སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
བོད་ལྗོངས་ཀྱིས་ཐང་གའི་སྒྱུ་རྩལ་གྱི་སློབ་དཔོན་ཆེན་པོ་གསུམ་ངོས་འཛིན་བྱས་པ།
སྤེལ་དུས། 2014-08-31   ཡོང་ཁུངས། ཞིན་ཧྭའི་དྲ་བ།   རྩོམ་པ་པོ།  ཚེ་རྡོར།

དགེ་ཕྲུག་གིས་ལྷ་རིས་པ་བསྟན་པ་རབ་བརྟན༼གཡས༽ལ་ཁ་བཏགས་སྒྲོན་ནས་རྟེན་འབྲེལ་ཞུ་བ།

   སྐབས་བཞི་པའི་བོད་ཀྱི་ཐང་གའི་སྒྱུ་རྩལ་གྱི་དངོས་མང་སྟོན་ཚོགས་དང་༼བོད་ལྗོངས་ཀྱི་ཐང་གའི་སྒྱུ་རྩལ་གྱི་སློབ་དཔོན་ཆེན་པོར༽མཚན་སྙན་གནང་བའི་མཛད་སྒོ་དེ་ཚེས༢༨ཉིན་སྤེལ་ཡོད་པ་རེད། བསྟན་པ་རབ་བརྟན་དང་། བཀའ་ཆེན་ཨ་དུང་། སྐར་མ་བདེ་ལེགས་བཅས་སྒྱུ་རྩལ་མཁས་ཅན་རྒན་གྲས་གསུམ་ལ༼བོད་ལྗོངས་ཀྱི་ཐང་གའི་སྒྱུ་རྩལ་གྱི་སློབ་དཔོན་ཆེན་པོའི༽མཚན་སྙན་གནང་ཡོད་པ་རེད།

  ད་ཐེངས་མཚན་སྙན་ཐོབ་པའི་ཐང་གའི་སློབ་དཔོན་ཆེན་པོ་གསུམ་རྣམས་སྨན་ཐང་ལུགས་དང་། སྨན་གསར་ལུགས། ཀརྨ་སྒར་བྲིས་ལུགས་བཅས་བྲིས་ལུགས་མི་འདྲ་གསུམ་གྱི་སློབ་དཔོན་ཡིན་པ་རེད།

  རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་དང་། དགུང་གྲངས༧༣ལ་ཕེབས་པའི་བསྟན་པ་རབ་བརྟན་ལགས་ཀྱིས་སྨན་ཐང་ལུགས་ཀྱི་ཐང་གའི་ལྷ་རིས་པ་བརྒྱ་ཕྲག་དུ་མ་གསོ་སྦྱོང་བྱས་ཡོད་པ་རེད།

  ཐང་ག་ནི་བོད་མི་རིགས་ཀྱི་རིག་གནས་ནང་དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་སྒྱུ་རྩལ་རང་བཞིན་གྱི་རི་མོ་བྲིས་སྟངས་ཞིག་ཡིན་པ་དང་། བརྗོད་བྱ་གཙོ་བོ་ལོ་རྒྱུས་དང་རིག་གནས། ཆོས་ལུགས། འཚོ་བ་སོགས་དང་འབྲེལ་ཡོད་ལ་ཀྲུང་གོའི་མི་རིགས་ཀྱི་རི་མོའི་སྒྱུ་རྩལ་གྱི་རིག་དངོས་རྩ་ཆེན་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད། ༢༠༠༦ལོར་ཐང་ག་འདི་ཉིད་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཀྱི་མིང་ཐོའི་ནང་ཐོག་དང་པོར་འཇོག་ཡོད་པ་རེད།

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060