སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
དྭགས་པོའི་རྫ་མ།ལོ་རྒྱུས་ཀྱི་ཤུལ་བཞག
སྤེལ་དུས། 2014-08-05   ཡོང་ཁུངས། བོད་ལྗོངས་ཚོང་དོན་ཚགས་པར།   རྩོམ་པ་པོ།  བསོད་རྡོར་གྱིས་བསྒྱུར།

དེ་ཡང་ཤིང་མེ་བྱུང་བ་དང་རྡོ་ལྕགས་བཞུ་བ་ནི་མིའི་རིགས་ཀྱི་ལོ་རྒྱུས་དཔལ་ཡོན་ཐོག་མར་དར་བའི་གོམ་པ་དང་པོ་རེད། དེ་ཡང་དཀར་ཡོལ་རྫ་མ་བཟོ་བའང་མིའི་རིགས་ཀྱི་དུས་རབས་རང་བཞིན་གྱི་གོམ་པ་གལ་ཆེན་ཞིག་སྤོས་པ་རེད། མི་རྣམས་ཀྱི་མེ་དང་ས་གཉིས་འབྲེལ་བའི་བེད་སྤྱོད་དང་མིའི་རིགས་སྤྱིའ་དཔལ་ཡོན་དར་བ་ལ་གནམ་ས་བླ་འོག་འགྱུར་བའི་ལོ་རྒྱུས་བྱུང་།
  
དེ་འབྲེལ་རྫ་གཡམ་གྱི་ཐོག་མའི་འབྱུང་ཁུངས་ཀྱང་གནའ་རྫས་རྟོག་དཔྱོད་མཁན་པོས་ཐ་གཅིག་ཏུ་གཏན་འབེབས་གནང་མ་མྱོང་ཡང་། ནང་སའི་ཀྲུང་དཀྱིལ་ལ་མཚོན་ནས་རིགས་འདེད་བྱས་པར་ཀྲུང་གོའི་རྫ་མ་བཟོས་བའི་ལག་ཤེས་དེ་ཉུང་མཐར་ཡང་ལོ་ཁྲི་ལྷག་གི་ལོ་རྒྱུས་ཡོད་པར་སྨྲ། དེ་ལས་ཐད་ཀར་ཤེས་སྲིད་པ་ནི་༡༩༧༤ལོར་ཅང་སོའི་༼ 溧水县神仙洞洞穴遗址༽གནའ་ཤུལ་ལས་རྙེད་པའི་རྫ་མ་དེ་ལྟ་བུ་རེད།
           བོད་ལྗོངས་ས་ཁུལ་དུ་ད་ལྟ་གནའ་རྫས་ཞིབ་འཇུག་ལས་རྙེད་པར་རྫ་བུམ་ལོ་རྒྱུས་ལ་ལོ་ངོ་སྟོང་༥༠༠༠ཡས་མས་དང་། སྔ་མོ་རྡོ་ཆས་རྙིང་བའི་དུས་རབས་ནས་བོད་ཡུལ་དུ་གདོད་མའི་འགྲོ་བ་མི་འཚོ་གནས་དང་རྫ་བུམ་གྱི་ལོ་རྒྱུས་རིང་མོ་ཡོད་པ་དང་།འོན་ཏེ་དེང་སྐབས་གནའ་རྫས་བརྟག་དཔྱད་ལས་ལྟོས་ན་བོད་རིགས་མེས་པོ་དག་གི་ལོ་རྒྱུས་ལ་ཚོད་བགམ་བྱེད་དཀའ་བ་རེད། ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་གི་གནའ་རྫས་ཞིབ་འཇུག་པས་ཚོད་ལྟ་ལས་ཆབ་མདོའི་ཁ་རུབ་གནའ་ཤུལ་ལ་ཚད་འཇལ་བྱས་པའི་འབྲས་བུར། ཁ་རུབ་གནའ་ཤུལ་རྫ་བུམ་ལ་ད་ལྟའི་བར་བར་དུ་ལོ་ངོ་༥༠༠༠ནས་༤༠༠༠ཡོད་པར་བཤད།འདི་ནི་མིག་སྔར་ཆེས་སྔ་བའི་རྫ་བུམ་དེ་རེད།

  
བོད་ལྗོངས་སུ་མིག་སྔར་རྡོ་ཆས་གསར་མའི་སྐབས་ཀྱི་རྫ་བུམ་ནི་ཆབ་མདོའི་ཁ་རུབ་གནའ་ཤུལ་ལས་གཞན་ལྷ་ས་ཆུ་ཀོང་། ཉིང་ཁྲིའི་དཔར་སྐོང་སོགས་དང་། ལྷོ་ཁ། ཀོང་དཀར། སྤོ་བོ། མངའ་རིས་གུ་གེ་བཅས་ཀྱི་གནའ་ཤུལ་བཅས་དུར་ས་དང་གནའ་ཤུལ་རྙེད། དེ་དག་ཚང་མ་རུ་རྫ་བུམ་བྱུང་བ་རེད། དེ་ལས་དུར་སར་བྱུང་བ་ནི་ཁ་རུབ་གནའ་ཤུལ་གྱི་རྫ་བུམ་མཚེ་མ་དེ་ལ་ཚབ་མཚོན་རང་བཞིན་གྱི་སྒྱུ་རྩལ་དང་ལྡན་པ་རེད།
  
