སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
༢༠༡༤ལོའི་པེ་ཅིང་རྒྱལ་སྤྱིའི་དཔེ་མང་འགྲེམ་སྟོན་སྐབས་ཀྱི་ཁྱད་ཆོས་བཞི།
སྤེལ་དུས། 2014-09-01   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།    རྩོམ་པ་པོ།  གནམ་ལྷས་བསྒྱུར།

སྐབས་ཉེར་གཅིག་པའི་པེ་ཅིང་རྒྱལ་སྤྱིའི་དཔེ་དེབ་དངོས་མང་འགྲེམ་སྟོན་ཚོགས་པའི་བྱེད་སྒོ་དེ་ཀྲུང་གོའི་རྒྱལ་སྤྱིའི་བཤམས་སྟོན་ཁང་ནས་ཉིན་གསུམ་རིང་སྤེལ་བ་རེད།  ཚོགས་ས་ནི་ཅུང་ཐག་རིང་ནའང་།  དཔེ་དེབ་འགྲེམ་སྟོན་ལ་བསླེབས་པའི་རྒྱ་ཆེའི་ཀློག་པ་པོ་ནི་མཚམས་ཆད་རྒྱུ་མི་འདུག  དཔེ་དེབ་འགྲེམ་སྟོན་གྱི་ཚུར་སྣང་ནི་ག་འདྲ་ཞིག་ཡིན་ནམ་ཞེ་ན།  ཆན་ལུང་དྲ་བའི་གསར་འགོད་པས་ཁྱེད་རང་འགྲེམ་སྟོན་ཁང་ལ་དངོས་སུ་ཁྲིད་ནས་ཐེངས་འདིའི་དཔེ་དེབ་དངོས་མང་སྟོན་ཚོགས་ཀྱི་འབུར་དུ་ཐོན་པའི་ཁྱད་ཆོས་འགའ་ལ་རོལ་མྱོང་བྱ་རུ་འཇུག

ཁྱད་ཆོས་གཅིག  རྩོམ་རིག་བྱ་འགུལ་ཕུན་སུམ་ཚོགས་པ།

དཔེ་དེབ་འགྲེམ་སྟོན་སྐབས་སུ། 2014BIBFརྩོམ་མཁན་བརྗེ་རེས་ཚོགས་འདུ་དེ་མི་འགྱངས་བར་འགྲེམ་སྟོན་ཐང་ནས་སྤེལ་རྒྱུ་ཡིན་པ་དང་།  ཐེངས་བཅུ་ལ་རྒྱུན་བསྲིངས་བ་དང་རྒྱལ་ཁབ་སོ་སོ་ནས་ཡོང་བའི་རྩོམ་པ་པོ་རྣམས་ཀྱིས་རང་རང་གི་གསར་རྩོམ་ཉམས་མྱོང་བརྗེ་རེས་བགྱིས་པ་རེད།

སྐབས་བཞི་བའི"BIBFརྩོམ་རིག་གི་མཚན་ལྗོངས"དེ་ད་ལོར་མུ་མཐུད་ནས་སྤེལ་བ་རེད། དཔེ་དེབ་དངོས་མང་འགྲེམ་སྟོན་ཚོགས་པའི་སྐབས་སུ།  ཉིན་རེར་དཔེ་སྐྲུན་ཁང་དང་ཀོ་ཏི་སློབ་གླིང་སོགས་ལ་མཉམ་འབྲེལ་བྱེད་དགོས། དགོང་རེར་སན་ལེན་དཔེ་འཚོང་ཁང་ནསBIBFརྩོམ་རིག་གི་མཚན་ལྗོངས་ཅེས་པའི་བྱ་འགུལ་རབ་དང་རིམ་པ་སྤེལ་དགོས།  སྐབས་འདིར་ཀྲུང་གོའི་རྩོམ་མཁན་ཝང་ཀང་དང་། ཚའོ་ཝུན་ཞོན། ཞུས་ཙེ་ཁྲེན། སྙན་ངག་པ་ཞི་ཁྲོན་སོགས་ཀྱིས་བརྩམས་སྒྲུང་དང་སྙན་ངག ད་དུང་བྱིས་པའི་རྩོམ་རིག་སོགས་གླེང་གཞིར་བཟུང་ནས།  ཡོ་རབ་གླིང་བྱང་མ་དང་ཨུ་རུ་སུ། འཇར་མན་སོགས་ཕྱི་རྒྱལ་གྱི་རྩོམ་མཁན་རྣམས་དང་མཉམ་དུ་ཁ་བརྡ་དང་བརྩམས་ཆོས་ཀློག་འདོན། བརྩམས་ཆོས་གདེང་འཇོག་སོགས་ཀྱི་བྱེད་སྒོ་སྤེལ་བ་དེས་རྒྱལ་ཁབ་ཕྱི་ནང་གི་རྩོམ་མཁན་རྣམས་ཀྱི་ཤེས་ཡོན་སྣ་མང་མངོན་བྱུང་།

