སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
ལྷ་སས་ཐེངས་དང་པོའི་རྒྱལ་ཡོངས་ཀྱི་སྒུལ་སྐྱོད་ཆོག་པའི་རིག་དངོས་ཡོངས་ཁྱབ་ཞིབ་བཤེར་ལག་བསྟར་བྱས་པ་།
སྤེལ་དུས། 2014-08-15   ཡོང་ཁུངས། ཤིན་ཧྭ་དྲ་བ།   རྩོམ་པ་པོ།  བསོད་བསྟན་གྱིས་བསྒྱུར།

    མལ་གྲོང་གོང་དཀར་རྫོང་དེ་ལྷ་ས་གྲོང་ཁྱེར་གྱི་ཐེངས་དང་པོའི་རྒྱལ་ཡོངས་རང་བཞིན་གྱི་སྒུལ་སྐྱོད་ཆོག་པའི་རིག་དངོས་ཡོངས་ཁྱབ་ཞིབ་བཤེར་གྱི་ཚོད་ལྟའི་རྫོང་ཞིག་ཡིན་པའི་ངོས་ནས། རྫོང་དེར་སྣེ་ཤན་ཚོད་ལྟའི་ལས་དོན་སྤེལ་བ་དེས་ལྷ་སས་ཐེངས་དང་པོའི་རྒྱལ་ཡོངས་ཀྱི་སྒུལ་སྐྱོད་ཆོག་པའི་རིག་དངོས་ཡོངས་ཁྱབ་ཞིབ་བཤེར་ལས་དོན་དངོས་སུ་ལག་བསྟར་བྱེད་པའི་དུས་རིམ་སུ་སླེབས་པ་མཚོན་ཡོད་ཅེས་ལྷ་ས་གྲོང་ཁྱེར་རིག་དངོས་ཅུས་ཀྱི་བརྟག་དཔྱད་ཞིབ་འཇུག་མཁན་གཞོན་པ་ཅིང་ཡུང་ཁྲུན་གྱིས་ཉེ་དུས་གསར་འགོད་པར་བརྗོད།
 
ཅིང་ཡུང་ཁྲུན་གྱིས་ཐེངས་འདིར་བོད་ལྗོངས་ཀྱིས་སྤེལ་བའི་ཡོངས་ཁྱབ་ཞིབ་བཤེར་ལས་དོན་དེ་ལས་དོན་གྲ་སྒྲིག་དང་ཡོངས་ཁྱབ་ཞིབ་བཤེར་ལག་བསྟར། ཞིབ་བཤེར་རྩིས་ལེན་ཕྱོགས་སྡོམ་བཅས་སུ་དབྱེ་བ་དང་ཉེ་སྔོན་སྒུལ་སྐྱོད་ཆོག་པའི་རིག་དངོས་ཡོངས་ཁྱབ་ཞིབ་བཤེར་གྱི་ཚོད་ལྟའི་གསོ་སྦྱོང་ཚོགས་འདུ་ཚོགས་པ་དང་མལ་གྲོ་གུང་དཀར་རྫོང་དེ་ཚོད་ལྟའི་རྫོང་ཞིག་ཡིན་པས་ད་ཐེངས་ཀྱི་ལྷ་ས་གྲོང་ཁྱེར་གྱི་ཐེངས་དང་པོའི་རྒྱལ་ཡོངས་རང་བཞིན་གྱི་སྒུལ་སྐྱོད་ཆོག་པའི་རིག་དངོས་ཡོངས་ཁྱབ་ཞིབ་བཤེར་དངོས་སུ་ལག་བསྟར་བྱེད་པའི་དུས་རིམ་སུ་སླེབས་པ་དང་ཐེངས་འདིའི་ཡོངས་ཁྱབ་བྱེད་སྒོ་དེ་༢༠༡༦ལོའི་ཟླ་བ་༡༢པའི་ཚེས་༣༡ཉིན་མཇུག་འགྲིལ་རྒྱུ་ཡིན་པ་རེད།
 
