སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
མཚོ་སྨད་བོད་ཀྱི་ཟློས་གར་རྒྱུན་འཛིན་པ་ལྷག་པ་ཚེ་རིང་།
སྤེལ་དུས། 2014-09-06   ཡོང་ཁུངས། བོད་ལྗོངས་ཚོང་དོན་ཚགས་པར།   རྩོམ་པ་པོ།  བསོད་རྡོར་གྱིས་བསྒྱུར།

མཚོ་སྨད་བོད་བྲོ་ཟློས་གར་ཚོགས་པ་ནི་སྟོད་ལུང་བདེ་ཆེན་གྱི་ལྷ་ས་ནས་ལེ་དབར་༥༠ལྷག་གི་ས་རུ་ཡོད། དེ་ཡང་བོད་ཀྱི་ཟློས་གར་ལས་ཞལ་འབག་སྔོན་པོའི་རྒྱུད་པ་རེད། ད་ལྟ་བར་དུ་ལོ་ངོ་༣༥༠ལྷག་གི་ལོ་རྒྱུས་ཡོད། བོད་ཀྱི་ཟློས་གར་ཚོགས་པའི་གསར་གཏོད་ནི་རང་སྐྱོང་ལྗོངས་གཙོ་གནད་རིག་དངོས་སྲུང་སྐྱོབས་ལས་ཁུངས་སྟེ་མཚོ་སྨད་དགོན་དང་འབྲལ་དུ་མེད་པའི་ཉེ་རྒྱུད་ངེས་ཅན་ཞིག་ལྡན་པ་རེད། འབྲེལ་ཡོད་སྡེ་ཁག་གིས་མཐོང་ཆེན་དང་ཟློས་གར་ཚོགས་པའི་འབད་བརྩོན་འོག་མཚོ་སྨད་ཟློས་གར་ནི་༢༠༡༢་ལོར་ལྷ་ས་གྲོང་ཁྱེར་རིམ་པའི་གཟུགས་འདས་རིག་དངོས་ཤུལ་བཞག་དུ་ཚུད་པ་རེད། 

ཟླ་༨པའི་ཟླ་དཀྱིལ་དུ་སྟོད་ལུང་བདེ་ཆེན་རྫོང་ལ་ལྗང་མདོག་གིས་བརྒྱན་ཞིང་ཤིང་འབྲས་སྨིན་ལ་མང་ཚོགས་དག་ལོ་ལེགས་འབྱུང་བའི་དུས་སྐབས་ཞིག་རེད། བྲེལ་བ་ཆེ་ཞིང་སྤྲོ་སྐྱིད་ཀྱིས་ཁེངས་ཡོད། སྐབས་འདིར་ཞིང་འབྲོག་མང་ཚོགས་སྟོན་སྡུད་ཀྱི་ལས་ལ་བྲེལ་བ་དང་ཆབ་ཅིག་དུས་ཆེན་ཞོ་སྟོན་ལའང་རོལ་དགོས་པ་རེད།

ཟླ་༨པའི་ཚེས་༧ལ། བཅར་འདྲི་ཚན་ཆུང་མཚོ་སྨད་གྲོང་ཚོར་སླེབས་ཤིང་། མཚོ་སྨད་བོད་ཀྱི་ཟློས་གར་གཟུགས་འདས་ཤུལ་བཞག་རིག་དངོས་ཀྱི་རྒྱུན་འཛིན་པ་ལྷག་པ་ཚེ་རིང་བཙལ་བ་རེད། སྟབས་མ་ལེགས་པར་ཁོང་ནི་བུ་མོའི་རྒྱུགས་ཚད་ཀྱི་ཆེད་དུ་ལྷ་སར་ཕེབས་ཚར་ལ་བློ་འགྱོད་ཞིག་ལ་ཁོང་གི་སྐུ་དངོས་སུ་མཇལ་མ་ཐུབ་པ་དེ་རེད།ཟླ་༨པའི་ཚེས་༡༤ཉིན། གོ་ཐོས་ལ་མཚོ་སྨད་ཟློས་གར་བདེ་ཆེན་གྲོང་ཚོའི་འོང་སྐོར་ལ་གདན་ཞུ་བྱས་ཡོད་པ་དང་བཅར་འདྲི་ཚན་ཆུང་བྲེལ་མྱུར་གྱིས་གྲོང་ཚོ་དེར་ལྷག་པ་ཚེ་རིང་བཙལ་བར་སླེབས།

