སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
ཇོ་མོ་གླང་མའི་ཡུལ་སྐོར་དྲིལ་བསྒྲགས་གླུ་དབྱངས་འགྲན་བསྡུར་གཞིས་ཀ་རྩེ་ནས་སྤེལ།
སྤེལ་དུས། 2014-09-03   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།    རྩོམ་པ་པོ།  བཀྲ་འདུལ་གྱིས་བསྒྱུར།

བོད་ཀྱི་མིང་གྲགས་ཆེ་བའི་གླུ་མ་ཚེ་སྐྱིད་ཀྱིས་གླུ་དབྱངས་ལེན་བཞིན་པ།

  

བཀྲ་ཤིས་ཕུན་ཚོགས་ལ་བྱ་དགའ་ཨང་དང་པོ་ཐོབ་པ།

   སྐབས་བཅུ་གཉིས་པའི་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་གྱི་ཡན་ལག་རྣམ་གྲངས་ཇོ་མོ་གླང་མའི་ཡུལ་སྐོར་དྲིལ་བསྒྲགས་གླུ་དབྱངས་འགྲན་བསྡུར་ཟླ ༨ པའི་ཚེས་༢༨ ཉིན་གཞིས་ཀ་རྩེ་ནས་སྤེལ་བ་རེད།  

  ཐེངས་འདིའི་འགྲན་བསྡུར་གྱི་འགྲན་ཞུགས་མི་སྣའི་འགྲན་ཞུགས་གླུ་དབྱངས་གཙོ་བོ་གཞིས་ཀ་རྩེའི་ཡུལ་སྐོར་རིག་གནས་དྲིལ་བསྒྲགས་བརྗོད་བྱ་བྱས་ཡོད་ལ། མི་རིགས་དང་ས་གནས་ཀྱི་ཁྱད་ཆོས་མངོན་གསལ་ལྡན་པ་མ་ཟད། དེང་རབས་ཀྱི་ཆ་མང་པོ་འདུས་ཡོད་པ་རེད། ཕྱོགས་མི་འདྲ་བ་ནས་གཞིས་ཀ་རྩེའི་ཕུན་སུམ་ཚོགས་པའི་མི་རིགས་ཁྱད་ཆོས་དང་། རང་བྱུང་མཛེས་ལྗོངས་ཕྱིར་མངོན། གཞིས་ཀ་རྩེའི་མི་དམངས་ཀྱི་བསམ་བློའི་སྙིང་སྟོབས་དང་། གཞིས་ཀ་རྩེའི་རིག་གནས་ཡུལ་སྐོར་རྣམ་པ་ཕྱིར་མངོན་དང་མི་ཚང་མར་གཞིས་ཀ་རྩེའི་རིག་གནས་ཐོན་ཁུངས་འགྲེམ་སྟོན་བྱས་ཡོད།  

   གླུ་དབྱངས་འགྲན་བསྡུར་དུ་ཞུགས་པའི་གླུ་བ ༡༡ གིས་རང་ཉིད་ཀྱི་ཕ་ཡུལ་ལ་བཅངས་བའི་བརྩེ་བ་ཟབ་མོ་ནི། མཁའ་མཐའི་གམ་པཞེས་པ་དང་། གནའ་མཁར་ས་སྐྱས་ཁྱེད་ལ་བསུ་མ་བྱེདཅེས་པ།  མཛེས་སྡུག་གི་གཏིང་སྐྱེསསོགས་བརྩེ་དུང་གིས་ཕྱུག་པའི་གླུ་དབྱངས་རེ་རེ་བརྒྱུད་ནས་ཕ་ཡུལ་ལ་བསྔགས་བརྗོད་བྱས་པ་རེད།  

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060