སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
བོད་སྐད་ཡིག་མིང་ཚིག་གསར་བ་དང་ཐ་སྙད་ཚད་ལྡན་ཅན་དུ་འགྱུར་བར་བརྩམས་པ།
སྤེལ་དུས། 2014-08-08   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས།   རྩོམ་པ་པོ།  བསོད་རྡོར་གྱིས་བསྒྱུར།

སྐད་ཡིག་གང་ཞིག་གི་ཚེ་སྲོག་དང་ལྡན་པའི་སྐད་རིགས་ཞིག་ལ་ལོ་རྒྱུས་རང་བཞིན་གྱི་ཚད་ལྡན་ཅན་དུ་འཕེལ་རྒྱས་ཕྱིན་ཅིང་། བོད་སྐད་ཡིག་ཀྱང་དེ་ལས་མ་འདས། ལོ་ངོ་༡༣༠༠ཡར་སྔོན་དུ་ཐོན་མི་སམ་བྷོ་ཊས་བོད་ཡིག་གསར་གཏོད་བྱས་རྗེས།བོད་སྐད་ཡིག་མདོ་དབུས་མཐོ་སྒང་དུ་མྱུ་གུ་འབུས་ཤིང་མཚར་སྡུག་འོད་སྟོང་འབར་བའི་མེ་ཏོག་ཅིག་དང་མཚུངས། བོད་སྐད་ཡིག་འཕེལ་རྒྱས་ཕྱིན་སྟེ་དེ་རིང་ངོ་མཚར་གྱི་གསང་མི་དམན་པ་ཞིག་རེད། དེ་ཡང་མིང་ཚིག་གསར་བ་བསྡུ་ལེན་དང་དག་སྒྲིག་གིས་ཚད་ལྡན་དུ་གྱུར།
 
དཔེར་ན་རྒྱ་སྐད་ཀྱི་“微信”、“萝莉”、“高富帅”གསར་དུ་བྱུང་བ་དང་གཅིག་གྱུར་གྱི་ལོ་ཙཱ་མེད་པ་དང་མོད་སྐད་དུ་བསྒྱུར་བར་གྱ་ཚོམ་དུ་གྱུར། དུས་རབས་ཀྱི་མདུན་དུ་བོད་སྐད་ཡིག་རྙིང་དང་འགྲན་རྩོད་སླེབས་ཤིང་དེ་ནི་བོད་སྐད་ཡིག་མིང་ཚིག་གསར་བ་ཚད་ལྡན་ཅན་དུ་འགྱུར་དགོས་བའི་དུས་སྐབས་དེ་རེད།
  ལོ་ངོ་ཉི་ཤུའི་ཞབས་རྗེས།
རྒྱལ་ཁབ་ཀྱི་ཚད་ལྡན་དང་བསྡུར་ན་མང་ཚོགས་ཀྱི་བོད་སྐད་མིང་ཚིག་གསར་བ་ཚད་ལྡན་ཅན་གྱི་རེ་བ་ནི་མངོན་གསལ་ཞིག་རེད། ཉིན་ཤས་སྔོན་སྐབས་གསུམ་པའི་བོད་སྐད་ཡིག་ཚིག་སྦྱོར་ཚད་ལྡན་བྱ་བའི་ཨུ་ཡོན་ཚོགས་པའི་ཐེངས་གཉིས་པའི་ཚོགས་འདུའི་སྟེང་ཅང་དགའ་ལགས་ནས་བོད་སྐད་ཡིག་མིང་ཚིག་གསར་བའི་ཚད་གཞི་གླེང་སྐབས་ཁོང་གི་ལྟ་ཚུལ་བཏོན།

