སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་མངོན་མིན་ཤུལ་བཞག་རིག་གནས་ལ་མྱུར་སྐྱོབ་དང་སྲུང་སྐྱོབ་ཐོབ།
སྤེལ་དུས། 2014-08-16   ཡོང་ཁུངས། ཤིན་ཧྭ་དྲ་བ།   རྩོམ་པ་པོ།  བཀྲ་རྒྱལ་གྱིས་བསྒྱུར།

ཤིན་ཧྭ་གསར་འགྱུར་ཁང་གིས་ཟླ༨པའི་ཚེས༡༣ཉིན་ལྷ་སར་སྤེལ་བའི་འཕྲིན་ལྟར་ན། ༢༠༡༤ལོའི་ཀྲུང་གོའི་བོད་ཀྱི་འཕེལ་རྒྱས་གླེང་སྟེགས་ཞེས་པའི་སྟེང་དུ་ཀྲུང་གོའི་རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ལྷན་རིག་གནས་དྲིལ་སྒྲོག་སིའི་སྐོར་སྐྱོད་ལྟ་ཞིབ་པ་ལི་ཨན་ཧའེ་ཡིས གྲངས་ཉུང་མི་རིགས་ཀྱི་མངོན་མིན་ཤུལ་བཞག་རིག་གནས་སྲུང་སྐྱོབ་ལས་དོན་ལ་རང་རྒྱལ་གྱི་སྲིད་གཞུང་དང་རིམ་པ་སོ་སོའི་ས་གནས་སྲིད་གཞུང་གིས་ནམ་ཡང་ཚད་མཐོའི་གཙིགས་མཐོང་མཛད་ཡོད། ལྷག་པར་དུ་༢༠༠༣ལོར་རང་རྒྱལ་གྱི་སྲིད་གཞུང་གིས་མངོན་མིན་ཤུལ་བཞག་རིག་གནས་སྲུང་སྐྱོབ་ལས་གཞི་འགོ་ཚུགས་ནས་བཟུང་།ཉམས་ཉེན་ཆེ་བའི་གྲངས་ཉུང་མི་རིགས་ཀྱི་མངོན་མིན་ཤུལ་བཞག་རིག་གནས་ལ་དུས་ཐོག་ཏུ་མྱུར་སྐྱོབ་དང་སྲུང་སྐྱོབ་ཐོབ་ཡོདཅེས་ཟེར།   

ལི་ཅན་ཧའེ་ཡིས་ངོ་སྤྲོད་ལྟར་ན།  ༢༠༠༢ལོ་ནས༢༠༠༩ལོའི་བར།  རྒྱལ་ཁབ་ནོར་སྲིད་ཀྱིས་མངོན་མིན་ཤུལ་བཞག་རིག་གནས་སྲུང་སྐྱོབ་ཕྱོགས་ལ་བསྟུད་མར་མ་དངུལ་སྒོར་དུང་ཕྱུར༣.༨༦བཏང་ཞིང་།  དེའི་ནང་བཞི་ཆའི་གཅིག་གི་འགྲོ་སོང་ནི་གྲངས་ཉུང་མི་རིགས་ས་ཁུལ་གྱི་མངོན་མིན་ཤུལ་བཞག་རིག་གནས་སྲུང་སྐྱོབ་ལས་དོན་ཕྱོགས་ལ་སྤྱད་ཡོད།  ༢༠༡༡ལོར།  རྒྱལ་ཁབ་ནོར་སྲིད་ཀྱིས་མངོན་མིན་ཤུལ་བཞག་རིག་གནས་སྲུང་སྐྱོབ་ཐད་མ་དངུལ་སྒོར་དུང་ཕྱུར་༤.༡༥བཏང་ལ།  དེ་ནི་ལོ་སྔོན་མ་དང་བསྡུར་ན་ལྡབ༤༠༠འཕར་ཡོད་ཟེར།