  ལྷག་པ་ཚེ་རིང་ལགས་ཀྱི་གཞས་གར་ལ་ཉན་པ།

ཟླ་༨པའི་ཚེས་༡༤ཉིན་ནི་བདེ་ཆེན་གྲོང་ཚོའི་འོང་སྐོར་གྱི་མཐའ་མའི་ཉིན་མོ་སྟེ། གཙོ་བོ་བོད་ཀྱི་ཟློས་གར་འཆམ་རྒྱུ་དེ་རེད།

ཐག་རིང་ནས་སྟོད་ལུང་གི་ཆུ་བོ་མཐོང་ཞིང་། གནམ་གཤིས་དྭངས་བའི་སྔ་དྲོར། གྲོང་ཚོ་དེ་གཙང་འགྲམ་གྱི་རྩ་ཐང་དུ་འཁྲབ་སྟོན་གྱི་སྟེགས་བུ་བརྒྱབ་འདུག་ལ། ཞོགས་པ་ནས་མང་ཚོགས་ཀྱིས་ཇ་མངར་མོ་དང་ནས་ཆང་བཅས་བཟའ་བཏུང་བསྣམས་ཏེ། མི་མང་པོ་གཅིག་རྗེས་གཉིས་མཐུད་ཀྱིས་ས་དེར་སླེབས་ཤིང་རས་གུར་མང་པོས་མཐའ་ནས་བསྐོར་འདུག

 ཟློས་གར་མ་འཆམ་པའི་སྔ་རོལ་ནས་འཁྲབ་སྟོན་པ་དག་ནས་མཛེས་འཕྱོར་སྟབས་བདེ་ཞིག་སྤྲས་ནས་འཆམ་ལྭ་བརྗེས། ལྷག་པ་ཚེ་རིང་གར་སྟེགས་སུ་རྔ་བརྡུང་ཞིང་རོལ་ཆས་དཀྲོལ་མཁན་གཞན་དག་དང་མཉམ་དུ་ཞུགས་འདུག རྣམ་པ་ཆུང་ཆུང་དེ་ལས་འཁྲབ་སྟོན་གྱི་ཚོར་སྣང་དང་བཅས་སྔ་མོ་ནས་འཁྲབ་སྟོན་གྱི་ནང་དུ་ཁྲིད་པར་བྱེད་ངེས།

ལྷག་པ་ཚེ་རིང་ལགས་ནས། དེ་རིང་གི་འཁྲབ་སྟོན་པད་མ་འོད་འབར་ལགས་ཤིང་སྔ་དྲོ་ནས་ཆུ་ཚོད་ཁ་ཤས་ལ་འཆམ་རྒྱུ་རེད། ཞེས་གསུངས་བྱུང་། འཁྲབ་སྟོན་དངོས་ཀྱི་དུས་སྐབས་ཐོན་ལ་ཉེ་ཞིང་ལྷག་པ་ཚེ་རིང་ལགས་ནས་ཕྱག་གི་རྔ་ཆེན་པོ་དེ་བཞག་ཏེ་བྲེལ་འཚུབ་ཀྱིས་གར་སྟེགས་རྒྱབ་ནས་འཆམ་གོས་བརྗེས་ཤིང་། དེ་ནི་རྙོག་ཟིང་ཆེ་བའི་འཆམ་གོས་ཞིག་སྟེ་ཕྱི་ནང་སྟེང་འོག་ཏུ་འཆམ་གོས་མང་པོ་དང་མི་གཉིས་ནས་རམ་འདེགས་འོག་གྲ་དག་པར་གྱོན་ཞིང་། འཁྲབ་སྟོན་པ་དང་མཉམ་དུ་རྔ་བརྡུང་རོལ་མོ་དཀྲོལ་ཏེ་གར་སྟེགས་སྟེང་བུད་དེ་འཁྲབ་སྟོན་བྱེད་པར་ཆས།

མང་ཚོགས་ཀྱི་མིག་འབྲས་གར་སྟེགས་ལ་ཕྱོགས་ཤིང་ངོ་མཚར་སྣང་བ་འགྱུ་བའི་བོད་ཀྱི་ཟློས་གར་འདིས་ཕྱོགས་འོང་གི་མགྲོན་པོ་མང་པོའི་མིག་དབང་འཕྲོག་འདུག

