི་ཡ་ནོ་ལ༢༠༡༤ལོའི་ནོ་པེལ་རྩོམ་རིག་བྱ་དགའ་ཐོབ།
སྤེལ་དུས། 2014-10-09   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  ཀླུ་འབུམ་རྒྱལ།

 ཕ་ཐྲི་ཁི་མོ་ཏི་ཡ་ནོ།

༢༠༡༤ནོ་པེལ་རྩོམ་རིག་བྱ་དགའ་ཐོབ་མཁན༢༠༡༤ལོའི་ཟླ༡༠པའི་ཚེས༩ཉིན་གྱི་དུས་ཚོད༡༩སྟེང་དུ་སྤྱི་བསྒྲགས་བྱས་པ་དང་། ད་ལོའི་ནོ་པེལ་རྩམ་རིག་བྱ་དགའ་ཐོབ་མཁན་ནི་ཧྥ་རན་སིའི་རྩོམ་པ་པོ་ཕ་ཐྲི་ཁི་མོ་ཏི་ཡ་ནོ་རེད།

རྩོམ་པ་པོ་ཁོང་ནི་ཧྥ་རན་སིའི་སྤྱི་ཚོགས་སུ་ཀུན་གྱིས་ཁས་ལེན་བྱེད་པའི་རྩོམ་པ་པོ་ཞིག་ཡིན། ༡༩༤༥ལོར་ཧྥ་རན་སིའི་བྷི་ལོ་ནེ་བྷ་དབྱང་གི་རུ་འཁྲུངས།

ཕ་ཐྲི་ཁི་མོ་ཏི་ཡ་ནོ་ཡིས་༡༩༥༨ལོར་སྤེལ་བའི་བརྩམས་ཆོས་ཐོག་མ《སྐར་དབྱིབས་ཀྱི་ཐང་ཆེན》ཞེས་པ་ནི་སྤྱི་ཚོགས་ཀྱི་སྣང་ཚུལ་དངོས་མཚོན་པའི་བརྩམས་ཆོས་ཤིག་ཡིན་ལ། དེར་རོ་ཞེར་ནེ་པཱའི་བྱ་དགའ་ཐོབ། རྗེས་སུ་ཧྥེ་ནེ་ཝིན་བྱ་དགའ་ཐོབ། ཁོང་གིས་ད་རུང་《མཚན་མོའི་མྱུར་ཞིབ་པ》དང་《གྲོང་ཁྱེར་བསྐོར་བའི་ལམ་ཆེན》《ཁྱིམ་ཚང་གི་ལག་དེབ།》སོགས་བརྩམས་ཡོད། ལུའུ་དབྱི་མཱ་ལེ་དང་མཉམ་དུ་གློག་བརྙན་འཁྲབ་གཞུང《ལ་ཁོན་བྷེ་ལུའུ་ཧྲིན།》བརྩམས། བརྩམས་ཆོས་ཁག་ལས《གྲོང་ཁྱེར་བསྐོར་བའི་ལམ་ཆེན》དང་《མུན་ནག་ཚོང་ཁང་གི་སྲང་ལམ》ཞེས་པ་གཉིས་ཁྱད་དུ་འཕགས་པའི་སྒྱུ་རྩལ་གྱི་མཚོན་ཐབས་ཀྱིས་སོ་སོར་ཧྥ་རན་སིའི་ཆེས་མཐོའི་རྩོམ་རིག་བྱ་དགའ་གཉིས་སྟེ། ཧྥ་ལན་ཞི་སློབ་གླིང་གི་བརྩམས་སྒྲུང་བྱ་དགའ་དང་ཧྲི་གུར་རྩོམ་རིག་བྱ་དགའ་ཐོབ། དེ་ནས་བཟུང་ཕ་ཐྲི་ཁི་མོ་ཏི་ཡ་ནོ་ནི་ཀུན་གྱི་རེ་བ་སྟོང་ཟད་དུ་མི་གཏོང་བའི་རྩོམ་པ་པོ་གྲགས་ཅན་ཞིག་ཏུ་གྱུར། ཁོང་གི་བརྩམས་ཆོས་རེ་རེ་ཧྥ་རན་སི་ནས་འགྲེམ་སྤེལ་བྱེད་པར་སྤྱི་ཚོགས་ཡོངས་ལ་ཚུར་སྣང་ཆེན་པོ་སྦྱིན་པར་བྱེད།