༢༠༠༦ལོ་ནས་བཟུང་།  ཀྲུང་དབྱང་ནོར་སྲིད་ཀྱིས་བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་རིམ་པའི་མངོན་མིན་ཤུལ་བཞག་རིག་གནས་གྱི་ཚབ་མཚོན་རང་བཞིན་རྣམ་གྲངས་སྲུང་སྐྱོབ་དང་རྒྱུད་འཛིན་ཐད་ཆེད་སྤྱོད་མ་དངུལ་སྒོར་ཁྲི༩༧༡༦བཏང་།  བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གི་ཐིང་ཀྲང་ཉི་མ་ཚེ་རིང་གིས།  མིག་སྔར། བོད་དུ་མངོན་མིན་ཤུལ་བཞག་རིག་གནས་རྣམ་གྲངས༡༠༠༠ལྷག་ཡོད་ཅིང་།  དེའི་ནང་རྒྱལ་ཁབ་རིམ་པའི་མངོན་མིན་ཤུལ་བཞག་རིག་གནས་རྣམ་གྲངས༧༦ཡོད་པ་ལས། ལྷ་མོའི་ཟློས་གར་དང་གེ་སེར་སྒྲུང་གཉིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མིའི་རིགས་ཀྱི་མངོན་མིན་ཤུལ་བཞག་རིག་གནས་མིང་ཐོར་ཚུད། གཞན་བོད་དུ་རྒྱལ་ཁབ་རིམ་པའི་ཐོན་སྐྱེད་རང་བཞིན་གྱི་སྲུང་སྐྱོབ་རྟེན་གཞི༤དང་།  རྒྱལ་ཁབ་རིམ་པའི་ཚབ་མཚོན་རང་བཞིན་གྱི་རྒྱུད་འཛིན་པ༦༨།  རྒྱལ་ཁབ་ཀྱི་རྩ་ཆེན་གནའ་དཔེ༡༥༨།  རྒྱལ་ཡོངས་ཀྱི་གནའ་དཔེའི་གཙོ་གནད་སྲུང་སྐྱོབ་ལས་ཁུངས༤།ཀྲུང་གོའི་དམངས་ཁྲོད་རིག་གནས་སྒྱུ་རྩལ་གྱི་ཕ་ས༡༩ཡོདཅེས་བཤད་བྱུང་།

    སྡོམ་རྩིས་ཀྱི་གྲངས་ཀར་གཞིགས་ན།  ༢༠༡༡ལོའི་བར།  རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་རིམ་པའི་མངོན་མིན་ཤུལ་བཞག་རིག་གནས་སྐོར་ཁག་གསུམ་པའི་རྣམ་གྲངས༡༢༡༩ཁྱབ་བསྒྲགས་བྱས་པའི་ནང་དུ་གྲངས་ཉུང་མི་རིགས་ཀྱི་རྣམ་གྲངས་ཀྱིས་བརྒྱ་ཆའི༣༤.༩ཟིན་ཡོད་པ་དང་།  རྒྱལ་ཁབ་རིམ་པའི་མངོན་མིན་ཤུལ་བཞག་རིག་གནས་སྐོར་ཁག་གསུམ་པའི་རྣམ་གྲངས་ཀྱི་ཚབ་མཚོན་རྒྱུད་འཛིན་པ་༡༤༨༨ཀྱི་ནང་དུ།  གྲངས་ཉུང་མི་རིགས་ཀྱིས་བརྒྱ་ཆའི༢༦ཟིན་ཡོད། ཀྲུང་གོས་མིག་སྔར་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟའི་ས་ཁུལ༡༥ བཙུགས་པའི་ནང་མི་རིགས་ས་ཁུལ་དུ་ཚོད་ལྟ་ཁུལ༦ཡོད་པ་རེད།