སྐད་གདངས་བརྗིད་ལ་སྙན་འཇེབས་ལྡན་པའི་གཞས་དབྱངས་ཞིག་གྲགས་འོང་ལ། དེ་ནི་ལྷག་པ་ཚེ་རིང་ལགས་ནས་གཞས་གཏོང་བཞིན་པ་སྟེ། གདོད་མའི་དྲི་རོ་ཡལ་ཞིང་རང་བཞིན་རྣམ་དག་གིས་གཞས་དབྱངས་དེས་མི་རྣམས་ལ་གདོད་མའི་གཏམ་རྒྱུད་ཞིག་ལ་ཉན་བཞིན་པའི་ཚོར་སྣང་སྦྱིན།

ལྷག་པ་ཕུན་ཚོགས་ལགས་ནི་རང་ལོ་༤༧ལ་སླེབས་ཤིང་།མཚོ་སྨད་ཟློས་གར་གྱི་རྒྱུད་འཛིན་མི་རབས་༡༤པ་དེ་རེད། ཆུང་དུས་ནས་བོད་ལྗོངས་ན་སྐད་གྲགས་འབར་བའི་བོད་ཟློས་གར་སྒྱུ་རྩལ་པ་རྒན་མ་ཡེ་ལ་སོགས་པ་བོད་ཀྱི་སྒྱུ་རྩལ་མཁས་དབང་མང་པོ་ཞིག་གིས་བསྐྱངས་ཤིང་། སྲོལ་རྒྱུན་ཟློས་གར་ཇོ་མོ་ལུང་གི་ཟློས་གར་ཕུད་གཞན་ཕྱོགས་སོ་སོ་ནས་སྒྱུ་རྩལ་ཟློས་གར་མང་པོ་བསླབ་ཏེ། གཞས་ཆེན། དགའ་གླུ། སྐོར་བྲོ། འབྲས་དཀར། ནང་མ། སྟོད་གཞས་ལ་སོགས་པ་དམངས་ཁྲོད་ཀྱི་སྒྱུ་རྩལ་གང་མང་ལ་བྱང་ཆུབ་སོང་ཡོད།

ལྷག་པ་ཚེ་རིང་ལགས་ལྷ་ས་དང་ལྷོ་ཁ། གཞིས་རྩེ་སོགས་སུ་སྐད་གྲགས་འབར་ཞིང་། ཁོང་ནི་འཁྲབ་སྟོན་སྒྱུ་རྩལ་མཁན་པོ་ཞིག་ཡིན་པ་མ་ཟད། མི་མང་དགའ་མོས་བྱེད་སའི་མི་གཤིས་བཟང་པོ་ཞིག་རེད།ཁེངས་སྐྱུངས་ཚུལ་ལྡན་གྱིས་རྩ་དོན་ལྟར། དངོས་སུ་ཁོང་གིས་ལས་རིགས་ལ་བག་ཆགས་ཟབ་ཅིང་མི་མང་དགའ་མོས་བྱེད་སའི་མཚོ་སྨད་ཟློས་གར་ཚོགས་པའི་དབུ་གཙོ་དེ་རེད། ཁོང་རང་ཉིད་ཐེངས་མང་པོར་ལྷ་ས་ཞོ་སྟོན་དུས་ཆེན་གྱི་འཁྲབ་སྟོན་བྱས་ཤིང་གཟེངས་རྟགས་ཨང་དང་པོ་ཐོབ། དེ་མིན་ཕུལ་བྱུང་འཁྲབ་སྟོན་མི་སྣ། བོད་ཀྱི་ཟློས་གར་ལ་དམིགས་བསལ་མཛད་རྗེས་ཀྱི་གཟེངས་རྟགས་སོགས་རེག་པ་རེད།

ལྷག་པ་ཚེ་རིང་གིས་ལོ་རྒྱུས་གླེང་བ།ལྟོས་དང་ཉེ་ཆར་ང་ཚོ་ཟློས་གར་ཚོགས་པ་དུས་ཆེད་བྱས་ཚར་ཞིང་། ས་གནས་མང་པོ་ནས་གདན་འདྲེན་ཞུ་མཁན་དང་། ཉིན་ཤས་འགོར་ན་ལྷ་སའི་ཞོ་སྟོན་སྟེང་འཁྲབ་སྟོན་བྱེད་དགོས་པ་རེད། ཅེས་མཚོ་སྨད་ཏང་ཀྲི་པུའུ་ཧྲུའུ་ཅི་བསྟན་འཛིན་ལགས་ནས་བོད་ཀྱི་ལི་ཐོ་ཞིག་བསྟན་ཅིང་། འདི་ལྟར་འདི་ནི་ཆ་ཚང་བའི་ཟློས་གར་ཚོགས་པ་འདིའི་བསྐོར་བསྐྱོད་གོ་རིམ་རེད། ཞེས་ལོ་ཐོ་དེ་བསྟན་སོང་།

