སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
བོད་ལྗོངས་དངོས་མང་འགྲེམས་ཚོགས་མ་ཚོགས་གོང་གི་རིག་གནས་འགྲེམ་ཁུལ་གྱི་མཐོང་ཐོས།
སྤེལ་དུས། 2014-09-22   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  ཁོན་ཐར་འཚོ།

བོད་ལྗོངས་དངོས་མང་འགྲེམས་ཚོགས་ཆེན་མོ་སྐབས་དང་པོའི་འགྲེམ་ཁུལ་གཙོ་བོ།  

ཟླ༩བའི་ཚེས༡༩ཉིན་བོད་ལྗོངས་དངོས་མང་འགྲེམས་ཚོགས་སྐབས་དང་པོ་འཚོག་ལ་ཉེ་བའི་དུས་འདིར་གསར་འགོད་པས་རིག་གནས་འགྲེམ་ཁུལ་ལ་ཐོག་མར་རྩད་འདྲིར་གནང་ཞོར་རིག་གནས་ཀྱི་གསོལ་སྟོན་དེར་ཐོག་མར་རོལ་མྱོང་ཙམ་བྱས།

 བོད་ལྗོངས་དངོས་མང་འགྲེམས་ཚོགས་ཀྱི་རིག་གནས་འགྲེམ་ཁུལ་དུ་གསར་འགོད་པས་མངོན་མིན་ཤུལ་བཞག་རིག་གནས་ཀྱི་འགྲེམ་ཁུལ་དང་། རིག་གནས་ཐོན་ལས་འགྲེམ་ཁུལ། རིག་དངོས་རྩ་ཆེན་འགྲེམ་ཁུལ། བོད་ཀྱི་ལྷ་མོ་འཁྲབ་སྟོན་ཁུལ་བཅས་འགྲེལ་ཁུལ་ཁག་བཞི་བཀོད་སྒྲིག་བྱས་ཡོད་པ་མཐོང་བ་མ་ཟད། འགྲེམ་ཁུལ་དེ་དག་སྡེ་ཚན་༣༠རུ་བགོས་ནས་སོ་སོར་བོད་ཡིག་གི་གསལ་བྱེད་སུམ་ཅུ་མཚོན་པའི་ཝེ་གཉིས་ཨང་རྟགས་༣༠བཟོས་འདུག་ཅིང་། ཡུལ་སྐོར་བས་ཁ་པར་ཐོག་ཝེ་གཉིས་ཨང་རྟགས་དེ་འདྲ་བཤུས་ཙམ་གྱིས་འགྲེམས་ཚོགས་ཀྱི་འབྲེལ་ཡོད་རྒྱུ་ཆ་ཞིབ་ཕྲ་ཤེས་ཐུབ་པ་ཡང་གསལ་བོར་རྟོགས། འགྲེམས་རར་བསྐྱོད་མ་ཐག་ཐོག་མར་མིག་མདུན་དུ་རྒྱུ་འོང་བ་ནི་བོད་ཀྱི་མངོན་མིན་ཤུལ་བཞག་རིག་གནས་ཀྱི་འགྲེམ་ཁུལ་ཡིན་ལ། དེར་བོད་ཀྱི་ཐང་གའི་གྲུབ་མཐའ་ཆེན་པོ་བཞིའི་ཐང་ག་དང་ཡིག་གཟུགས། དེ་མིན་བོད་ཤོག་བཟོ་རྩལ། གཡང་ཊིའི་བརྐོས་རིས། ཤིང་ཕོར་གྱི་བརྐོས་རིས། དཔར་ཤིང་། གསེར་དངུལ་ཟངས་གསུམ་གྱི་ཡོ་ཆས་བཟོ་རྩལ། སྲོལ་རྒྱུན་འཐག་སླས་ལག་རྩལ། བོད་སྤོས་བཟོ་རྩལ། བོད་སྨན། གནམ་རིག་སྐར་རྩིས་སོགས་སྲོལ་རྒྱུན་གྱི་ལག་རྩལ་ལྷག་ལུས་མེད་པར་བཀྲམས་འདུག  ཡུལ་སྐོར་བ་དང་གཟིགས་མོ་བའི་མིག་དབང་འགུག་ཆེད། སྲོལ་རྒྱུན་ལག་རྩལ་རེར་རྒྱུད་འཛིན་པ་རེ་བཀོད་སྒྲིག་བྱས་ནས་མང་ཚོགས་ལ་ལག་རྩལ་སྟོན་པ་དང་ཕན་ཚུན་བར་འབྲེལ་འདྲིས་བྱེད་དུ་འཇུག་རྩིས་ཡོད་པ་མ་ཟད། ལྷ་སའི་ནང་མ་དང་།ལྷ་རྩེའི་སྟོད་གཞས་ལྟ་བུ་སོགས་འཁྲབ་སྟོན་རིགས་ཀྱི་མངོན་མིན་ཤུལ་བཞག་རིག་གནས་ཀྱང་ཉིན་རེར་འགྲེམ་ཁུལ་ནས་འཁྲབ་སྟོན་བྱེད་རྩིས་ཡོད་པ་རེད།

བོད་སྨན་འགྲེམ་ཁུལ།

འགྲེམ་ཚོང་ཟུང་སྦྲེལ་གྱི་རིག་གནས་ཐོན་ལས་འགྲེམ་ཁུལ་གྱིས་རིག་གནས་ཁེ་ལས་འགའ་ནང་ཞུགས་བྱས་ཏེ། རིག་གནས་ཐོན་རྫས་ཉོ་ཚོང་གི་རིམ་པ་ཇེ་མཐོར་གཏོང་རྒྱུ་རེད། གཞན་ལག་འཁྱེར་ཁ་པར་ཐོག་བོད་གཞས་རིན་མེད་ངང་ཕབ་ལེན་བྱེད་པ་དང་། བོད་ལྭ་དེ་ཉིད་སྟེགས་བུར་བསྐྱོད་དེ་ངོམ་སྟོན་བྱེད་པ་སོགས་ནི་འགྲེམས་ཚོགས་ཀྱི་ནང་དོན་གཙོ་བོར་འགྱུར་རྒྱུ་རེད། གཞན་རིག་དངོས་རྩ་ཆེན་འགྲེམ་ཁུལ་གྱིས་ཀྲུང་ཧྭ་མི་རིགས་ཀྱི་ཟབ་ཅིང་རྒྱ་ཆེའི་བའི་རིག་གནས་ཤུལ་བཞག་ངོམ་མཚོན་གནང་རྒྱུ་སྟེ། ལོ་རྒྱུས་རིག་གནས་འགྲེམ་སྟོན་དང་། དམངས་སྲོལ་རིག་དངོས་འགྲེམ་སྟོན། ཆོས་ལུགས་རིག་དངོས་དང་གཞན་དག་འགྲེམ་སྟོན་བཅས་ཁག་བཞིར་བགོས་ཏེ་འགྲེམས་ཚོགས་སུ་ཐོག་མར་འགྲེམ་རྒྱུ་རེད།  

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060