ལི་ཅན་ཧའེ་ཡིས།  དུས་ཡུན་ལོ་ངོ༣༠ཡི་རིང་རྩོམ་སྒྲིག་པར་སྐྲུན་བྱས་པའིཀྲུང་གོའི་མི་རིགས་དམངས་ཁྲོད་རིག་རྩལ་ཕྱོགས་བསྡུས་ལོ་རྒྱུསནང་ཀྲུང་གོའི་ས་ཁུལ་ཁག་དང་མི་རིགས་ཁག་གི་ཟློས་གར་དང་།  གླུ་དབྱངས།  ཞབས་བྲོ།  དམངས་ཁྲོད་རྩོམ་རིག    སྒྱུ་རྩལ་བཅས་ཁྱབ་ཁོངས་༡༠ཡི་བརྩམས་ཆོས་གྲགས་ཅན་འདུས་ཡོད།  ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་གནས་ཀྱི་གནའ་དཔེའི་དཀར་ཆག་སྤྱིའི་གནད་བསྡུསནི་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་གནའ་དཔེའི་ནང་དོན་འགྲེལ་བརྗོད་ཀྱི་དཔེ་ཚོགས་ཐོག་མ་ཡིན་ཏེ།  དཔེ་ཚོགས་ཡོངས་ལ་དུམ་པ༦༦དང་དེབ་གྲངས༡༠༠ལ་ཉེ་བ་ཡོད།  དེ་ནི་གྲངས་ཉུང་མི་རིགས་ཀྱི་མངོན་མིན་ཤུལ་བཞག་རིག་གནས་མྱུར་སྐྱོབ་དང་དག་སྒྲིག་བྱེད་པའི་བྱེད་ཐབས་གཙོ་བོ་རེད།  གཞན་ཡང་གྲངས་ཉུང་མི་རིགས་ཀྱི་དཔའ་བོའི་ལོ་རྒྱུས་སྙན་རྩོམ་རིང་མོགེ་སེར་རྒྱལ་པོ》《ཇང་གུར》《མ་ནྰ་སིགསུམ་གྱི་འཚོལ་སྡུད་དང་།  དག་སྒྲིག   ལོ་ཙཱ།  པར་སྐྲུན།  ཞིབ་འཇུག་བཅས་ཀྱི་ཐད་ལ་གྲུབ་འབྲས་ཆེན་པོ་ཐོབ།  མིག་སྔར།  གེ་སེར་རྒྱལ་པོའིསྒྲུང་དཔེ་ལ་དུམ་པ་བརྒྱ་ལྷག་ཡོད་ཅིང་། དཔར་གྲངས་དེབ་ཁྲི༤༠༠ལྷག་ཟིན་ཡོད་པ་དང་། བོད་ཀྱི་མི་འབོར་སྤྱི་གྲངས་ལས་མི་དར་མ་རེར་གེ་སེར་སྒྲུང་དཔེ་རེ་ཡོད་པའི་ཚུལ་དུ་སླེབས་ཡོད།       

༢༠༡༠ལོའི་རྒྱལ་ཡོངས་ཀྱི་སྐབས་དྲུག་པའི་མི་གྲངས་ཡོངས་བཤེར་གྲངས་ཀ་ལས་མངོན་པ་ལྟར་ན།  ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་མི་གྲངས་ནི་དུང་ཕྱུར་༡.༡༤ཡིན་ལ་སྤྱིའི་མི་གྲངས་ཀྱི་བརྒྱ་ཆའི༨.༤༩ཟིན་ཡོད།   ཀྲུང་གོའི་གྲངས་ཉུང་མི་རིགས༥༥ཡི་ཁྲོད།  ཁ་ཆེ་རིགས་དང་།  མན་ཇུ་རིགས་ཀྱིས་སྤྱི་ཁྱབ་ཏུ་རྒྱ་ཡིག་སྤྱོད་པ་ལས་མི་རིགས་༥༣ཀྱིས་སྐད་རིགས༡༠༠ལྷག་སྤྱོད་ཀྱི་ཡོད་པ་དང་།  མི་རིགས༢༢ཀྱིས་མི་རིགས་རང་གི་སྐད་རིགས༢༨སྤྱོད་ཀྱི་ཡོད།  མིག་སྔར་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་བཀོལ་སྤྱོད་ཐད་སྲུང་སྐྱོབ་ལེགས་པོ་བྱུང་ཡོད།

དུས་རབས༢༡པར་སླེབས་རྗེས།  ཀྲུང་གོ་སྲིད་གཞུང་གིས་གཅིག་སྡུད་ཐོགགྲངས་ཉུང་མི་རིགས་ལས་དོན་གྱིལོ་ལྔ་ཚན་བཅུ་གཅིག་པའིའཆར་འགོདདངགྲངས་ཉུང་མི་རིགས་ལས་དོན་གྱིལོ་ལྔ་ཚན་བཅུ་གཉིས་པའིའཆར་འགོད》《རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གྲངས་ཉུང་མི་རིགས་ཀྱི་རིག་གནས་ལས་དོན་སྔར་བས་དར་རྒྱས་སུ་གཏོང་པའི་སྐོར་གྱི་བསམ་འཆར་ཁག་ཅིགསོགས་བཅའ་ཁྲིམས་དང་ཡིག་ཆ་རྩ་ཆེན་སྐོར་ཞིག་བཀྲམས་ནས་གྲངས་ཉུང་མི་རིགས་ཀྱི་རིག་གནས་སྲུང་སྐྱོབ་དང་འཕེལ་རྒྱས་ལ་ཁག་ཐེག་གནང་།  མིག་སྔར།  ཀྲུང་གོས་གྲངས་ཉུང་མི་རིགས་ཀྱི་རིག་གནས་སྲུང་སྐྱོབ་དང་འཕེལ་རྒྱས་ལ་ཕན་པའི་ལམ་ལུགས་དང་སྲིད་ཇུས་མ་ལག་ཅིག་བཙུགས་ཡོད་ཅིང་།  ལམ་ལུགས་དེ་དག་གིས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་དང་།  རྒྱང་སྒྲོག་བརྙན་འཕྲིན།  ཤུལ་བཞག་རིག་གནས་སྲུང་སྐྱོབ་ལ་ཁག་ཐེག་གནང་ཡོད།  གྲུབ་འབྲས་དེ་དག་ནི་ཀྲུང་གོའི་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལས་བྱུང་བ་ཡིན་ཟེར།     