མཚོ་སྨད་གྲོང་ཚོའི་གྲོང་མི་རྣམས་བོད་ཀྱི་ཟློས་གར་ལ་ཤིན་ཏུ་དགའ་ཞིང་། ང་ཚོ་ཟློས་གར་ཚོགས་པ་ལ་གྲོང་ཚོ་འདིའི་མང་ཚོགས་འདི་ལྟར་དགའ་བའི་རྒྱུ་མཚན་ནི་ང་ཚོས་ཟློས་གར་ནི་སྔོན་མ་ཇི་བཞིན་ཁ་མདོག་མ་འགྱུར་བས་ཡིན། ཞེས་ཁོང་གིས་བཤད་བྱུང་།

མཚོ་སྨད་ཟློས་གར་གྱི་ལོ་རྒྱུས་ནི་ལྷག་པ་ཚེ་རིང་ལགས་ནས་བཤད་ན་རྫོགས་རྒྱུ་མེད་པ་ཞིག་རེད།

            གྲོང་ཚོ་འདིར་མཚོ་སྨད་ཟེར་ཞིང་།རྒྱལ་ལམ་དང་ལྕགས་ལམ་གྱི་ཁུང་ལམ་བརྒྱུད་སའི་གཤམ་དུ་གྲོང་ཚོ་འདི་གསལ་ལྷེང་ངེར་མཐོང་འདུག

        མཚོ་སྨད་བོད་བྲོ་ཟློས་གར་ཚོགས་པ་ནི་སྟོད་ལུང་བདེ་ཆེན་གྱི་ལྷ་ས་ནས་ལེ་དབར་༥༠ལྷག་ཡོད། དེ་ཡང་བོད་ཀྱི་ཟློས་གར་ལས་ཞལ་འབག་སྔོན་པོའི་རྒྱུད་པ་རེད། ད་ལྟ་བར་དུ་ལོ་ངོ་༣༥༠ལྷག་གི་ལོ་རྒྱུས་ཡོད། བོད་ཀྱི་ཟློས་གར་ཚོགས་པའི་གསར་གཏོད་འདི་རང་སྐྱོང་ལྗོངས་གཙོ་གནད་རིག་དངོས་སྲུང་སྐྱོབས་ལས་ཁུངས་དང་་མཚོ་སྨད་དགོན་དང་འབྲལ་མེད་ཀྱི་འབྲེལ་བ་ངེས་ཅན་ཞིག་ལྡན་པ་རེད། 

བཤད་ཚུལ་ལ་སྤྱི་ལོ་༡༧༥༠ལོར་རྒྱལ་དབང་བདུན་པ་སྐལ་བཟང་རྒྱ་མཚོ་མཆོག་མཚོད་སྨད་དགོན་དུ་ཕེབས་ནས་བསླབ་སྡོམ་བཞེས་ཤིང་། སྐབས་དེར་འབྲེལ་ཡོད་ཀྱི་ནང་དོན་དག་ད་ལྟ་ད་རུང་དགོན་པར་ཉར་ཡོད། དེ་ལྟར་སྐབས་ཐོག་དེར་ཁོང་གི་ཆིབས་བསྒྱུར་སྐབས་སུ་བསུ་མའི་ཟློས་གར་འཆམ་ལ་ཁོང་ཧ་ཅང་མྱོས་པོ་གནང་བ་དང་། དེ་ནས་ལོ་ལྟར་ཞོ་སྟོན་སྐབས་སུ་དབུ་ཚུགས་མཛད་སྒོར་བཀྲ་ཤིས་ཞོགས་པ་ཟེར་བ་མཚོ་སྨད་ཟློས་གར་ཚོགས་པ་འཆམ་དགོས་པ་རེད།འཁྲབ་སྟོན་ཚར་བ་དང་བོད་ཀྱི་ཟློས་གར་ཚོགས་པ་མཚོ་སྨད་འབྲས་སྤུངས་གནས་ཆུང་དུ་འཆམ་དགོས་པ་རེད།

