སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
མོ་ཏི་ཡ་ནོའི་སྒྲུང་གཏམ་སྐར་མ ༡༠ རིང་བཙོངས་ཚར་ཞིང་གོང་ཚད་སྐད་ཅིག་ལ་ལྡབ ༢༤ འཕར།
སྤེལ་དུས། 2014-10-14   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  ཟོན་ཐར་སྐྱིད།

ནོ་པེལ་གྱི་རྩོམ་རིག་བྱ་དགའ་བསྒྲགས་རྗེས་ཨཱ་མ་སོན(Amazon)དྲྭ་ཚིགས་སུ་སྐར་མ་བཅུའི་རིང་མོ་ཏི་ཡ་ནོའི་སྒྲུང་གཏམ་བཙོངས་ཚར་བ་དང་།  ད་ལྟ་ཁོའི་སྒྲུང་གཏམ་དེབ་ལྔ་དྲུག་ཅིག་ཀྲུང་གོར་ད་དུང་དཔར་མེད་ཅིང་། དེ་རིགས་ནི་དཔེ་སྐྲུན་ཁང་སོ་སོའི་རྩོད་ཡུལ་དུའང་གྱུར་འདུག

གསར་འགོད་པས་ཏཱང་ཏཱང་དྲྭ་ཚིགས(当当网)སུ་རྟོགས་པ་ལྟར་ན།  ཟླ༡༠པའི་ཚེས༩ཉིན་ཧྥ་རན་སེའི་རྩོམ་པ་པོ་མོ་ཏི་ཡ་ནོ་ལ་ནོ་པེལ་གྱི་རྩོམ་རིག་བྱ་དགའ་ཐོབ་རྗེས་རྒྱལ་ནང་དུ་ཁོའི་བརྩམས་ཆོས་དག་དཔར་སྐྲུན་བྱེད་མཁན་གཙོ་བོ་དབྱི་ལིན་དཔེ་སྐྲུན་ཁང་དང་། ཏཱང་ཏཱང་དྲ་བ་གཉིས་ཀྱིས་མཉམ་འབྲེལ་སྒོས་ཁོ་རང་དུས་ཐུང་ནང་ཀྲུང་གོར་ཕེབས་པར་གདན་ཞུའི་མགྲོན་ཡིག་ཕུལ་མོད་རྩོམ་མཁན་ཁོས་དེའི་ཐད་ལན་ཅི་ཡང་བཏབ་མེད།   གསར་འགོད་པས་གློག་རྡུལ་ཚོང་དྲྭ་ཆེན་པོ་གསུམ་ནས་རྟོགས་པ་ལྟར་ན། ནོ་པེལ་གྱི་རྩོམ་རིག་བྱ་དགའ་བསྒྲགས་རྗེས་ཨཱ་མ་སོན་དྲྭ་ཚིགས་སུ་སྐར་མ་བཅུའི་རིང་མོ་ཏི་ཡ་ནོའི་སྒྲུང་གཏམ་བཙོངས་ཚར་བ་རེད། 

གསར་འགོད་པས་རྟོགས་པ་ལྟར་ན། རྒྱལ་ནང་དུ་མོ་ཏི་ཡ་ནོའི་སྒྲུང་གཏམ་གྱི་པར་དབང་རེག་པའི་དེབ༡༥ཙམ་ཡོད་པའི་ནང་ནས་དེབ༩ཡི་པར་དབང་ནི༩༩དཔེ་ཀློག་པའི་ཀུང་སིར་རེག་འདུག  དེའི་ཁྲོད་དེབ༤ད་ལྟ་བཙོང་བཞིན་ཡོད་ལ་ཆེས་སྔ་ཤོས་ནི་མི་དམངས་རྩོམ་རིག་དཔེ་སྐྲུན་ཁང་གིས༢༠༠༥ལོར་དཔར་སྐྲུན་བྱས་པའིམཚན་ཕྱེད་ཀྱི་འཁོར་འཛིངཞེས་པ་དེ་ཡིན། འོན་ཀྱང་ད་ལྟ་དེབ་འདི་བཞི་པོ་ཡོད་ཚད་བཙོངས་ཚར་བར་མ་ཟད་དཔེ་སྐྲུན་ཁང་གིས་སྣོན་དཔར་བྱེད་སྒང་རེད།  ད་ལྟ་ཁོའི་སྒྲུང་གཏམ་དེབ་ལྔ་དྲུག་ཅིག་ཀྲུང་གོར་ད་དུང་དཔར་མེད་ཅིང་། དེ་རིགས་ནི་དཔེ་སྐྲུན་ཁང་སོ་སོའི་རྩོད་ཡུལ་དུའང་གྱུར་འདུག

