སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
བོད་ལྗོངས་ཀྱི་དེང་རབས་ཞབས་བྲོའི་ཟློས་གར《ཤམ་བྷ་ལ》ཀུ་རེ་ཡ་ལྷོ་མའི་གར་སྟེགས་སུ་མངོན་པ།
སྤེལ་དུས། 2014-08-05   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  ཀླུ་འབུམ་གྱིས་བསྒྱུར།

ཚེས༢ཉིན་གྱི་དགོང་མོ། བོད་ལྗོངས་ཀྱི་དེང་རབས་ཞབས་བྲོའི་ཟློས་གར《ཤམ་བྷ་ལ》གདན་ཞུས་ལྟར་ཀུ་རེ་ཡ་ལྷོ་མའི་རྒྱལ་འཛུགས་ཟློས་གར་ཁང་དུ་མངོན་པ་དང་། བོད་ཀྱི་གདོད་མའི་རང་བཞིན་གྱི་རིག་གནས་ཀྱི་གྲུབ་ཆ་དང་དེང་རབས་ཞབས་བྲོ་གཉིས་མཉམ་དུ་འདྲེས་པའི་སྒྱུ་རྩལ་གྱི་མཚོན་ཐབས་ཀྱིས་ཀུ་རེ་ཡ་ལྷོ་མའི་ལྟད་མོ་བ་ཡོངས་ལ་ལྷིང་འཇགས་དང་ལྷད་མེད་མངོན་སུམ་གྱི་གངས་ལྗོངས་ཀྱི་འཇིག་རྟེན་ཞིག་མངོན་པར་བྱས།་

ཞབས་བྲོའི་ཟློས་གར་གྱི་འཁྲབ་ཁྲིད་པ་དང་པདྨ་ཞབས་བྲོའི་ཟློས་གར་ཁང་གི་མགོ་དཔོན་པདྨ་རྒྱལ་མཚན་གྱིས་བཤད་རྒྱུར། ཤམ་བྷ་ལས་མི་རྣམས་ལ་དངོས་བོའི་དཔལ་ཡོན་དང་སེམས་པའི་དཔལ་ཡོན་གཉིས་ཀྱི་བར་དུ་དོ་སྙོམས་འབྱུང་བར་བྱེད་པ་དང་། སྣང་སེམས་ཀྱི་དག་གཙང་གི་འཇིག་རྟེན་དེ་འཚོལ་བར་ཕན་པར་བྱེད་ཅེས་ཟེར།

བརྩམས་ཆོས་ཧྲིལ་བོར་བོད་ལྗོངས་ཀྱི་པུ་ཝང་ཞབས་བྲོ་དང་འཆམ་སོགས་བོད་ཀྱི་སྲོལ་རྒྱུན་གྱི་ཞབས་བྲོའི་གྲུབ་ཆ་འདུས་ཡོད་པ་དང་། དེང་རབས་ཞབས་བྲོའི་སྒྱུ་རྩལ་གྱི་མཚོན་ཐབས་དང་ཡུལ་དངོས་ཀྱི་རྣམ་འགྱུར་གྱི་སྒྱུ་རྩལ་མཚོན་ཐབས་ཀྱི་རྣམ་པ་གསར་བའི་སྒོ་ནས་འཁྲབ་སྟོན་བྱས། ཟློས་གར་ཧྲིལ་བོར་མངོན་གསལ་གྱི་དོན་བརྗོད་ཀྱི་ཐིག་རིས་ཤིག་མེད་པ་དང་། མགོ་མཇུག་ཡོངས་སུ་གཤོག་བྱ་དང་ཐག་པ་སོགས་མཚོན་བྱེད་ཀྱི་དོན་སྙིང་ལྡན་པའི་མཚོན་རྟགས་དང་ཚན་པ་འབྲེལ་མཐུད་ཀྱིས་གྲུབ་པ་དང་། བསམ་བློའི་བར་སྟོང་མང་པོ་ཞིག་ལྟད་མོ་བ་ཡོངས་ལ་སྤྲད་འདུག

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060