ཧོ་པེ་ཞིང་ཆེན་ནི་ཀྲུང་གོའི་རྩོམ་མཁན་ཚོགས་པའི་འགྲེམ་སྟོན་བྱེད་ཡུལ་གཙོ་བོར་གྱུར།  དཔེ་དེབ་འགྲེམ་སྟོན་སྐབས་སུ"ཧོ་པེ་ཞིན་རུའེ་རྩོམ་མཁན་ཁ་བརྡ"དང་"ཧོ་པེ་རྩོམ་རིག་མཐོ་རིམ་གླེང་རྟགས"སོགས་རྩོམ་རིག་བྱ་འགུལ་སྤེལ།

ཁྱད་ཆོས་གཉིས་པ།  རིག་གནས་འགྲེམ་སྤེལ་གྱིས་ལྟད་མོ་བའི་མིག་དབང་འཕྲོག

ཐུར་ཁེ་ནི་སྐབས་འདིའི་དཔེ་དེབ་དངོས་མང་འགྲེམ་ཚོགས་ཀྱི་སྐུ་མགྲོན་རྒྱལ་ཁབ་ཡིན། "ཚོན་མདངས་རྣམ་པར་བཀྲ་བའི་ཐུར་ཁེ"ཞེས་པ་བརྗོད་གཞི་ཡིན་པའི་འགྲེམ་སྟོན་གྱིས་གཟིགས་མོ་བ་མང་པོ་ཞིག་གི་ཡིད་དབང་བཀུག  གནའ་བོའི་དམངས་ཁྲོད་སྒྱུ་རྩལ"ཐེར་ཁུའི་ཆུ་རིས་རི་མོ"ནི་འགྲེམ་ཚོགས་སྟེང་གི་ཆེས་དགའ་བསུ་ཐོབ་པ་དེ་རེད།

ཀྲུང་གོའི་ཕྱི་ཡིག་ཅུད་ཀྱི་འགྲེམ་སྟོན་ཐིན་ན། རྒྱ་ལྭ་གྱོན་ཞིང་སྐེད་ལ་གྲི་རིང་བཏགས་པའི་ཕྱི་རྒྱལ་བ་ཞིག་ཡོད་པ་དེ་ལའང་ཚང་མས་བསྐོར་ལྟ་བྱེད་ཀྱི་འདུག  འགྲེམ་ཚོགས་སྟེང་དུ་དུས་ཚོད་ལྟར་རྒྱའི་ཡིག་གཟུགས་ཀྱི་དཔའ་བོའི་ཚོགས་འདུ་འཚོགས་ཏེ། གཟིགས་མོ་བ་རྣམས་འགྲན་བསྡུར་ལ་ཞུགས་ཆོག་པར་མ་ཟད་དངོས་སུ་རི་མོ་བྲིས་ཀྱང་ཆོག

ཁྱད་ཆོས་གསུམ་པ།  དཔེ་དེབ་འགྲེམ་སྟོན་དེ་སྤྱི་ཡོངས་དང་འབུར་གཟུགས་རང་བཞིན་ཅན་དུ་སྣང་།

