སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
ལྷ་སའི་ནང་མའི་འཁྲབ་སྟོན་པ་གཡང་འཛོམས་ལགས།
སྤེལ་དུས། 2014-08-10   ཡོང་ཁུངས། བོད་ལྗོངས་ཚོང་དོན་ཚགས་པར།   རྩོམ་པ་པོ།  བསོད་རྡོར་གྱིས་བསྒྱུར།

འགོ་བརྗོད།

ནང་མ་ནི་བོད་ལྗོངས་ཀྱི་རིག་རྩལ་ཁྱད་པར་བ་ཞིག་སྟེ། སྔོན་མར་ཕོ་བྲང་པོ་ཏ་ལའི་ནང་གི་ཞབས་བྲོ་རོལ་དབྱངས་དཀྲོལ་མཁན་སྟེ་རྗེས་སུ་དམངས་ཁྲོད་དུ་དར་ཁྱབ་བྱུང་བ་རེད།ལྷ་ས་དང་གཞིས་རྩེ་ས་ཁུལ་དུ་དར་སྲོལ་ཆེན་པོ་བྱུང་ཞིང་ལྷ་སའི་ནང་མ་དམངས་ཁྲོད་དུ་དར་བ་ནས་རྒྱུད་པའང་མང་པོ་དར་བ་རེད། འོན་ཏེ་སྔོན་མའི་ཁ་མདོག་མ་འགྱུར་བ་ནི་སྙན་འཇེབས་ཀྱི་ངག་དང་མཛེས་མཚར་གྱི་ཉམས་འགྱུར་དེ་རེད།

ཞབས་བྲོ་རེ་རེའི་ལའང་ངོ་མཚར་བའི་ཁྱད་ཆོས་ཀྱི་ཕྱུག་ཡོད། ཟླ་བ་བརྒྱད་པར་སྟོན་ཁ་སླེབས་ཤིང་། ཞིང་ནང་གི་ནས་འབྲུ་སྨིན་ཞིང་འབྲུ་མཛོད་སྤུངས་ཏེ་ཤར་ཕྱོགས་ཀྱི་རི་བོ་ལས་མཐོ་ཞིང་། ཁྲུང་ཁྲུང་དཀར་མོའི་གཤོག་རྩལ་དེ་ང་ལ་གཡོར་དང་།ང་རང་རི་བོ་དང་མཚོ་མོ་བརྒྱུད་དེ་སྙིང་ཁོང་གི་ཁོ་མོ་བཙལ་དུ་འགྲོ། ཞེས་གསུངས་པ་ལྟར་བོད་ལྗོངས་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་ནང་མ་ཟེར་བ་དེ་ལྟར་གྲུབ།

གསར་འགོད་པ་ལྷ་ས་གྲོང་རྡལ་ཉན་བྲན་ལམ་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་རུ་སླེབས་ཤིང་།གཡང་འཛོམས་ལགས་ནས་ཁོང་ཚོར་ལྷ་སའི་ནང་མའི་ཚབ་མཚོན་གཞས་གླུ་ཞིག་གི་ལྟ་བ་བྱས། དེ་ནི་སྙན་འཇེབས་ཡིད་དུ་འོང་ཞིང་མི་སེམས་རང་དབང་དང་བྲལ་བར་བྱེད། ལྷ་ས་གྲོང་ཁྱེར་ས་ཁུལ་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་ནི་ལྷ་ས་ཉང་རལ་ཤང་གི་སྐྱིད་ཟུར་ཚོ་བ་རུ་ཡོད་ལ།ལྷ་ས་བྱང་ཁུལ་འགྲིམ་འགྲུལ་སྤྱི་སྤྱོད་ནི་༡༦ལས་གཞན་༢༠  ༢༢   ༢༣བཅས་གནས་འདི་རུ་སླེབས་ཐུབ་པ་རེད།

