སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
བོད་ཀྱི་གནའ་བོའི་བཟོ་བཀོད་སྲུང་སྐྱོབས་མཁན་ངག་དབང་བློ་གྲོས་ལགས།
སྤེལ་དུས། 2014-08-14   ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།   རྩོམ་པ་པོ།  བསོད་རྡོར་གྱིས་བསྒྱུར།

གསར་འགོད་པའི་ངག་དབང་བློ་གྲོས་ལགས་མཐོང་དུས། ཁོང་ནི་སྐྱིད་རོང་སྒྲོལ་ལྷ་ཁང་སྲུང་སྐྱོབས་ཉམས་གསོའི་ལས་གཞི་ནས་ཕྱིར་ལོག་མ་ཐག་རེད། ཉིན་བདུན་ལ་སྤྱི་ལེ་༤༠༠༠གི་ལམ་དུ་བསྐྱོད་ཚར་བ་ཁོང་ནི་དགུང་ལོ་༦༩ལ་སླེབས་ཚར་འདུག་ལ་ཧ་ཅང་ཐང་ཆད་པའི་ཉམས་ཤར།

བོད་ལྗོངས་ཀྱི་གལ་ཆེན་རིག་དངོས་སྲུང་སྐྱོབས་ལས་གཞིའི་གཞུང་སྒྲུབ་ཁང་ལག་རྩལ་རྩ་འཛུགས་ཀྱི་ཆེད་མཁས་བཟོ་བསྐྲུན་པ་ཆེན་པོ་ངག་དབང་བློ་གྲོས་ལགས་ནི་ལོ་ལྟར་ཟླ་བ་བརྒྱད་རེར་གཞི་རིམ་དུ་བསྐྱོད་ཅིང་།རང་ཉིད་ནས་ཀྱང་ཕ་ཡུལ་ནས་ཚེ་འཇུག་གི་ཉི་མ་སྐྱེལ་འདོད་ཀྱང་། འོན་ཏེ་ད་ལྟ་གནའ་བོའི་བཟོ་བཀོད་ཉམས་གསོའི་ལས་གཞི་སྲུང་སྐྱོབས་ཀྱི་མི་སྣ་ཤིན་ཏུ་ཉུང་དྲག་པས་རང་གི་རེ་བའང་རང་ཉིད་ཀྱི་བསྐྱེད་བསྲིངས་བྱས་པའི་ཚོགས་པ་འདི་ལེགས་པོར་བསྐྱངས་བསམ་པ་དེ་ཡིན།

ངག་དབང་བློ་གྲོས་ལགས་ལ་སློབ་ཆུང་གི་ཡོན་ཚད་ལས་མེད་ཀྱང་།འོན་ཏེ་ཁོང་གི་བློ་རིག་དང་ཤེས་ཡོན་ནི་ཚད་ལས་བརྒལ་བ་ཞིག་ལགས།

ཁོང་གི་བཤད་ཚུལ་ལ་ལོ་ངོ་༥༠རིང་དུ་གནའ་བོའི་བཟོ་བཀོད་སྲུང་སྐྱོབས་ཀྱི་ལོ་རྒྱུས་ཤོག་ལྷེ་རེ་རེའི་ཀློག་ཅིང་། ཁོང་གིས་བོད་ལྗོངས་ཀྱི་གནའ་བོའི་བཟོ་བཀོད་ཉམས་གསོའི་ཕྱོགས་ཀྱི་མཛད་རྗེས་ནི་མི་དམན་པ་མངོན་ཞིང་། འདི་དག་གི་རྒྱབ་ལྗོངས་སུ་བོད་ཀྱི་མཁས་དབང་ཞིག་གི་བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་བཅིངས་བའི་སེམས་པ་དམར་པོ་ཞིག་དང་སྲུང་སྐྱོབས་པ་ཞིག་གི་རེ་བ་མངོན་འདུག

ལོ་ངོ་༥༠སྔོན་དུ་ངག་དབང་བློ་གྲོས་ལགས་ནས་རང་ཉིད་གནའ་བོའི་བཀོད་ཉམས་གསོ་མཁན་ཞིག་ཏུ་འགྱུར་བར་ཡིད་ལའང་འཆར་མེད། སློབ་ཆུང་ཐོན་ཏེ་ཁོང་ནི་ནོར་བུ་གླིང་གའི་ལྷ་རིས་པ་ཞིག་ཡིན། མི་འགྱངས་བར་རིག་པ་གྲུང་པོའི་ཁོང་གི་ལས་རིགས་བརྗེས་ཏེ་སློབ་དཔོན་གྱི་བཀའ་ལྟར་ཤིང་བཟོའི་ལས་ཀ་གཉེར་ཞིང་དེ་རུ་ནོར་བུ་གླིང་གའི་ཉམས་གསོའི་སྡེ་ཁག་དུ་སྤོར།