དེ་ལས་རྫ་བུམ་མཚེ་མ་དེར་ལོ་ངོ་༤༥༠༠ནས་༥༠༠༠ཙམ་དང་།ལོ་རྒྱུས་རིང་མོ་དང་བཟོ་བཀོད་མཛེས་བ། དེང་སྐབས་བོད་ལྗོངས་དངོས་མང་བཤམས་སྟོན་ཁང་དུ་རིན་ཆེན་ནོར་བུར་གྱུར་ཡོད་ལ་དེའི་གཟུགས་དབྱིབས་ལ་ལྟོས་ནས་དངོས་མིང་བཤམས་སྟོན་ཁང་གི་མཚན་རྟགས་བཟོས་ཡོད།
   
དེང་སྐབས་ང་ཚོས་རྫ་མ་རེ་རེའི་ལ་ལྟོས་ན་ཐམས་ཅད་ལོ་རྒྱུས་ལས་བྱུང་ཞིང་རྒྱབ་ལྗོངས་ཀྱི་གནའ་གཏམ་ཡང་རྫོགས་མཐའ་བྲལ་བ་ཞིག་རེད། བོད་མེས་པོ་གོང་མ་དག་གི་རྫ་མ་བཟོས་པ་དང་བོད་ཀྱི་སྤྱི་ཚོགས་ཀྱང་དུས་རབས་གསར་བ་ཞིག་ལ་སླེབས་པ་རེད། ལོ་རྒྱུས་ཡིག་ཆ་ལས་ཤེས་གསལ་ལྟར་བོད་ལྗོངས་ཀྱི་ལྷ་ནུབ་ཕྱོགས་ནི་འགྲིམ་འགྲུལ་མི་བདེ་ཞིང་རིག་གནས་དང་དངོས་པོའི་རྒྱུ་བ་ཕལ་ཆེར་ལ་ཚད་བཀག་ཐེབས་ཡོད། དེ་ལྟར་ལྟོས་བཅས་ཀྱིས་སྨྲས་ན་འཚོ་བའི་གནས་སྟངས་ཀྱང་དེ་ལྟར་རེད།དེ་བས་བོད་ལྗོངས་རང་ས་ནས་བྱུང་བའི་འཚོ་བའི་སྤྱོད་སྟངས་ཀྱང་སྔོན་མ་བཞིན་རྒྱུན་འཛིན་བྱུང་ཡོད།ཐབ་དང་དཀར་ཡོལ། སྡེར་མ།གཤོང་བ། ཆང་དཀར་ལ་སོགས་པའོ། བོད་མིའི་འཚོ་བའི་སྡོད་ཁང་དང་བཟའ་བཅའ་ལ་སོགས་པ་ཐམས་ཅད་དེ་ལྟར་གྲུབ་ཡོད། བོད་མིའི་ཁྱིམ་དུ་རྫ་མ་ནི་འཚོ་བའི་རྒྱུན་སྤྱོད་ཡོ་ཆས་དང་ཞིབ་འཇུག་གི་ལག་ཤེས་དང་ལྡན་ཡོད།
 
སྲོལ་རྒྱུན་འདི་ད་ལྟའི་བར་དུ་འགྱུར་མེད།
རྫ་མའི་གཙོ་བོའི་བེད་སྤྱོད་བོད་རིགས་ཀྱི་མེས་པོ་དག་ཡུན་རིང་དུ་ཞིབ་འཇུག་བྱས་པ་དང་འཕེལ་རྒྱས་བྱུང་། བོད་ལྗོངས་ས་ཆར་རྫ་བུམ་གྱི་ཕྱི་དབྱིབས་དང་རྣམ་པ། ཚོས་གཞི་ལ་སོགས་པ་ཐོན་སྐྱེད་ནུས་ཤུགས་ཞན་པའི་སྐབས་སུ་འདི་ལྟ་བུའི་ཚད་གཞི་ལ་སླེབས་པ་ནི་མེས་པོ་གོང་མ་དག་གི་བློ་གྲོས་ཚད་གཞི་ནི་དེང་རབས་ལྟ་བའི་རྫ་བུམ་བྱུང་བ་ནི་ངོ་མཚར་བ་ཞིག་རེད།
 