སྒུལ་སྐྱོད་ཆོག་པའི་རིག་དངོས་ནི་འགྲེམས་སྟོན་ཁང་སོགས་སུ་ཉར་ཚགས་བྱས་པའི་རིག་དངོས་དང་བསྡུ་ཉར་བྱས་པའི་རིག་དངོས་ཡིན། ད་ཐེངས་བོད་དུ་སྤེལ་བའི་ཡོངས་ཁྱབ་ཞིབ་བཤེར་གྱི་ལས་དོན་ཁྱབ་ཁོངས་ནང་༡༩༦༥ལོ་ཚུད་པའི་དེའི་གོང་གི་ལོ་རྒྱུས་ཐོག་གི་དུས་རབས་ཁག་གི་བཟོ་རྩལ་མཛེས་དངོས་དང་ཚད་ལྡན་ཡིག་ཆའི་དཔྱད་གཞི། ལག་བྲིས་སོགས་ཚུད་ཡོད་པ་དང་། ད་དུང་རྒྱལ་ཁབ་ལ་དབང་བའི་འགྲེམས་སྟོན་ཁང་དང་དྲན་གསོ་ཁང་དུ་ཉར་ཚགས་ཐོ་འགོད་བྱས་པའི་༡༩༦༥ལོའི་རྗེས་ཉར་ཚགས་བྱས་པའི་དངོས་པོ། དེ་བཞིན་ཚན་རིག་གི་རིན་ཐང་ལྡན་པའི་གནའ་བོའི་སྒལ་རུས་ཅན་གྱི་སྲོག་ཆགས་ཀྱི་འགྱུར་རྡོ་དང་གནའ་མིའི་འགྱུར་རྡོ་སོགས་རིག་དངོས་ཚུད་ཡོད། ཡོངས་ཁྱབ་ཞིབ་བཤེར་གྱི་ནང་དོན་ལ་རིག་དངོས་ཀྱི་མིང་དང་རིགས། རིམ་པ་སོགས་དམིགས་ཚད་ཁག༡༤ཚུད་ཡོད།
  
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་སྒུལ་སྐྱོད་ཆོག་པའི་རིག་དངོས་ཡོངས་ཁྱབ་ཞིབ་བཤེར་གྱི་ཆེད་ལས་རང་བཞིན་ཆེ་བས་ཁོང་གཏོགས་ཀྱི་ས་གནས་དེ་རང་དུ་བརྟག་དཔྱད་ཞིབ་འཇུག་བྱེད་པ་དང་གཅིག་སྡུད་བརྟག་དཔྱད་ཞིབ་འཇུག་བྱ་རྒྱུ་ཟུང་དུ་འབྲེལ་བ་དང་། སྲོལ་རྒྱུན་གྱི་བརྟག་དཔྱད་ཞིབ་འཇུག་བྱ་ཐབས་དང་ལག་རྩལ་གསར་པ་བེད་སྤྱོད་ཕན་ཚུན་ཟུང་དུ་འབྲེལ་བའི་རྩ་དོན་ཐོག་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐེངས་དང་པོའི་རྒྱལ་ཡོངས་ཀྱི་སྒུལ་སྐྱོད་ཆོག་པའི་རིག་དངོས་ཡོངས་ཁྱབ་ཞིབ་བཤེར་འགོ་ཁྲིད་ཚོགས་ཆུང་གིས་གསར་སྤེལ་བྱས་པའི་ཡོངས་ཁྱབ་ཞིབ་བཤེར་གྱི་གྲངས་གཞི་ཐག་གཅོད་མཉེན་ཆས་བེད་སྤྱོད་བྱས་ཏེ་ཆ་འཕྲིན་ཡར་སྤྲོད་དང་དོ་དམ་རྒྱལ་ཁབ་ཀྱི་གཅིག་འགྱུར་ལས་སྟེགས་ཐོག་གཅིག་སྡུད་སྤེལ་རྒྱུ་དང་རྫོང་ཁོངས་ཀྱི་གཞི་རྩའི་སྡེ་ཚན་བྱེད་པ་དང་རྫོང་ཁག་གི་རིག་དངོས་ངོས་འཛིན་ལས་དོན་དེ་རང་སྐྱོང་ལྗོངས་རིག་དངོས་ཅུས་ཡོངས་ཁྱབ་ཞིབ་བཤེར་ཆེད་ལས་མཛོད་ཀྱི་ཁོངས་མིས་གཅིག་འགྱུར་ངོས་འཛིན་བྱ་རྒྱུ་ཡིན་པ་རེད།
  
ལྷ་ས་གྲོང་ཁྱེར་གྱི་གྲོང་སྤྱི་གཞོན་པ་ཝུའུ་ཡ་སུང་གིས་ཁྲིམས་ལུགས་བཞིན་རིག་དངོས་ཡོངས་ཁྱབ་ཞིབ་བཤེར་སྤེལ་བས་ཁྱོན་ཡོངས་ནས་ལྷ་ས་གྲོང་ཁྱེར་གྱི་རིག་དངོས་ཐོན་ཁུངས་གནས་ཚུལ་དང་རིན་ཐང་ཁོངས་སུ་ཆུད་པ་དང་གནད་ལ་འཁེལ་བའི་ཐོག་ནས་དཔྱད་དཔོག་བྱ་རྒྱུར་ཕན་པ་ཡོད་པ་དང་རིག་དངོས་ཐོན་ཁུངས་མཉམ་སྒྲིག་བེད་སྤྱོད་ལ་སྐུལ་འདེད་དང་སྤྱི་པའི་རིག་གནས་ཞབས་ཞུའི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་རྒྱུར་ནུས་ལྡན་གྱི་རོགས་སྐྱོར་མཁོ་འདོན་བྱ་རྒྱུར་སྟོན་གནང་བ་རེད།

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060