 ཁོང་གིས་རང་ཉིད་ནི་ཤིང་བཟོ་དཔེ་མེད་ཞིག་ཏུ་སེམས་ཤིང་། ༡༩༨༥ལོའི་ཟླ་༡༠བར། རིམ་པ་གོང་མས་ཁོང་སྐབས་༡༦པའི་གནའ་བོའི་བཟོ་བཀོད་ཉམས་གསོའི་འཛིན་གྲྭར་གསབ་སྦྱོང་དུ་མངགས་ཤིང་། ལྡེབ་རིས། ཞིབ་འཇུག རི་མོ། སྒྲིག་འཛུགས། ཤུགས་རིག་བཅས་ཤིང་བཟོ་ལ་ངེས་པར་འཚམས་པའི་ལག་ལེན་དང་ཆེད་མཁས་པའི་རྡོ་ལག་བརྒྱུད་ཀྱི་ཟབ་ཁྲིད་གནང་བ་དང་ངག་དབང་བློ་གྲོས་ལགས་ཀྱི་རིག་སྒོ་རྣམ་པར་ཕྱེས་སོང་།

༡༩༨༩ལོའི་ཟླ་༡༠བར་ངག་དབང་བློ་གྲོས་ལགས་ནས་ལག་རྩལ་ཚོགས་པའི་གཙོ་འགན་གཞོན་པས་པོ་ཏ་ལའི་ཆེས་ཐོག་མའི་ཉམས་གསོ་གནང་བ་རེད། ལོ་ལྔར་སྦྱངས་བས་ཁོང་ནི་རིག་དངོས་ལག་ཤེས་གནའ་བོའི་བཟོ་བཀོད་ཉམས་གསོའི་ཆེད་མཁས་པའི་རྩེ་མོར་གྱུར་བ་དང་། པོ་ཏ་ལའི་གསེར་ཀྱི་རྒྱ་ཕིབས་དང་སྒོ་ཆེན་ཡངས་པོར་ཕྱེས་པ་རེད།

གནའ་བོའི་བཟོ་བཀོད་ཉམས་གསོ་ནི་སྔོན་ཆད་ཀྱི་ཇི་མ་ཇི་བཞིན་བཟོ་བ་ལས་ལས་སླ་མོར་བྱེད་སྲོལ་མེད།མེས་པོ་དག་གི་བློ་གྲོས་ལ་མཐོང་ཆེན་དང་ལག་ཤེས་སྦྱངས་པ། ལོ་རྒྱུས་ཞིབ་འཇུག སྔོན་མའི་གསང་བ་དེ་མངོན་དགོས་པ་རེད། ལས་རིགས་འདི་ལོ་ངོ་༥༠གཉེར་ཞིང་ཁོང་ནི་བཟོ་སྐྲུན་ཆེད་མཁས་པ་ཞིག་རེད། སྔ་གཞུག་ཏུ་གུ་གེ་མཁར་ཤུལ་དང་། ཆོས་རྒྱལ་བང་སོ། བསམ་ཡས་དགོན། ས་སྐྱ། ཞ་ལུ་སོགས་གནའ་བོའི་བཟོ་བཀོད་༢༠ལྷག་གི་ཉམས་གསོའི་ལས་གཞི་ལ་ཞུགས་ཤིང་།ཁོང་གིས་གསར་གཏོད་བྱས་པའི་ཤིང་བཟོའི་ལག་ཤེས་སྒྱུ་རྩལ་དང་རྒྱུན་འབྱམས་སུ་བེད་སྤྱོད་བྱས་ཡོད།

 ༢༠༠༢ལོར་ངག་དབང་བློ་གྲོས་ལགས་ལས་འཁྱུར་ངལ་གསོ་བྱས་ཤིང་། བུ་དང་ཚ་བོ་བསྐྱངས་ཤིང་མེ་ཏོག་གསོ་བ་དང་བཟའ་ཟླ་དང་ལྷན་དུ་ཚེ་འཇུག་གི་འཚོ་བ་རོལ་འདོད་ཀྱང་། མི་འགྱངས་བར་གླིང་སྲས་གཞིས་ཀ་ཉམས་གསོ་བྱེད་དགོས་པ་བྱུང་ཞིང་། བཟའ་ཟླ་ལགས་ནས་བཤད་རྒྱུར། ཁོང་གི་སོ་ཕག་ཞིག་དང་འདྲ་བར་གང་ལ་མཁོ་བར་དེ་རུ་སྐྱེལ་དགོས་པ་རེད།ཞེས་བཤད་བྱུང་།