 ཞིབ་འཇུག་གི་གྲུབ་འབྲས་ལྟར་ན་རྫ་བུམ་བསྲེག་པ་ནི་ཞིང་ལས་དང་ངེས་པར་འབྲེལ་བའི་རྒྱུ་ཆ་ཞིག་རེད། ཚང་མས་ཤེས་གསལ་ལྟར་བོད་ལྗོངས་ནི་ཞིང་འབྲོག་གཙོ་བོར་གྱུར་བའི་ས་གནས་ཀྱི་འཚོ་བ་རོལ་སྟངས་དང་། དེ་ལས་རྙེད་པའི་གནའ་ཤུལ་ལས་མངོན་པ་ནི་རྫ་བུམ་མང་ཆེ་བ་བོད་ཤར་ཕྱོགས་དང་དཀྱིལ་སྙིང་གི་ས་གནས་གཤིན་པོ་དག་རེད། དེ་ལས་རྫ་བུམ་གྱི་ལག་ཤེས་ཀྱང་ངོ་མཚར་བ་མང་པོ་དར་བ་མཚོན།འདི་ལྟར་རྫ་བུམ་བོད་ལྗོངས་སུ་འབྲོག་ལས་ནས་ཞིང་ལས་ཀྱི་འགྱུར་མཚམས་ཡིན་པའི་དཔང་རྟགས་ཀྱང་ཡིན་པར་སེམས།
 
ཐར་བ་གྲོང་ཚོ་ནི་ལྷ་སའི་མལ་གྲོ་གོང་དཀར་རྫོང་ཁོངས་སུ་ཁྲོན་བོད་གཞུང་ལམ་སྟེང་གི་བོད་ལྗོངས་ཀྱི་ཞིང་ལས་གྲོང་ཚོ་ཞིག་རེད། ལོ་རྒྱུས་སྟེང་ཞིང་ལས་གཙོ་བོར་གྱུར་བ་ཞིག་རེད། འདི་རུ་མིའི་རིགས་འབྱུང་ཁུངས་ཀྱི་གནའ་ཤུལ་མེད་ནའང་། འོན་ཏེ་ལོ་ངོ་སྟོང་ཕྲག་ནས་དབུ་བརྩམས་པའི་རྫ་བུམ་བསྲེག་པའི་ལག་ཤེས་ལྡན་པ་རེད།
   
བོད་ལྗོངས་ཀྱི་སྤྱི་ཚོགས་རྙིང་བར་ལྷ་སའི་སྐུ་དྲག་བླ་དཔོན་ཚང་མས་གནས་འདི་རུ་རྫ་བུམ་ཉོ་འཚོང་དང་། གྲོང་ཚོ་འདི་རྫ་བུམ་གྱི་གྲོང་ཚོ་ཞིག་རེད། དེ་ནི་རྒྱལ་ནང་དང་བསྡུར་ན་ཅིན་ཏི་གྲོང་རྡལ་དང་ཧ་ཅང་འདྲ་བར་ཆགས།
  
ལོ་རྒྱུས་སྟེང་ཐར་བ་གྲོང་ཚོའི་རྫ་མ་ལ་ལག་ཤེས་སྒྱུ་རྩལ་ཁྱད་པར་དུ་འཕགས་པས་ས་གནས་གཞན་དག་མི་འདྲ་བར་སྲིད་ཇུས་ཆགས་ཡོད། དེ་བས་འདི་རུ་རྫ་མ་མང་པོ་སྲིད་གཞུང་དང་དགོན་སྡེ་ཁག་ལ་མཁོ་འདོན་དང་བོད་ལྗོངས་རྙིང་བའི་གྲོང་ཚོ་འདིའི་ཁྲལ་འཇལ་འུ་ལག་ཡང་དམའ་བར་ཡོད།
 
 ཞིང་བ་དག་ཞིང་ལས་ལ་བྲེལ་ཞིང་ཁོམ་སྐབས་སུ་རྫ་མ་བཟོ་བ་རེད། དེ་ནི་གྲོང་ཚོ་འདིའི་སྒྱུ་རྩལ་བ་དག་གི་འཚོ་བའི་ཁྱད་ཆོས་གཙོ་བོར་གྱུར་ཞིང་། ཁོང་ཅག་གིས་རང་ཉིད་ལ་རྫ་བུམ་པའམ་རྫ་མཁན་དུ་འབོད་པ་རེད།གནའ་ནས་ད་བར་གོམས་སྲོལ་འདི་མ་ཉམས་པར་། དེང་སྐབས་ཅུང་ཟད་དེང་རབས་ཅན་དུ་འགྱུར་ཡང་འོན་ཏེ་སྔོན་མའི་རྫ་མ་ནི་རང་ཉིད་ཀྱིས་རྒྱུད་འཛིན་གཙང་དག་གནང་ཡོད།

འདི་ནི་མི་ཚེ་གང་པོར་སྲུང་སྐྱོབས་དང་རྒྱུན་འཛིན་སྟེ། ཁོང་ཅག་ལ་མཚོན་ན་མི་ཚེ་ཧྲིལ་པོར་ཞིང་ལས་དང་རྫ་བུམ་བཟོ་བ་དེ་རེད།

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060