སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
ནག་ཆུར“གེ་སར་སྒྲུང་པའི”སྒོ་བྱང་འགེལ་བའི་མཛད་སྒོ་བསྡུས།
སྤེལ་དུས། 2014-08-13   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  བདུལ་འདུད་ཀྱིས་བསྒྱུར།

ནག་ཆུར“གེ་སར་སྒྲུང་པའིསྒོ་བྱང་འགེལ་བའི་མཛད་སྒོ། 

   ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན།“ ནག་ཆུ་རིག་གནས་ཅུའུ་མང་ཚོགས་སྒྱུ་རྩལ་ཁང་དུ་གཞིས་ཆགས་པའི་གེ་སར་སྒྲུང་པའི་ནག་ཆུའི་མངོན་མིན་ཤུལ་བཞག་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་གྱི་ལས་གཞིར་སྐུལ་སློང་གི་ནུས་པ་ཆེན་པོ་བྱུང་ཡོད། གོམ་གང་མདུན་སྤོས་དགོས་ནག་ཆུ་ས་ཁུལ་གྱི་གེ་སར་རིག་གནས་སྲུང་སྐྱོང་གི་ལས་གཞིའི། ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་། དར་སྤེལ་བཅས་ཀྱི་ཁ་ཕྱོགས་གསལ་བོར་གྱུར་པ་མ་ཚད། ཡིད་ཆས་ཀྱང་གཏན་པོར་གྱུར། ཟླ༨པའི་ཚེས༡༠ཉིན་བསྡུས་པའི་འཛམ་གླིང་གི་མངོན་མིནཤུལ་བཞག་རིག་གནས་གེ་སར་སྒོ་བྱང་གནང་བ་དང་། ནག་ཆུའིགླིང་གེ་སརསྒྲུང་བའི་སྒོ་བྱང་འགེལ་བའི་མཛད་སྒོའི་སྟེང་། བོད་རང་སྐྱོང་ལྗོངས་ཁུལ་གྱི་ཆབ་སྲིད་གྲོས་མོལ་ཚོགས་འདུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞུ་གཞོན་པ་ནག་ཆུ་ས་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅུ་གོ་ཡང་གིས་ཚོགས་སྟེང་དུ་དེ་ལྟར་གསུངས།        

   སྒོ་བྱང་འགལ་བའི་མཛད་སྒོའི་སྟེང་རྒྱལ་ཡོངས་གེ་སར་ལས་དོན་ཚོགས་ཆུང་གི་འགོ་ཁྲིད་གཞུང་ལས་ཁང་གི་ཀྲུའུ་རན་དོན་འགྲུབ་དབང་འབུམ་དང་། བོད་རང་སྐྱོང་ལྗོངས་རིགས་གནས་ཐིང་ཏང་ཙུའུ་ཁོངས་མི་ཐིང་ཀྲང་གཞོན་པ་ཀྲང་པུའུ་དང་། ནག་ཆུ་ས་ཁུལ་གྱི་ཏང་ཨུ་ཡོན་ས་གནས་ཏང་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་གཞོན་པ་ཝང་ཡ་ཏུང་སོགས་འགོ་ཁྲིད་དང་། ས་གནས་ཁག་གི་གེ་སར་ཞིབ་འཇུག་པ་སོགས་ཐེངས་འདིའི་མཛད་སྒོའི་སྟེང་གདན་འདྲེན་ཞུས་ཡོད། ནག་ཆུ་ས་ཁུལ་གྱི་སྲིད་འཛིན་ཀུང་ཧྲུའུ་ཀྲོན་ཡོན་ཨོ་དགའི་མཛད་སྒོའི་འགོ་འཛིན་བྱས།  

 

འགོ་ཚུགས་མཛད་སྒོའི་སྟེང་། རྒྱལ་ཁབ་རིམ་པའི་མངོན་མིན་ཤུལ་བཞག་རིག་གནས་རྒྱུན་འཛིན་མཁན་གྱི་ཚབ་བྱེད་པ་སྒྲུང་པ་རིང་དབང་འདུལ་ལགས་ཀྱིས་གཟིགས་མོ་བར་《གེ་སར་རྒྱལ་པོའི་སྒྲུང》འཁྲབ་སྟོན་བྱེད་བཞིན་པ།    

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060