མཚོ་སྨད་ཟློས་གར་ཚོགས་པ་ཐོག་མར་ཞལ་འབག་དཀར་པོ་དང་ལོ་རྒྱུས་ཀྱི་བརྒྱུད་རིམ་རིང་མོའི་ཁྲོད་རིམ་བཞིན་བོད་ཀྱི་ཟློས་གར་ཆེན་པོ་དག་ལས་དྭངས་མ་བླངས་ཤིང་ལེགས་ཆ་བསྡུས་ཏེ་ལྷག་པར་དུ་ཇོ་མོ་ལུང་བོད་ཀྱི་་ཟློས་གར་གྱིས་ཤུགས་རྐྱེན་ཆེན་པོ་ཐེབས།ཕལ་ཆེར་ཞལ་འབག་སྔོན་པོར་ག་དུས་འགྱུར་བ་ནི་བཤད་དཀའ་བར་གྱུར། འཁྲབ་སྟོན་པ་འགྲེས་པོ་ཕུར་ཆུང་ལགས་ནས། ཁྲེན་ཀོང་ཆུའི་ཞོལ་ཟློས་གར་ནི་བོད་ཀྱི་ཟློས་གར་ཚོགས་པ་སྔ་ཤོས་དེ་རེད། ལོ་ལྟར་ཞོ་སྟོན་ལ་འཁྲབ་སྟོན་དང་། མཚོ་སྨད་ཟློས་གར་བ་རྒན་རབས་དག་ཀྱང་ཞོལ་ཟློས་གར་གྱི་ཁྱད་ཆོས་ལ་དགའ་ཞིང་། དེ་རུའང་ལེགས་ཆ་མི་ཉུང་བ་དང་བླངས་བྱས་ཡོད།

ལོ་རྒྱུས་རིང་མོར་མི་རབས་སྔོན་མའི་མེས་པོ་དག་གི་ཉམས་མྱོང་ཕུན་སུམ་ཚོགས་པའི་རིན་ཐང་གཞལ་མེད་ཀྱི་རྨང་གཞིའི་སྟེང་སྟོད་ལུང་བདེ་ཆེན་ནི་གནའ་སྔ་མོ་ནས་ལོ་རྒྱུས་རིང་ཞིང་འཁྲབ་སྟོན་ནི་ཆེས་གདོད་མའི་སྐབས་ཀྱི་ཟློས་གར་གྱི་ཁ་མདོག་མ་འགྱུར་ཞིང་རྒྱུན་འཛིན་འཕེལ་རྒྱས་བྱུང་བ་ཡིན། དེ་ལ་རྒྱུད་པའི་ཟམ་ཆད་པ་དང་རྣམ་པ་མི་ལེགས་པ་མི་འབྱུང་བར་གོང་རིམ་འབྲེལ་ཡོད་སྡེ་ཁག་དང་མིང་གྲགས་ཅན་གྱི་འཁྲབ་སྟོན་སྒྱུ་རྩལ་བའི་ཁྱིམ་ཚང་སོགས་ནས་རམ་འདེགས་འོག་༡༩༦༤ལོར་མཚོ་སྨད་ས་གནས་རང་ནས་ན་གཞོན་ཕོ་མོ་གཉིས་གཙོ་བོར་ཆགས་ནས་ཟློས་གར་ཚོགས་པ་བཙུགས། ལོ་ངོ་བཅུ་ཕྲག་རིང་སློབ་སྦྱོང་དང་ཞིབ་འཇུག འབྲེལ་འདྲིས་དཀའ་སྤྱད་ལ་བརྟེན་དེ་རིང་གི་རྣམ་པ་འདི་མངོན་ཞིང་འཁྲབ་སྟོན་ཁྱད་པར་བ་དང་སྲོལ་རྒྱུན་གཙོ་བོར་དམིགས་ནས་དེ་ལའང་ཟློས་གར་གཞན་དག་གི་དྭངས་བཅུད་གཞིབ་ནས་བོད་ཀྱི་ཆ་ཚང་བའི་སྲོལ་རྒྱུན་གྱི་བྲོ་གར་དང་དེང་རབས་ཞབས་བྲོ། གར་ཆུང་། རྐྱང་གཞས་ལ་སོགས་པས་མཚོན་རྣམ་པ་ཕུན་སུམ་ཚོགས་པར་བྱུང་ཡོད།ས་གནས་ཚང་མའི་མང་ཚོགས་རྣམས་དགའ་མོས་བྱེད་སའི་ཟློས་གར་ཚོགས་པ་ཞིག་དང་། ཁྱོན་སྡོམ་གཏན་འཁེལ་གྱི་འཁྲབ་སྟོན་པ་༣༠དང་། དེ་ལའང་འཁྲབ་སྟོན་པ། ཞབས་བྲོ་བ། གླུ་གཞས་པ་ལ་སོགས་པ་ཡོད།