ཚེས༩ཉིན་ནོ་པེལ་གྱི་རྩོམ་རིག་བྱ་དགའ་བསྒྲགས་པའི་པེ་ཅིང་གི་ཆུ་ཚོད༧པ་ནས་ཚེས༡༠ཉིན་གྱི་སྔ་དྲོའི་ཆུ་ཚོད༩བར་སྟེ་དུས་ཚོད༡༤རིང་ད་ལྟ་བཙོང་བཞིན་པའི་ཁོང་གི་དཔེ་དེབ་གསུམ་སྟེ། ༩༩དཔེ་ཀློག་པས་དཔར་བའིཡིད་འོང་ཁོ་ཧྥེ་གླིངདང་། ཧྲང་ཧེ་མི་དམངས་རྩོམ་རིག་དཔེ་སྐྲུན་ཁང་གིས་དཔར་བའིས་གཞིའི་མུ་མཐའ ད་ལོའི་ཟླ༨པར་ཁྲོམ་རར་བཀྲམ་པའིཁྲིམས་བསྒྱངསབཅས་ནི་ཞག་གཅིག་གི་རིང་དཔེ་དེབ་ཀྱི་གློག་རྡུལ་ཚོང་དྲྭ་ཆེན་པོ་གསུམ་དུ་བཙོངས་ཚར། ཏཱང་ཏཱང་དྲ་བའི་ཕྱིར་འཚོང་སྤྱི་ཁྱབ་ལྟ་ཞིབ་པ་ཞུས་ཁྲེན་གྱིས་གསར་འགོད་པར་བརྗོད་པ་ལྟར་ན། ཚེས༡༠ཉིན་གྱི་ཆུ་ཚོད༩པར་སླེབས་དུས་དཔེ་དེབ་གསུམ་གྱི་སྔོན་བཙོང་ནི་དེབ་ཁྲི་ལྷག་བརྒལ་བ་དང་། ད་ལྟ་ད་དུང་ཇེ་མང་དུ་འགྲོ་བཞིན་འདུག་མོད། འོན་ཀྱང་དཔེ་དེབ་དཔར་ནས་འབྱོར་སྔ་ཤོས་ནི་ཟླ༡༠པའི་ཚེས༡༤རེད།  ཁོང་གིས་ད་དུང་མའོ་ཏི་ཡ་ནོ་ལ་བྱ་དགའ་ཐོབ་རྗེས་མགྱོགས་མྱུར་ངང་དཔར་སྐྲུན་བྱེད་བཞིན་པའི་དཔེ་དེབ་གསར་པ་བཞི་སྟེམག་མོག་གི་ཚོང་རྡལ་སྲང་ལམདངཟླ་བ་བརྒྱད་པའི་གཟའ་ཉི་མ    སྐྱོ་སྣང་གི་གཞིས་བྲངདངམཚན་རྩྭབཅས་ཟླ༡༡པར་ཀློག་པ་པོ་རྣམས་ཀྱི་སྤྱན་ལམ་དུ་བཀྲམ་རྒྱུ་ཡིན་པར་མ་ཟད་ཏཱང་ཏཱང་དྲ་བར་ཐོག་མར་བཙོང་རྒྱུ་ཡིན་ཟེར།  

མའོ་ཏི་ཡ་ནོ་ལ་བྱ་དགའ་ཐོབ་རྗེས་དཔེ་དེབ་ཀྱི་གློག་རྡུལ་ཚོང་དྲྭ་ཆེན་པོ་གསུམ་ལས་ཆེས་མགྱོགས་ཤོས་ནི་ཅིན་ཏུང་དཔེ་ཁང་ཡིན་ཞིང་། ཆུ་ཚོད་གཅིག་མ་འགོར་བར་ཅིན་ཏུང་ལ་ནོ་པེལ་གྱི་རྩོམ་རིག་བྱ་དགའ་ཐོབ་པའི་དཔེ་དེབ་ལེ་ཚན་ཞེས་པ་བཟོས་པ་དང་། སྤྱིར་ལེ་ཚན་དེརས་གཞིའི་མུ་མཐའདངཁྲིམས་བསྒྱངསགཉིས་ཙམ་ལས་བཙོང་རྒྱུ་མེད་པར་མ་ཟད་ཚོང་ཟོང་ཡོད་རྟགས་དེའང་ལམ་སེང་སྔོན་ཉོའི་ཁ་ཆད་དུ་གྱུར་སོང་།   ཅིན་ཏུང་དཔེ་ཚོང་ཁང་གི་འབྲེལ་ཡོད་མི་སྣས། ངེད་ཀྱི་མཛོད་ཁང་དུ་དཔེ་དེབ་སྟོང་ལྷག་ཡོད་པ་མདང་ནུབ་ཆ་ཚང་བཙོངས་ཚར་བ་དང་ད་ལྟ་དཔེ་དེབ་ཡོངས་འབྱོར་རྒྱུར་བསྒུགས་ཡོད། ཧ་ལམ་ཚེས༢༠ཡས་མས་སུ་དཔེ་དེབ་ཀུན་འབྱོར་སྲིད་ལ་ད་ལྟ་སྔོན་མངགས་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད། མག་མོག་གི་ཚོང་རྡལ་སྲང་ལམནི་ཟླ་བཅུ་པའི་སྨད་དུ་སྣོན་དཔར་བྱས་རྗེས་སླེབས་སྲིད། ཅེས་གསར་འགོད་པར་བརྗོད་བྱུང་།