དེ་རིང་ང་ཚོ་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་ལྷ་ས་ནང་མའི་རྒྱུན་འཛིན་པ་ནོར་བུ་ཆོས་སྒྲོན་བཙལ་བ་ལགས་ཤིང་། འོན་ཏེ་ཁོ་མོ་ན་སོ་རྒས་ཤིང་བཅར་འདྲ་བྱེད་ཁག་པོ་དང་། དེ་ལྟར་ཁོང་གིས་གསར་འགོད་པར་ཁོང་གི་དགེ་ཕྲུག་གཡང་འཛོམས་ལགས་ངོ་སྤྲོད་གནང་བ་རེད། གཡང་འཛོམས་ལགས་ནི་ན་སོ་༤༩ཟིན་པ་དང་གཟུགས་པོ་འབྲིང་ཙམ་གྱི་དར་མ་ཞིག་ཞིག་རེད། འོན་ཏེ་ཁོང་རྟག་ཏུ་ཞབས་བྲོ་འཁྲབ་པ་དང་བྱད་བཞིན་ལྟོས་ནས་ལོ་ངོ་༥༠ཉེ་བ་ཞིག་དང་གཏན་མི་མཚུངས། འགྲན་ཚོགས་གྲོལ་བ་དང་གཡང་འཛོམས་ལགས་ནས་སྤྲོ་སེམས་ཁོལ་བའི་ངང་དུ་ནང་མ་ངོ་སྤྲོད་གསལ་པོ་གནང་བྱུང་། 

ཆེས་གནའ་བོའི་སྐབས་ཀྱི་འཁྲབ་སྟོན་གྱི་རྣམ་པ་དང་། ཕོ་བྲང་གི་རོལ་དབྱངས་ལྷ་ས་དང་གཞིས་རྩེ་རུ་དར་སྲོལ་བྱུང།

ནང་མ་ནི་བོད་ལྗོངས་ཀྱི་རིག་རྩལ་ཁྱད་པར་བ་ཞིག་སྟེ། སྔོན་མར་ཕོ་བྲང་པོ་ཏ་ལའི་ནང་གི་ཞབས་བྲོ་རོལ་དབྱངས་དཀྲོལ་མཁན་སྟེ་རྗེས་སུ་དམངས་ཁྲོད་དུ་དར་ཁྱབ་བྱུང་བ་རེད།ལྷ་ས་དང་གཞིས་རྩེ་རྒྱང་རྩེ་ས་ཁུལ་དུ་དར་སྲོལ་ཆེན་པོ་བྱུང་ཞིང་སྙན་ངག་དང་གླུ། བྲོ་གར། རོལ་མོ་བཅས་རྣམ་པ་མང་པོ་ལྡན།ཕོ་བྲང་གི་རོལ་དབྱངས་ཚོགས་པ་རིམ་བཞིན་གཞི་རིམ་གང་སར་དར་ཞིང་འཁྲབ་སྟོན་གྱི་རྣམ་པ་གལ་ཆེན་ཞིག་དང་མི་རྣམས་ཀྱི་ཕོ་བྲང་གི་བྲོ་གཞས་དང་གནའ་བོའི་གླུ་གར་ལ་ངོས་འཛིན།

བཤད་སྲོལ་ལ་རྒྱལ་དབང་ལྔ་བ་ཆེན་མོའ་ལ་དྭགས་ས་ཁུལ་གྱི་བྲོ་གར་རོལ་ཆ་ལ་ཉན་སྤྲོ་ཞིང་། སྒྱུ་རྩལ་པ་དག་མངགས་ནས་སློབ་སྦྱོང་དང་ལྷ་སར་གསར་དུ་གླུ་གར་ཚོགས་པ་བཙུགས་པ་རེད།དེ་ནི་དམངས་སྲོལ་གྱི་གླུ་གར་སྣ་ཚོགས་ཕོ་བྲང་དུ་དར་བའི་རྣམ་པ་དང་། དེ་ལྟར་ནང་མ་ཞེས་གྲུབ་པ་རེད། དེ་ལྟར་ཡང་དམངས་ཁྲོད་དུ་དར་་ཁྱབ་བྱུང་བ་དང་ས་གནས་གང་སར་དར་སྲོལ་བྱུང་། ནང་མ་ནི་དམངས་ཁྲོད་གྱི་བྲོ་གར་ལ་རྨང་གཞི་བྱས་ཤིང་གླུ་གཞས་བྲོ་གར་གཉིས་ལྡན་ཞིག་རེད། གླུ་ཚིག་མང་པོ་ཞིག་དྲུག་ཚིག་དང་བར་ལྷག་དུ་སྐྱོར་འཇོག་གང་མང་ཡོད། གླུ་གཞས་འདི་དག་དམངས་ཁྲོད་དུ་ངག་རྩོམ་བྱས་ཤིང་ནང་མའི་གཞས་ཚིག་དང་སྙན་འཇེབས་ལྡན་ཞིང་གཞས་གདངས་འཚམས་པ་བཅས་ལམ་གསེང་གང་སར་དར་སྤེལ་དཔེ་མེད་བྱུང་བ་རེད།