མཚོ་སྨད་ཟློས་གར་ཚོགས་པ་ཚུགས་ནས་ད་ལྟ་བར་མུ་མཐུད་དེ་ཞོ་སྟོན་དང་དགོན་སྡེ་ཆེ་ཁག་དག་གི་ཆོས་ལུགས་དུས་སྐར་སོགས་ལ་འཁྲབ་སྟོན་བྱས་ཤིང་། གཞི་རིམ་དུ་བསྐྱོད་པ་གསུམ་དང་འོང་སྐོར་དུས་ཆེན་སོགས་ལའང་འཁྲབ་སྟོན་བྱེད་བཞིན་པ་རེད། ཏང་གི་རྣམ་གྲངས་ཀྱི་རྗེས་སུ་དམངས་ཕན་ཕྱུག་འགྱུར་གྱི་གོམ་པའང་གཞི་རིམ་གྱི་གྲུ་ག་སོ་སོ་ལ་སླེབས་ཤིང་གཞི་རིམ་འབྲོག་ཁུལ་གྱི་སྒྲིག་གཞིའང་མུ་མཐུད་དེ་ལག་བསྟར་དང་།ད་ལྟ་ཟློས་གར་ཚོགས་པ་རང་ལ་རང་ཉིད་ཀྱི་འཆམ་གོས་དང་།རོལ་ཆས། སྒྲ་གཏོང་བཅས་སྒྲིག་ཆས་ཆ་ཚང་ཡོད།

 ལྷག་པ་ཚེ་རིང་ལགས་ནས་སེམས་གཏམ་གླེང་བ།

བོད་ཀྱི་ཟློས་གར་ཚོགས་པའི་སྒྲ་གདངས་ནི་ཆེས་གནའ་བོའི་གདངས་དབྱངས་དང་། འཆམ་གོས་དང་རྒྱན་ཆ་ཐ་དག་ཀྱང་སྔོན་མའི་དྲི་རོ་མ་ཉམས་ཤིང་ཁ་མདོག་མ་འགྱུར་བར་ཡོད།འཁྲབ་སྟོན་རེ་རེའི་རྒྱན་གོས་ཀྱང་མི་འདྲ་བས་ང་ཚོ་ཟློས་གར་ཚོགས་པར་དོན་ངོ་མར་རྒྱན་གོས་ག་ཚོད་ཡོད་དམ།

ལས་རིགས་ལ་དཀའ་སྤྱད་དང་སྤྲོ་སྣང་གི་ནམ་ཡང་སེམས་པ་ཤི་མ་མྱོང་། འདི་ནི་མི་རབས་ནས་མི་རབས་སུ་བརྒྱུད་པའི་མཚོ་སྨད་ཟློས་གར་སྒྱུ་རྩལ་པ་ཚོགས་པའི་བློ་གྲོས་ཀྱི་ཉིང་བཅུད་དང་། དེ་ལས་ཀྱང་འཁྲབ་སྟོན་མི་སྣ་རེ་རེའི་རིག་གནས་སྤོབས་པའི་ཉམས་འགྱུར་རེད། རིག་གནས་འདི་ལྟ་བུའི་སྤོབས་པས་བོད་ཀྱི་ཟློས་གར་ཚོགས་པར་ད་ལྟའི་གྲུབ་འབྲས་དང་མང་ཚོགས་ཚང་མ་དགའ་མོས་བྱུང་བ་རེད། ཞེས་ཁོང་གིས་སྤྱི་སྡོམ་བྱས་སོང་།