 
ཁོང་ནི་མི་རིགས་དཔེ་སྐྲུན་ཁང་གི་ཞུས་ཆེན་པ་དང་རྒྱལ་ཡོངས་བོད་སྐད་ཡིག་མིང་ཚིག་ཚིག་སྦྱོར་གསར་བའི་ལོ་ཙཱ་ཞུ་ཆེན་ཆེད་མཁས་ཨུ་ཡོན་གྱི་ཨུ་ཡོན་ཡིན།མཁས་དབང་གཞན་དག་དང་མི་མཚུངས་བ་ཞིག་ནི་ཁོང་ནི་བོད་སྐད་ཡིག་ཚིག་སྦྱོར་ཚད་ལྡན་ཨུ་ཡོན་གྱི་དྲུང་ཡིག་ཆེན་མོ་རེད། བོད་སྐད་ཡིག་ཚིག་སྦྱོར་ཚད་ལྡན་ལས་ཀར་ཞུགས་ནས་ལོ་ངོ་ཉི་ཤུ་ཕྱིན་པའི་ལོ་རྒྱུས་ཀྱི་བདེན་དཔང་མཁན་རེད་ཞེས་སྨྲས་ཀྱང་ཆོག
   ༡༩༩༥ལོར་རྒྱལ་ཡོངས་བརྡ་སྤྲོད་ཚད་གཞི་ལག་རྩལ་ཨུ་ཡོན་ཚོགས་པའི་གྲངས་ཉུང་མི་རིགས་སྐད་ཡིག་ཁྱད་འཕགས་ཨུ་ཡོན་དབུ་ཚུགས་ཤིང་།དེ་ཡན་ལག་དུ་སྐད་རིགས་ཨུ་ཡོན་ཚོགས་པ་བཙུགས་པ་རེད། བོད་ཀྱི་བརྡ་སྤྲོད་ཚད་ལྡན་ཨུ་ཡོན་ཚོགས་པའང་དེ་གྲས་ཀྱི་གཅིག་རེད། བོད་སྐད་ཡིག་བརྡ་སྤྲོད་ཚད་ལྡན་ཨུ་ཡོན་དབུ་བཙུགས་རྗེས། དྲུང་ཡིག་སྡེ་ཁག་མི་རིགས་དཔེ་སྐྲུན་ཁང་དུ་བཙུགས་པ་རེད།སྐབས་དང་པོའི་བོད་སྐད་ཡིག་བརྡ་སྤྲོད་ཚད་ལྡན་ཨུ་ཡོན་གྱི་ཀྲུའུ་རེན་ནི་སྔོན་མའི་མི་རིགས་དཔེ་སྐྲུན་ཁང་གི་རྩོམ་སྒྲིག་པ་གཙོ་བོས་འགན་བླངས་ཤིང་། མི་རིགས་དཔེ་སྐྲུན་ཁང་གི་སྔོན་དུ་ཀྲུང་དབྱང་དམངས་སྲིད་ཨུ་ཡོན་ལས་དོན་ཁང་དུ་ཡོད། ༡༩༥༠ལོར་ཀྲུང་དབྱང་དམངས་སྲིད་ལས་གཉེར་ཁང་ལོ་ཙཱ་དཔེ་སྐྲུན་ཁང་དུ་བོད་ཡིག་དཔེ་སྐྲུན་འདུ་བའི་གྲངས་ཉུང་མི་རིགས་ཀྱི་ཡི་གེ་སྟེ་དེ་ནི་ཀྲུང་གོའི་མི་རིགས་དཔེ་སྐྲུན་ཁང་དུ་ལོ་རྒྱུས་ཀྱི་རྡོ་རིང་ཞིག་བསླངས་བ་རེད། ཀྲུང་གོའི་མི་རིགས་ལོ་ཙཱ་དང་དཔེ་སྐྲུན་ཁང་གསར་དུ་བཙུགས་པའི་ཐོག་མ་དེ་རེད།༡༩༥༣ལོར་མི་རིགས་དཔེ་སྐྲུན་ཁང་དངོས་སུ་བཙུགས་ཤིང་བོད་སྐད་ཡིག་གཞུང་ལས་ཁང་བཙུགས།ལོ་ངོ་༦༠ནང་དུ་བོད་ཀྱི་བསྟན་བཅོས་བཞི་སྟོང་པར་སྐྲུན་དང་དེབ་གྲངས་ཁྲི་༡༠༠༠ལྷག་བརྒལ་བ་རེད།རྒྱ་བོད་ཚིག་མཛོད་ཆེན་མོ་དང་། བོད་རྒྱ་དབྱིན་གསུམ་གྱི་ཚིག་མཛོད་བཅས་རང་རྒྱལ་དུ་བག་ཆགས་ཟབ་པའི་ཚད་ལྡན་གྱི་ལག་ཆ་ལྟ་བུར་གྱུར།ཁོང་གིས། མི་རིགས་དཔེ་སྐྲུན་ཁང་གི་ལོ་ཙཱའི་ལས་ཀ་ནི་མི་རིགས་སྐད་ཡིག་ཚད་ལྡན་ཅན་དུ་འགྱུར་བར་བྱས་རྗེས་མི་དམན་པ་བཞག་ཡོད། ཅེས་བཤད།

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060