ལི་ཅན་ཧའེ་ཡིས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་དེ་སྐད་གཉིས་སློབ་གསོ་དང་།  སྲིད་དོན།  བཅའ་ཁྲིམས་བཟོ་བ།  སྲིད་ཁྲིམས།  གསར་འགྱུར་པར་སྐྲུན།  རྩོམ་རིག་རིག་རྩལ།  རྒྱང་སྒྲོག་བརྙན་འཕྲིན།  ཆ་འཕྲིན་ཅན་བཅས་ཀྱི་ཕྱོགས་སུ་རྒྱ་ཆེར་སྤྱོད་བཞིན་ཡོད་པ་དང་།  གྲངས་ཉུང་མི་རིགས་ཀྱི་མང་ཚོགས་ཀྱིས་རང་མི་རིགས་ཀྱི་སྐད་ཡིག་བཀོལ་སྤྱོད་བྱེད་པའི་དབང་ཆར་འགན་སྲུང་གང་ལེགས་གནང་ཡོད་ཟེར།

ངོ་སྤྲོད་ལྟར་ན།  ལོ་ལྔ་ཚན་བཅུ་གཅིག་པའིརིང་།  ཀྲུང་གོ་སྲིད་གཞུང་གིས་བསྟུད་མར་མ་དངུལ་སྒོར་དུང་ཕྱུར༡༡༠.༤བཏང་ནས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག༢༠ལྷག་གི་རྒྱང་སྒྲོག་བརྙན་འཕྲིན་ལེ་ཚན་སྒྲིག་སྦྱོར་བྱེད་པར་སྒྲིག་ཆས་ཉོས།  རྒྱལ་ཁབ་ཀྱིས་ཐད་གཏོང་འཁོར་སྐར་བརྒྱུད་གྲངས་ཉུང་མི་རིགས་སྐད་ཡིག་གི་རྒྱང་སྒྲོག་ལེ་ཚན་༤༣བཏང་པ་དང་།  བརྙན་འཕྲིན་ལེ་ཚན་༤༨བཏང་ཡོད་པས། གྲངས་ཉུང་མི་རིགས་ཁག་གི་མང་ཚོགས་ཀྱིས་མི་རིགས་རང་སྐད་ཀྱི་རྒྱང་སྒྲོག་བརྙན་འཕྲིན་ལ་གཟིགས་ཐུབ་པ་དང་།   ཀྲུང་གོའི་ཞིང་ཆེནརང་སྐྱོང་ས་ཁུལ༡༠རུ་གྲངས་ཉུང་མི་རིགས་རང་སྐད་ཀྱི་གློག་བརྙན་འཕྲིན་སྒྱུར་སྐྲུན་ལྟེ་གནས་༡༠བཙུགས་ཡོད།

དུས་ཡུན་ཉིན་གཅིག་དང་ཉིན་ཕྱེད་རིང་གི་༢༠༡༤ལོའི་ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགསཞེས་པ་ཚེས་༡༣ཉིན་ལྷ་སར་མཇུག་བསྡུས་ཤིང་།  ཐེངས་འདིའི་གླེང་སྟེགས་སུ་རྒྱལ་ཁབ་དང་ས་ཁུལ་༣༠ནས་ཡོང་པའི་ཆེད་མཁས་པ་དང་།  མཁས་དབང་།  སྲིད་འཛིན་པ་བཅས་ཞུགས་ཡོད།

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060