ནང་མ་ནི་དེ་ལྟར་བྱུང་ཞིང་བཤད་ཚུལ་ལ་གཙང་བ་སྡེ་སྲིད་ཕུན་ཚོགས་རྣམ་རྒྱལ་གྱི་སྐབས་སུ་མངའ་རིས་ས་ཁུལ་ནས་སྐོང་འགུགས་ཀྱི་གླུ་གཞས་བྲོ་གར་ལ་མཁས་པ་གདན་འདྲེན་གྱིས་གཟིམ་ཆུང་ནང་མ་ཞེས་པ་དར། གཙང་བ་སྡེ་སྲིད་དང་རྒྱལ་དབང་དྲུག་པ་ཟུང་ལོ་རེར་དབྱར་ཁར་སྤྲོ་སྐྱིད་གཏོང་བར་རྫོང་རྒྱབ་ཀླུ་ཁང་ལ་ཕེབས་སྲོལ་དང་།དེ་རུ་གཟིམ་ཆུང་ནང་ལ་རོལ་བར་དེ་ལྟར་བྱུང་བ་དང་།ཡང་གཞན་ཞིག་གིས་རྒྱལ་དབང་བརྒྱད་པའི་སྐབས་སུ་རྒྱ་ནག་ནས་དར་བར་གྲགས། གང་ལྟར་བཤད་ཚུལ་མང་ཡང་ནང་མ་བོད་ལྗོངས་སུ་དར་བའི་ལོ་རྒྱུས་ཤིན་ཏུ་རིང་ཞིང་མི་དམངས་རྣམས་ཆེས་དགའ་མོས་བྱེད་ས་དེ་རེད།

ནང་མ་ནི་རོལ་དབྱངས་དང་གླུ་གཞས། བྲོ་གར་བཅས་ལས་གྲུབ་ཅིང་།རོལ་མོ་དཀྲོལ་བ་དང་མཉམ་དུ་འཁྲབ་སྟོན་བྱེད། དེ་འབྲེལ་ཞབས་བྲོ་འཆམ་སོགས་རེད། གལ་སྲིད་ཞབས་བྲོ་འཆམ་སྐབས་རྐང་པ་གཡས་ནས་བརྩམས་ཞིང་རང་དབང་གིས་ལག་པ་གཡུག་པ་སོགས་ཀྱི་ཉམས་ལྡན། གླུ་གཞས་དག་སྙན་ཞིང་མཚམས་རེར་ཞབས་བྲོའི་རྣམ་པའང་ཡོད། ཞེ་ས་དང་ལུས་པོ་སྒུར་བ་ལྟ་བུ་རེད། རོལ་དབྱངས་དང་མཉམ་དུ་འཆམ་ཞིང་རོལ་དབྱངས་དང་མཉམ་ཞབས་བྲོ་མཚམས་བཞག་པར་བྱེད།

ཁྭ་ཏའི་རྒྱུད་པ།ལྷ་སའི་ནང་མའི་ནོར་བུ་སྟེ་གྲུབ་ཆ་གང་དུའང་ཟབ་ཚད་ལྡན་པའི་ལྷ་སའི་ཁྱས་ཆོས་རྡོག་པོ་རེ་མངོན་ཡོད།