གླིང་སྲས་གཞིས་ཀ  གསེར་མཁར་དགུ་ཐོག རྒྱང་རྩེ་་བཙན་རྫོང་བཅས་ཁོང་ཉིད་ལས་གཞི་འདི་དག་ཡར་རྒྱུགས་མར་རྒྱུགས་བྱེད་དགོས་པ་བྱུང་ཞིང་། བཟོ་བསྐྲུན་འཆར་འགོད་དང་གནས་གཞི་བཀོད་སྒྲིག་སྟེ། ཐམས་ཅད་སེམས་ཁོང་ལ་ཉར་ཏེ་ཇོ་མོ་གླང་མའི་འདབ་དང་སེང་གེ་ཁ་འབབ། རི་མཐོ་ལུང་གཟར་ཐམས་ཅད་ནམ་ཡིན་རུང་བློས་བཏང་མ་མྱོང། ༢༠༠༩ལོར་ཁོང་ཉིད་ལས་འཁྱུར་ངལ་གསོ་བྱས་ནས་ལོ་༧འགོར་བར་ཁོང་གི་གོ་གནས་འཕར་ཏེ་བོད་ལྗོངས་གཙོ་གནས་རིག་དངོས་སྲུང་སྐྱོབས་ཉམས་གསོའི་ལས་གཞི་སྣེ་ཁྲིད་ཚོགས་པའི་གཞུང་སྒྲུབ་ཁང་གི་སྤྱི་ཁྱབ་བཟོ་བསྐྲུན་པ་རེད།

ང་ནི་དྭ་ཕྲུག་ཞིག་ལགས་ཤིང་། རང་ཉིད་ཏང་གིས་བསྐྱངས་པ་དང་། ལོ་ངོ་འདི་དག་རྒྱལ་ཁབ་ནས་བོད་ཀྱི་རིག་དངོས་སྲུང་སྐྱོབས་ཕྱོགས་ལ་ཤུགས་སྣོན་ཆེན་པོ་དང་། ལས་ཀའི་དགོས་མཁོ་ལྟར་རང་ཉིད་ནས་ཀྱང་འགན་འཁྲི་ལེན་རྒྱུན་ཡིན། ཞེས་དང་། ལོ་ངོ་ལྔར་བཟོ་བཀོད་ཞིབ་བཤེར། སྣེ་ཁྲིད་ལ་ཞིབ་བཤེར། བལྟ་བསྐུལ་སོགས་ལས་རིམ་ཐ་དག་ཁོང་ཉིད་ཞུགས་ཤིང་། ལམ་ཐག་སྤྱི་ལེ་ཁྲི་བཅུ་ཕྲག་ལ་བརྒལ་བ་དང་ལོ་ལྔའི་དུས་ཚོད་ལ་ཁོང་གི་དབུ་སྐྲའང་ཁ་ལྟར་དཀར་པོར་གྱུར་ཞིང་། དེ་ནི་ཁོང་ཉིད་ལས་རིགས་འདིར་དུངས་བའི་སེམས་མདུན་དང་དགའ་ཞེན་དེ་མངོན་པར་མཚོན་འདུག

  ལས་གྲོགས་དག་གི་མིག་ལམ་དུ་ཁོང་ནི་ཀུན་མཐུན་གྱི་མི་ཞིག་སྟེ། རང་སྐྱོང་ལྗོངས་རིག་དངོས་ཅུའུ་ཡི་རྭ་བར་དཔོན་པོ་ནས་ལས་བྱེད་དཀྱུས་མ་ཚང་མས་ཁོང་ལ་ཨ་ཁུ་རུ་འབོད་ཅིང་། ༡༩༨༡ལོར་རྒྱ་ལོ་ལགས་ནས་རྒན་ངག་དབང་བློ་གྲོས་ལགས་ཀྱི་མདུན་ནས་ལག་ཤེས་བསླབ་ཞིང་། དེང་སྐབས་རང་སྐྱོང་ལྗོངས་གནའ་བོའི་བཀོད་ཉམས་གསོའི་སྣེ་ཁྲིད་ཀྱི་གདུང་མ་ལྟ་བུར་གྱུར་ཡོད། ཁོང་གིས་ལྟོས་ན་ངག་དབང་བློ་གྲོས་ལགས་ནི་བྱམས་ལྡན་གྱི་ཨ་མ་ཞིག་དང་མཚུངས་ཤིང་། སྐད་ཆ་མི་མང་ཞིང་ཁོང་གིས་ངེད་ཅག་ཁྲིད་ནས་གོམ་པ་སྤོ་ཤེས་པ་ནས་འཕུར་ཐུབ་པ་བྱས་སོང་།