རང་སྟོབས་རང་སྤེལ་གྱི་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་ཞིག་ལ་མཚོན་ན། མཚོ་སྨད་ཟློས་གར་ཚོགས་པ་ལོ་རེར་སྟོད་ལུང་བདེ་ཆེན་རྫོང་གི་ཁོང་གཏོགས་གཅིག་པུ་མ་ཡིན་པར་། ཟློས་གར་ཚོགས་པ་ཆུ་ཚད་གོང་མཐོར་ཕྱིན་པ་དང་འཁྲབ་སྟོན་པ་དག་གི་སྤུས་ཚད་ཀྱང་མཐོར་འདེགས་བྱུང་། བག་ཆགས་དང་འགུགས་ཤུགས་ཀྱང་ཉིན་རེར་ཇེ་ལེགས་སུ་ཕྱིན་ཏེ་སྟོད་ལུང་བདེ་ཆེན་གྱི་གཞི་རིམ་དུ་ཐེངས་གསུམ་བསྐྱོད་པ་ཞེས་པའི་བྱ་འགུལ་དང་དུས་སྟོན་ལ་འཁྲབ་སྟོན། མི་རྣམས་ཀྱི་སེམས་མགུ་ཞིང་རིག་གནས་ཀྱི་དགོས་མཁོ་ལྟར། གཞན་ལྷོ་ཁ་དང་གཞིས་རྩེ། ནག་ཆུ་བཅས་ནས་དུས་སྐར་འདིར་ཞུགས་པ་དང་འཁྲབ་སྟོན་པས་་ཚོང་ལས་རང་བཞིན་གྱི་འཁྲབ་སྟོན་བཅས་ལོ་མཇུག་སྡོམ་པར་འཁྲབ་སྟོན་༡༠༣ལ་བྱས་པ་དང་། སྤྱི་སྡོམ་ལྟད་མོ་བ་ཁྲི་༩་༨་སླེབས་པ་རེད། གཟི་བརྗིད་ཀྱི་གཟེངས་རྟགས་རེག་ཅིང་ཆེད་ལས་མཁས་པ་དག་གིས་ཀྱང་ཁས་བླངས་བྱུང་།

མིག་སྔར་མཚོ་སྨད་ཟློས་གར་ཚོགས་པས་རྒྱུན་དུ་འཁྲབ་སྟོན་སྦྱངས་བ་བྱེད་ཞོར། རང་ཡུལ་གྱི་རིག་གནས་སྒྱུ་རྩལ་ཐོན་ཁུངས་འདོན་སྤེལ། ཤུགས་ཆེན་པོས་གཞི་རིམ་རིག་གནས་ཁྱད་ཆོས་དང་ཕུན་སུམ་ཚོགས་པའི་འཁྲབ་སྟོན་ནང་དོན།གསར་གཏོད་དང་རང་ཉིད་ནས་སྒྲིག་བཟོ་དང་། ཆེད་ལས་རིག་གནས་སྒྱུ་རྩལ་བའི་དཔུང་ཁག་ལ་སློབ་སྦྱོང་དང་ཉམས་མྱོང་བརྗེས་རེ།དམངས་ཡོངས་ཀྱི་འཚོ་བ་ལ་ཁ་གསབ། རྒྱལ་ཁབ་ཀྱི་སྲིད་ཇུས་དང་མཐུན་ཞིང་མི་རིགས་རྣམ་པའི་སྲོལ་རྒྱུན་ཁོར་ཡུག་དང་།ས་གནས་་སོ་སོའི་མང་ཚོགས་ཀྱིས་དགའ་བསུ་དང་གདེང་འཇོག་དཔེ་མེད་ཐོབ།

ཟློས་གར་ཚོགས་པའི་དཔུང་ཁག་རྒྱ་བསྐྱེད་དང་སྒྲིག་འཛུགས་ཆ་ཚང་། ཆེད་ལས་སྤུས་ཀ་མཐོར་འདེགས། མཚོ་སྨད་ཟློས་གར་ཚོགས་པའི་སྐད་གྲགས་ཆེ་ཆེར་རྒྱས། ས་གནས་རང་གི་སྒྱུ་རྩལ་མི་སྣ་བསྐྱེད་བསྲིང་བྱས་པའི་མི་ཚད། ཟློས་གར་ཚོགས་པས་ཤང་ཁག་སོ་སོ་རུ་བསླབ་ཚན་ཁྲིད་དེ་དགེ་ཕྲུག་བསྐྱངས་པ་དང་། ལྷ་ས་གཞི་རིམ་རིག་གནས་ཕུན་སུམ་ཚོགས་པར་འཕེལ་རྒྱས་དང་ཞིང་འབྲོག་བུ་ཕྲུག་འཁྲབ་སྟོན་པ་གང་མང་ཞིག་བསྐྱེད་བསྲིང་བྱས།