བོད་རིགས་མཁས་དབང་སྤེན་པ་ལགས་ནས་བརྟག་པར། བོད་ལྗོངས་ཞི་བའི་བཅིང་འགྲོལ་མ་བྱས་པའི་སྔོན་དུ།ལྷ་ས་གནས་རྙིང་གི་གླུ་གཞས་ལ་དགའ་བའི་གྲོང་མི་དག་གིས་རྩ་འཛུགས་ཀྱིས་ནང་མ་སྐྱིད་སྟོན་ཞེས་དམངས་ཁྲོད་ཀྱི་གླུ་གཞས་ཚོགས་པ་ཞིག་བཙུགས་ཤིང་། དེ་ལྟར་ནང་མའི་སྒྱུ་རྩལ་རྣམ་པ་དག་རྒྱུན་འཛིན་བྱས། རྗེས་སུ་ལྷ་སར་ནང་མ་གླུ་གཞས་ཟེར་སྲོལ་དང་གཡང་འཛོམས་ལགས་ནི་རྒྱུད་པ་འདིའི་ལྷ་སའི་དམངས་ཁྲོད་ནང་མའི་གྲས་སུ་རེད། ཁྭ་ཏའི་རྒྱུད་པར་གཏོགས།
 གཡང་འཛོམས་ལགས་ནས་གསར་འགོད་པར།ནོར་བུ་ཆོས་སྒྲོན་ལགས་ཀྱི་ཨ་མ་ལགས་སྟེ་ཕུར་བ་སྒྲོལ་མ་ལགས་བོད་ལྗོངས་བཅིང་འགྲོལ་ཡར་སྔོན་གྱི་ནང་མ་སྐྱིད་སྟོན་ཞེས་མི་སྣ་ཞིག་སྟེ། སློབ་དཔོན་བརྒྱུད་ནང་མའི་སྒྱུ་རྩལ་བ་ཞིག་རེད། ༡༩༤༢ལོར་ཁོང་ཉིད་དགུང་ལོ་༧ནས་སློབ་དཔོན་གྱི་དྲུང་དུ་ནང་མའི་གླུ་གཞས་སྦྱངས་ཤིང་། རང་ལོ་བཅུའི་སྟེང་དུ་ལྷ་སའི་ནང་མའི་འཁྲབ་སྟོན་པ་སྐད་གྲགས་ཡོད་པ་ཆགས། རྗེས་སུ་ས་སྐྱ། རྡོ་རྗེ། ཨ་མིན་རི་ལ་སོགས་པར་གྲོགས་པོ་ཆགས་པ་དང་མཉམ་དུ་སློབ་སྦྱོང་དང་མཉམ་དུ་འཁྲབ་སྟོན། མཉམ་དུ་བློ་སྐྱེད་བྱུང་། བོད་ལྗོངས་བཅིང་འགྲོལ་རྗེས་སུ་དང་ལྷག་པར་བཅོས་བསྒྱུར་སྒོ་འབྱེད་རྗེས་སུ་ལྷ་སའི་ནང་མ་ནི་འཕེལ་རྒྱས་འགྲོ་བཞིན་པའི་དུས་རབས་གལ་ཆེན་ཞིག་རེད།
 ནོར་བུ་ཆོས་སྒྲོན་ལགས་ནས་སྒྱུ་རྩལ་གྱི་དཔྱིད་ཀ་གསར་བ་ཞིག་སླེབས་ཞིང་།༢༠༠༨ལོར་ཁོ་མོས་གངས་ལྗོངས་ཀྱི་རོལ་དབྱངས་ཞེས་པ་པར་སྐྲུན་བྱས་ཤིང་ལྷ་སའི་ནང་མའི་སྐོར་གྱི་གསར་རྩོམ་རེད། གཞན་ཁོང་ནི་སྒྱུ་རྩལ་བའི་རྒྱུན་འཛིན་པ་དང་ཁོང་ནི་སྤྲོ་བས་བརྟས་ཡོད། ༢༠༠༩ལོར་དབུ་བརྩམས་ཏེ་ལྷ་ས་གྲོང་ཁྱེར་དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་སྒྱུ་རྩལ་བའི་སྣེ་ཁྲིད་པ་དང་ཁྭ་ཏའི་རང་ལུགས་ནང་མ་བཙུགས། གཡང་འཛོམས་ལགས་ནི་དེ་རུ་སྦྱངས་ཤིང་། རྒན་ཁོང་དགུང་ལོ་༧༤ལ་སླེབས་ཤིང་། རྗེས་འཛིན་པ་སྐྱོང་བའང་ཧ་ཅང་དཀའ་ངལ་ཆེ། འོན་ཏེ་ཁོང་ནི་བློ་མ་ཕམ་པར་གཡང་འཛོམས་ལགས་ལོ་ན་བཅུ་ཕྲག་ནས་ཟློས་གར་ནང་མ་ལ་སྦྱངས་ཡང་སློབ་དཔོན་དང་བསྡུར་ན་ལེ་དབར་ཁྲི་ཕྲག་ཆོད་པ་རེད།
  རྒན་ལགས་ཀྱིས་ཉམས་འགྱུར་རེ་རེའི་བཞིན་བསླབ་ཞིང་མི་འགྲིག་པར་གཟབ་ནན་གྱིས་ཡོ་བསྲང་བྱེད། ཡང་སྐོར་བསྐྱར་སྐོར་གྱིས་ནང་མའི་ཁྱད་ཆོས་རྣམས་ངོ་སྤྲོད་དང་ཚད་ལྡན་དུ་སྐྱོང་བར་བྱེད། ལྷ་སའི་ནང་མའི་ཁྱད་ཆོས་དག་སྣ་གཅིག་ཡང་འགྱུར་བ་མ་བཏང་བར་བསླབ་ཞིང་། དྲན་ངོགས་སུ་གཡང་འཛོམས་ལས་སྤྲོ་བས་བཏེགས་ཤིང་ལྷ་སའི་ནང་མ་སྔར་བཞིན་ཕོ་བྲང་ནང་མ་ལྟར་དར་སྲོལ་ཆེན་པོ་བྱུང་བ་དེ་རེད།

