སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
《གཡང་མདའ》སྐབས19པའི་ཁོ་རེ་ཡའི་ཧྥུ་ཧྲན་གློག་བརྙན་དུས་ཆེན་གྱི་ཡ་གླིང་སྒེའུ་ཁུང་ཚན་པར་ཚུད།
སྤེལ་དུས། 2014-09-23   ཡོང་ཁུངས། མཚོ་སྔོན་པོའི་དྲ་བ།   རྩོམ་པ་པོ།  བཀྲ་འདུལ།

གློག་བརྙནགཡང་མདའ 

      རྒྱུས་ལོན་བྱུང་བ་ལྟར་ན། སྐབས་བཅུ་དགུ་བའི་ཧྥོ་ཧྲན་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་ཟླ ༡༠ བའི་ཚེས ༢ ནས་ཟླ ༡༠ བའི་ཚེས ༡༡ བར་དུ་ཁོ་རེ་ཡ་ལྷོ་མའི་ཧྥོ་ཧྲན་ནས་འཚོག་རྒྱུ་རེད། འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱི་གློག་བརྙན གཡང་མདའནི་སྐབས་བཅུ་དགུ་བའི་ཧྥོ་ཧྲན་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གྱི་ཡ་གླིང་གི་གློག་བརྙན་དྲ་མིགཅེས་པའི་སྡེ་ཚན་དུ་འགྲེམ་སྟོན་བྱ་རྒྱུ་རེད། ཐེངས་འདི་ནི་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་ཧྥོ་ཧྲན་གློག་བརྙན་དུས་ཆེན་དུ་ཐེངས་གཉིས་པར་ཞུགས་པ་ཡིན། སྔོན་ཆད ༢༠༠༥ ལོར། འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱི་གློག་བརྙནལྷིང་འཇགས་ཀྱི་མ་ཎི་རྡོ་འབུམསྐབས་བཅུ་བའི་ཧྥོ་ཧྲན་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གྱི་འཕེལ་ཕྱོགས་གསར་བའིསྡེ་ཚན་དུ་བདམས་པ་རེད།

གློག་བརྙན གཡང་མདའནི་ཨ་མདོ་ས་ཁུལ་དུ་ལོ་ངོ་སྟོང་ཕྲག་རིང་དུ་རྒྱུན་འཛིན་བྱུང་ཡོད་པའི་སྲོལ་རྒྱུན་གྱི་མདའ་རྩེད་འགྲན་བསྡུར་རྒྱབ་ལྗོངས་བྱས་པའི་གློག་བརྙན་ཞིག་ཡིན། མདའ་རྩེད་སྲོལ་རྒྱུན་ཡོད་པའི་སྡེ་བ་མི་འདྲ་བའི་གཞོན་ནུ་གཉིས་བར། ལོ་རེ་རེའི་མདའ་རྩེད་འགྲན་བསྡུར་སྐབས་སུ་བྱུང་བའི་འགལ་བ་དང་མཛའ་བརྩེ། བརྩེ་དུང་སོགས་སྲོག་ཤིང་བྱས་ནས། བསམ་བློའི་མཚོན་དོན་རང་བཞིན་ལྡན་པའི་གནའ་བོའི་སྲོལ་རྒྱུན་གྱི་ད་ལྟའི་གནས་བབ་བརྗོད་དེ། དུས་རབས་གསར་བར་སླེབས་རྗེས་བོད་མི་ཚོས་མུ་མཐུད་དུ་ཁྱད་ཆོས་མངོན་གསལ་ལྡན་པའི་མི་རིགས་རིག་གནས་དེ་རྒྱུན་འཛིན་དར་སྤེལ་བྱས་ནས། སྲོལ་རྒྱུན་བསམ་བློ་དེ་མི་རབས་ནས་མི་རབས་བར་དུ་རྒྱུན་འཛིན་དར་སྤེལ་བྱས་པའི་གཏམ་རྒྱུད་བརྗོད་ཡོད།

གཡང་མདའལ་དེའི་ཡར་སྔོན་དུ་སྐབས་བཅུ་བདུན་པའི་ཧྲང་ཧའེ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྟེང་དུ་གསེར་ཕོར་རྟགས་མའི་ཆེས་ཕུལ་བྱུང་གློག་བརྙན་གྱི་མིང་འདོན་བྱ་དགའ་དང་གསེར་ཕོར་རྟགས་མའི་ཆེས་ཕུལ་བྱུང་བརྙན་ལེན་གྱི་བྱ་དགའ་ཐོབ་ཡོད་པ་རེད།

 

ཁ་བྱང་ཕྱི་མོ།  གཡང་མདའསྐབས19པའི་ཁོ་རེ་ཡའི་ཧྥུ་ཧྲན་གློག་བརྙན་དུས་ཆེན་གྱི་ཡ་གླིང་སྒེའུ་ཁུང་ཚན་པར་ཚུད།

(རྩོམ་འགན་པ། ལྷ་དབང) 

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060