དེ་དང་ཆབ་ཅིག་དེ་ལས་ལྷག་པའི་ཟློས་གར་ཚོགས་པ་ཆེན་པོ་དག་གི་ལྷག་པ་ཚེ་རིང་ལགས་འབོད་བསྐུལ་དང་། ཁོང་གི་གླ་ཆ་དང་གོ་ཐོབ་ཆེན་པོ་སྟེར་བར་ཐེངས་མང་་བཤད་ཀྱང་། ཁོང་གིས། ང་ནི་མཚོ་སྨད་ཟློས་གར་གྱི་རྒྱུད་འཛིན་པ་དང་། ང་རང་ཕྱིན་ཚེ་མཚོ་སྨད་ཟློས་གར་རྒྱུན་འཛིན་པའི་ནག་ཉེས་ཆེན་པོ་ཞིག་དང་། ས་སྐྱེས་རྡོ་སྐྱེས་ཀྱི་མཚོ་སྨད་ཀྱི་བུ་ཕྲུག་ཞིག་དང་། ངའི་རྩ་བའང་འདི་རུ་ཡོད་ལ་ངའི་ཕུགས་འདུན་ཡང་དམངས་ཁྲོད་ཀྱི་སྒྱུ་རྩལ་པ་ཞིག་བྱེད་འདོད་ཡིན། ཞེས་བཤད།

འཆི་རག་བར་དུ་སློབ་སྦྱོང་དང་།ཁོང་གིས་ད་ལྟ་ཟློས་གར་ཕྱོགས་ལ་ཕན་འབྲས་ངེས་ཅན་ཞིག་ཐོན་ཡོད། ད་རུང་ཁོང་གིས་ཉི་མ་རེ་རེ་ལའང་གང་སར་སློབ་སྦྱོང་བྱེད། གཙོ་བོ་རང་གི་ཆུ་ཚད་མཐོར་འདེགས་དང་། བྱང་ཆུབ་པ་ན་ད་བཟོད་ཆེས་མང་པོའི་མང་ཚོགས་ཀྱིས་བོད་ཀྱི་ཟློས་གར་ལ་དང་འདོད་དང་དགའ་མོས་བྱེད་རྒྱུ་རེད།ཞེས་སེམས་གཏམ་བརྗོད་ཞིང་། དེང་སྐབས་ཟློས་གར་ཚོགས་པ་ལོ་མཇུག་ཡོང་འབབ་སྒོར་ཁྲི་༢༠ཙམ་དང་། འཁྲབ་སྟོན་པ་དག་ལ་འཁྲབ་ཐེངས་རེར་སྒོར་༥༠ཡོང་འབབ་ཡོད། ང་་ཚོས་རེ་བ་ནི་ཟོང་དངོས་ཐོན་རྫས་སྒྱུ་རྩལ་ལག་ཤེས་ཞིག་དང་མཉམ་འབྲེལ་གྱིས་འཁྲབ་སྟོན་པ་དག་གི་ཡོང་འབབ་ལ་ཁ་སྣོན་ཙམ་བསམ་ཡོད། ནུས་ཤུགས་ཡོད་རྒུ་འཁྲབ་སྟོན་གྱི་རྒྱུ་སྤུས་ལ་བསམ་བློ་འཁོར་ཡོད།ཞེས་བཤད།

དེང་སྐབས་ལྷག་པ་ཚེ་རིང་ལགས་ཀྱི་དངོས་སུ་བསྐྱངས་བའི་བསྟན་པ་ཆོས་དར། ཤེས་རབ། ཟླ་བ་བཀྲ་ཤིས་བཅས་སློབ་བུ་གསུམ་གྱི་སྒྱུ་རྩལ་ལག་ཤེས་ནི་ཉིན་རེ་བཞིན་འཕེལ་རྒྱས་དང་ཁོང་གི་སེམས་ནི་བདེ་ཚོར་གྱིས་བཟི་འདུག

 

 

                                                 (རྩོམ་འགན་པ། སྒྲོལ་མ། )

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060