གཡང་འཛོམས་ལགས་ནས་ལྷ་སའི་ནང་མའི་གཟི་ཉམས་དང་ཞིབ་ཚགས་ཀྱི་འཁྲབ་སྟོན་བྱེད་ལུགས། ཉམས་འགྱུར་བཅས་རིལ་བོར་གཅིག་ཏུ་བྱས་ཞིང་། ཞབས་བྲོའི་འགྲོས་དང་རོལ་དབྱངས་སོགས་ཀྱང་གཅིག་གཅིག་ཏུ་བྱས་འདུག མཛེས་ཉམས་དང་རིང་ལུགས། ཁྱད་པར་བའི་སྒེག་ཉམས་བཅས་ཀྱིས་ཡིད་སེམས་འཕྲོག ཉམས་འགྱུར་རེ་རེའང་གདངས་དང་སྡེབ་ནས་རྫུན་འཆལ་ཏིལ་འབྲུ་ཙམ་ཡང་མེད་པར་གང་སར་ཁྱབ་ནང་མའི་ཞབས་བྲོ་དར་བ་རེད། ཁོ་མོས་གསར་འགོད་པར། བོད་ལྗོངས་རྙིང་བར་འཁྲབ་སྟོན་པ་དག་གི་ལྟད་མོ་ཡག་པོ་སྟོན་པ་དང་འཁྲབ་སྟངས་ནོར་བ་སོགས་མི་རུང་བར་གཟབ་ནན་ལྡན། དེ་ལྟར་གཡང་འཛོམས་ལགས་ལ་སློབ་སྦྱོང་གི་གོ་སྐབས་ཐོབ་ཅིང་།རྒན་ལགས་ནི་ན་སོ་རྒས་པས་ཁོ་མོས་ཧུར་ཐག་གིས་རྒན་ལགས་ཀྱི་ཚབ་བྱས་ཏེ་རྒྱུན་བསྐྱངས་བཞིན་ཡོད།

སྤྱི་ཚོགས་རྙིང་པའི་སྤྲོ་སྣང་དང་སྤྱི་ཚོགས་གསར་བའི་རྒྱུན་འཛིན་སྲུང་སྐྱོབས་བཅས་མཉམ་དུ་འཕེལ་ཏེ།མུ་མཐུད་དེ་འོད་ཟེར་སྟོང་ལྡན་གྱི་་ལམ་ལ་ཕྱོགས།

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060