ནང་དོན་གྱི་ངོས་ནས་བལྟས་ན། ཐེངས་འདིའི་དཔེ་དེབ་འགྲེམ་ཚོགས་སྟེང་དྲག་རྩལ་སྒྲུང་གཏམ་དང་རབ་རྟོག་སྒྲུང་གཏམ་གྱི་བརྗེ་རེས་བྱེད་སྒོ་ཞིག་ཀྱང་བསྣན་འདུག  དྲག་རྩལ་སྒྲུང་གཏམ་དང་ཁྱད་མཚར་སྒྲུང་གཏམ། ད་དུང་འཇིགས་སྐུལ་སྒྲུང་གཏམ་སོགས་ནི་ཡུན་རིང་ཞིག་ལ་རྩོམ་རིག་བརྩམས་ཆོས་བརྗེ་རེས་བྱེད་པའི་གྲས་སུ་གཏོགས་མེད་མོད།  ཉེ་བའི་ལོ་འགའི་རིང་ལ་དྲག་རྩལ་སྒྲུང་གཏམ་དང་ཁྱད་མཚར་སྒྲུང་གཏམ་ལ་ན་གཞོན་ཀློག་པ་པོ་མང་པོ་ཞིག་གི་དགའ་མོས་ཐོབ་པས།  ཐེངས་འདིའི་བྱེད་སྒོ་ཡིས་ཟླ་༨པའི་ཚེས༣༠ཉིན་གྱི་དུས་ཚོད༡༡སྟེང་། ཐུར་ཁེའི་འགྲེམ་སྟོན་ཁང་ནས་བསམ་བློ་བརྗེ་རེས་བྱེད་སྒོ་སྤེལ་བ་རེད།  ཚོགས་ཐོག་ཏུ་ཀྲུང་གོའི་དྲག་རྩལ་སྒྲུང་གཏམ་རྩོམ་མཁན་ཅང་ནན་དང་ཐུར་ཁེའི་དྲག་རྩལ་སྒྲུང་གཏམ་རྩོམ་མཁན་སོགས་གདན་དྲངས་ནས་དྲག་རྩལ་སྒྲུང་གཏམ་དེ་གོང་འཕེལ་འགྲོ་བའི་ཁ་ཕྱོགས་དང་རྒྱུ་རྐྱེན་སོགས་གསལ་འགྲེལ་བྱས་པ་མ་ཟད་ད་དུང་ཀློག་པ་པོ་རྣམས་ལ་གསར་རྩོམ་གྱི་ཉམས་མྱོང་མང་པོ་གླེང་། 

འགྲེམ་སྟོན་བྱས་པའི་དཔེ་དེབ་ནི་སྲོལ་རྒྱུན་གྱི་རྣམ་པ་ལས་བརྒལ་འདུག་ཏེ། གྲངས་རྩིས་དཔེ་སྐྲུན་དང་མཁོ་འདོན་དཔར་ཁང་གི་རྒྱ་ཁྱོན་ཆེ་རུ་ཕྱིན།  གྲངས་རྩིས་དཔེ་སྐྲུན་གྱི་ཐོན་ལས་ཡོངས་རྫོགས་འགྲེམ་སྟོན་བྱེད་པའི་རྣམ་པ་ཐོག་མར་ཆགས་འདུག  ཡ་མ་ཞུན་དང་ཐེང་ཞུན་སོགས་ཁེ་ལས་སོགས་འགྲེམ་སྟོན་སྟེང་ཞུགས། 

ཁྱད་ཆོས་བཞི། རང་འགུལ་དཔེ་འཚོང་འཕྲུལ་ཆོས་ཀྱིས་སྟབས་བདེ་ལེགས་པོ་བཟོས།

རྒྱུན་སྲོལ་ལྟར་ན།  དཔེ་དེབ་འགྲེམ་སྟོན་སྟེང་དཔེ་སྐྲུན་ཁང་མང་པོ་ཞིག་གི་དཔེ་ཆ་ཕྱིར་འཚོང་མི་བྱེད་མོད། འོན་ཀྱང་འགྲེམ་སྟོན་ཐིན་གྱི་སྒོ་སོ་སོ་ཁ་དོག་དམར་པོ་ཅན་གྱི་རང་འགུལ་དཔེ་འཚོང་འཕྲུལ་ཆོས་རེ་བཙུགས་ཡོད། འཕྲུལ་ཆོས་ནང་དུ་དཔེ་ཆ་རིགས་༡༥ཡོད་པ་དང་རིགས་སོ་སོར་དཔེ་ཆ་ལྔ་རེ་ཉར་ཡོད་པས་རྒྱ་ཆེའི་ཀློག་པ་པོ་རྣམས་ལ་སྟབས་བདེ་ཡག་པོ་བསྐྲུན་འདུག

 

ཁ་བྱང་ཕྱི་མོ། སྤྱི་ལོ༢༠༡༤ལོའི་པེ་ཅིང་རྒྱལ་སྤྱིའི་དཔེ་མང་འགྲེམ་སྟོན་སྐབས་ཀྱི་ཁྱད་ཆོས་བཞི།

རྩོམ་འགན་པ། སྒྲོལ་ཚེ།

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060