རང་སྐྱོང་ལྗོངས་རིག་དངོས་ཅུའུ་འགན་ཁུར་བས་ངག་དབང་བློ་གྲོས་ལགས་ཀྱི་མི་ཚེ་ཕྱེད་ཀའི་སྤོབས་སེམས་མདོར་བསྡུས་ན། རིག་དངོས་སྲུང་སྐྱོབས་ཉམས་གསོ་ཕུལ་བྱུང་ཆེད་མཁས་པ་ཞིག་དང་། བོད་ལྗོངས་གནའ་བོའི་རིག་དངོས་ཉམས་གསོའི་ལག་རྩལ་གྱི་བློ་འདྲི་ཡུལ། བོད་ལྗོངས་གནའ་བོའི་བཟོ་བཀོད་ཆེད་མཁས་པ་དག་ལས་ཚད་ལྡན་གྱི་ཚབ་མཚོན་མི་སྣ། བོད་གནའ་བོའི་བཟོ་སྐྲུན་ལག་ཤེས་ཀྱི་མི་སྣ་བསྐྱེད་བསྲིང་བྱེད་མཁན་གྱི་སྣེ་ཁྲིད་སློབ་དཔོན་ཆེན་མོ་བཅས་སོ།

ངག་དབང་བློ་གྲོས་ལགས་ནི་ཤིན་ཏུ་གཟབ་ནན་གྱི་མི་ཞིག་སྟེ།རིག་དངོས་ཉམས་གསོའི་སྲུང་སྐྱོབས་ཀྱི་ལས་གཞིར་ལས་ཁུངས་དག་གིས་བདག་གཉེར་བྱེད་པར་ཤིན་ཏུ་སྐྲག་སྣང་བྱེད། ལས་ཀའི་ཇུས་འགོད་དང་རྒྱུ་ཆ་གདམས་གསེས་སོགས་ཁོང་གི་མིག་ནང་དུ་ཧ་ཅང་ཞིབ་ཚགས་དམ་པོ་དང་། བཅོས་བསྒྱུར་བཟོ་བཀོད་རི་མོ་༢༠ལྷག་དང་ཡང་སྐོར་བསྐྱར་སྐོར་གྱིས་ལས་ཀ་བསྐྱར་མར་བྱེད་དགོས་པའང་བྱུང་ཞིང་། བོད་ལྗོངས་ཀྱི་གནའ་བོའི་བཟོ་བཀོད་ནི་མི་རིགས་ཀྱི་ཤེས་རབ་ཀྱི་ཉིང་བཅུད་དུ་འཁུམས་ཤིང་། རིག་པའི་ནོར་བུ་འདི་རྒྱུད་འཛིན་བྱས་ཏེ་ང་ཚོ་ནས་མི་རབས་སུ་བརྒྱུད་དགོས། ལས་རིགས་གང་ཞིག་ཉམས་ནའང་ལོ་རྒྱུས་ཀྱི་དེ་ཉིད་ཉམས་ཤིང་།ངག་དབང་བློ་གྲོས་ལགས་ནས་རང་ཉིད་ནས་ལས་ཀ་ཉིན་གཅིག་ལ་བྱེད་ཐུབ་ནའང་ཉིན་དེ་ཡི་དོ་དམ་བྱེད་སྲིད། ཞེས་བཤད།

འགྱུར་མེད་ཀྱི་གཞས་དབྱངས།འགྱུར་མེད་ཀྱི་རིག་གནས། འགྱུར་མེད་ཀྱི་ལོ་རྒྱུས་བཅས་བོད་གནའ་བོའི་བཟོ་སྐྲུན་གྱི་མཛེས་སྡུག་ལ་འཁུ་བའི་ཚད་གཞི་ཞིག་སྟེ། འོན་ཏེ་ང་ཚོས་ཁོང་ལ་རྒྱན་ཚིག་ཅི་ཞིག་སྦྱར་རམ། ཁོང་ཉིད་ཤེས་པའི་མི་ཚང་མའི་སེམས་ཁོང་དུ་རི་མོ་ཞིག་མངོན་པ་ནི། བྱེ་ཐང་གི་བསེར་བུའི་ཁྲོད་སྐྲ་ལོ་ཁ་བས་ཟོས་པའི་རྒན་པོ་ཞིག་གིས་རང་ཉིད་ཀྱི་ཇུས་འགོད་བྱས་པའི་པར་རིས་ལ་མཛུབ་མོ་ཀེར་ཏེ་བརྗིད་ཉམས་དང་ལྡན་པར་རང་ཉིད་ཀྱི་རྒྱབ་དུ་་བསྣམས་པའི་ཁུར་པོ་ལྷུན་པོ་ལྟར་ལྗིད་ཏིག་ཏིག་ཞིག་ལགས་སམ།

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060