ཁོང་ནི་ཧྥ་རན་སིའི་རྩོམ་རིག་གི་སྡེར་མི་རྣམས་ཀྱི་དགའ་མོས་ཆེན་པོ་བྱེད་པའི་རྩོམ་པ་པོ་ཞིག་ཡིན་ལ། ༡༩༤༥ལོའི་ཟླ༧པའི་ཚེས༣༠ཉིན་ཕ་རི་སིའི་ཚོང་བའི་ཁྱིམ་རྒྱུད་ཅིག་ཏུ་འཁྲུངས། ཨ་ཕ་ནི་ཡིའུ་ཐའེ་པ་ཡིན། ཨ་མ་ནི་འཁྲབ་སྟོན་མཁན་ཞིག་ཡིན། ཁོ་རང་ཆུང་དུས་ནས་རྩོམ་རིག་ལ་ཤིན་ཏུ་དགའ་བ་དང་། ལོ༡༠ཡིན་དུས་ནས་བཟུང་སྙན་ངག་བྲིས། ལོ་བཅུ་བཞི་བཅོ་ལྔ་ཡིན་དུས་ནས་བརྩམས་སྒྲུང་འབྲི་བར་མོས་པ་ཆེན་པོ་སྐྱེས། ༡༩༦༥ལོར་ཕ་རི་སིའིLycéeHenri-IVསློབ་འབྲིང་ནས་སློབ་མཐར་ཕྱིན་རྗེས་ཕ་རི་སིའི་སོར་སྦང་སློབ་ཆེན་དུ་ཕྱིན་ནས་སློབ་སྦྱོང་བྱས། ལོ་གཅིག་གི་རྗེས་སུ་སློབ་མཚམས་བཞག་ཏེ་སློབ་གྲྭ་ནས་བུད་པ་དང་དེ་ནས་བཟུང་རྩོམ་འབྲིའི་ལས་ཀར་ཞུགས།

ཁོང་གི་བརྩམས་ཆོས།

སྐར་དབྱིབས་ཀྱི་ཐང་ཆེན།《星形广场》(La Place de l'Étoile (1968

མཚན་མོའི་མྱུར་ཞིབ་པ།《夜巡》(La Ronde de nuit (1969

གྲོང་ཁྱེར་བསྐོར་བའི་ལམ་ཆེན།《环城大道》(Les Boulevards de ceinture)(1972)

ལ་ཁོན་བྷེ་ལུའུ་ཧྲིན།《拉孔布·吕西安》(Lacombe Lucien)(1974)

སྐྱོ་སྣང་གིས་ཁེངས་བའི་ཁང་ཆེན།《凄凉的别墅》(Villa triste (1975)

ཁྱིམ་ཚང་གི་ལག་དེབ།《家庭手册》(Livret de famille (1977)

མུན་ནག་ཚོང་ཁང་གི་སྲང་ལམ།《暗店街》(Rue des boutiques obscures)(1978)

ལང་ཚོ།《青春》(Une Jeunesse (1981)

ཕྱིར་དྲན་གྱི་ལམ་ཕྲན།《记忆的小路》(Memory Lane )(1981)

ཇི་འདྲའི་དཔའ་མཛངས་ཆེ་བའི་བུ་ཕྲུག་ཚོ།《如此勇敢的男孩们》(De si braves garçons (1982)

བཞུད་ཟིན་པའི་སྲང་ལམ།《消失了的街区》(Quartier Perdu (1984)

ཟླ་བརྒྱད་པའི་གཟའ་ཉི་མ།《八月的星期天》(Dimanches d'août (1986)

མིག་ཤེལ་ཐོག་པའི་བུ་མོ།《戴眼镜的女孩》(Catherine Certitude (1988)

ཕྱིར་འགྱངས་ཀྱི་ཁྲིམས་ཆད།《缓刑》(Remise de Peine (1988)

བྱིས་པའི་གྱོན་ཆས་བརྗེ་ས།《儿童更衣室》(Vestiaire de l'enfance (1989)

གཉེན་སྒྲིག་གི་ཟླ་བ།《蜜月》(Voyage de noces)(1990)

ཞིག་རོའི་ཁྲོད་ཀྱི་མེ་ཏོག《废墟中的鲜花》(Fleurs de Ruine (1991)

དཔྱིད་དུས་ཀྱི་ཁྱི།《春季之犬》(Chien de printemps (1992)

མུན་ནག་ལས་བུད་པ།《走出黑暗》(Du plus loin de l'oubli

རྡོ་ཧ་བྷི་ཧེ་རྡི།《多哈·布慧德》(Dora Bruder (1997)

རྒྱུས་མེད་ཀྱི་སྐྱེས་མ་ཚོ།《陌生的女子们》(Des inconnues (1999)

འདོགས་རྒྱན་ཆུང་ཆུང་།《小首饰》(La Petite Bijou (2001)

ནམ་གུང་གི་གྱོད་ཆགས།《夜半撞车》(Accidentnocturne (2003)

ཁྱིམ་རབས།《家谱》(Un pedigree (2004)

ལང་ཚོའི་ཁོ་ཧྥེ་ཁང་།《青春咖啡馆》(Dans le café de la jeunesse perdue (2007)

གནམ་ས་འབྲེལ་མཚམས།《地平线》(L'Horizon (2010)

རྩོམ་འགན་པ། སྒྲོལ་ཚེ།

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716