པའེ་སི་ཐི་དཔེ་ཚོང་དྲ་བ་རུ༢༠༠༨ལོར་ཧྲང་ཧེ་སུམ་འབྲེལ་དཔེ་སྐྲུན་ཁང་གིས་དཔར་བའིམག་མོག་གི་ཚོང་རྡལ་སྲང་ལམཞེས་པ་དེབ་གཅིག་ལས་ལྷག་མི་འདུག་པ་དང་། དྲྭ་ངོས་སུ་པར་གཞི་ངོ་མར་ཁག་ཐེག་བྱེད་ཅིང་ད་ལྟ་བཙོང་རྒྱུ་ཡོད་པ་ལས་གཞན་བཙོང་གོང་ནི་དེབ་གོང་ལས་མཐོ་ཞེས་འཁོད་འདུག་ལ། གཏན་འབེབས་རིན་གོང༢༠ནས་བཏབ་གོང༤༨༠སྟེ་ལྡབ༢༤འཕར་འདུག  སྐུད་གནས་ཞབས་ཞུ་བས་གསར་འགོད་པར་ཚོང་ཁང་འདིས་ཆེད་དུ་དཔར་གྲངས་ཉུང་བ་དང་ཉོ་དཀོན་པའི་དཔེ་དེབ་བཙོང་གིན་ཡོད་པ་དང་། ཉར་རྫས་ཀྱི་མིང་རྟགས་བཀོད་པའི་དཔེ་དེབ་ཀྱི་རིན་གོང་སྒོར༢༠༠ཡན་ཆད་རེད་ཟེར།      ཅིན་ཏུང་ཕྱོགས་ཀྱིས་གསར་ལམ་བརྒྱུད་ནས་ཀློག་པ་པོ་རྣམས་ལ་ཅིན་ཏུང་མ་ཡིན་པའི་སྒེར་གཉེར་དཔེ་ཚོང་ཁང་དག་ལ་ངེས་པར་གཟབ་གཟབ་བྱས་ཏེ་གཡོ་འོག་ཏུ་མི་ཚུད་པའི་གསལ་འདེབས་བྱས་པ་རེད། 

མཚན་ཕྱེད་འཁོར་འཛིངཞེས་པ་མི་དམངས་རྩོམ་རིག་དཔེ་སྐྲུན་ཁང་གིས་ཉིན་ལ་མཚན་མཐུད་ཀྱིས་དཔར་སྣོན་བྱེད་ཀྱིན་ཡོད་པ་དང་།  མི་དམངས་རྩོམ་རིག་དཔེ་སྐྲུན་ཁང་གི་ཕྱི་གླིང་རྩོམ་རིག་རྩོམ་སྒྲིག་ཁང་གི་ཀྲུའུ་རེན་ཨའོ་དབྱང་ཐའོ་ཡིས་གསར་འགོད་པར་མི་དམངས་རྩོམ་རིག་དཔེ་སྐྲུན་ཁང་གིས་ཡང་ཉིན་ལ་མཚན་མཐུད་ཀྱིས་ཚོགས་འདུ་འཚོགས་ནས་སྣོན་དཔར་བྱེད་པར་གྲ་སྒྲིག་བྱེད་ཀྱི་ཡོད་ལ་ཧ་ལམ་གཟའ་འཁོར་གཅིག་ནང་དཔེ་དེབ་ཕྱིར་བཀྲམ་ངེས་ཡིན།  ཆབས་ཅིག་ངེད་དཔེ་སྐྲུན་ཁང་འདུས་པའི་དཔེ་སྐྲུན་ཁང་མང་པོས་མོ་ཏི་ཡ་ནོ་དཔེ་སྐྲུན་ཀུང་སི་དང་པར་དབང་སྐོར་གྱི་གྲོས་མོལ་བྱེད་བཞིན་ཡོད་ཟེར། 

ཁ་བྱང་ཕྱི་མོ། མོ་ཏི་ཡ་ནོའི་སྒྲུང་གཏམ་སྐར་མ ༡༠ རིང་བཙོངས་ཚར་ཞིང་གོང་ཚད་སྐད་ཅིག་ལ་ལྡབ ༢༤ འཕར།

(རྩོམ་འགན་པ། རྟ་མགྲིན)

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716