སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
བོད་ཀྱི་རྫོང་ཚང་མར་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་ཡོད་པ་དང་འཁྲབ་སྟོན་པ་མི་༢༠༠༠ཙམ་ཡོད་འདུག
སྤེལ་དུས། 2014-09-24   ཡོང་ཁུངས། ཤིན་ཧྭ་གསར་ཁང་།   རྩོམ་པ་པོ།  བསོད་བསྟན།

གསར་འགོད་པས་བོད་རང་སྐྱོང་ལྗོངས་རིག་གནས་ཐིང་ནས་ཤེས་རྟོགས་བྱུང་བར། འདི་ལོའི་ཟླ་བ་དགུ་པ་བར་བོད་ལྗོངས་ཀྱི་ལྗོངས་ཡོངས་ཀྱི་རྫོང་(གྲོང་ཁྱེར་དང་ཁུལ)༧༤ཚང་མར་རྫོང་རིམ་པའི་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་བཙུགས་པ་དང་། འཁྲབ་སྟོན་པ་མི་གྲངས་༢༠༠༠ཙམ་ཡོད་པས་ཁྱོན་ཡོངས་ནས་རྫོང་ཚང་མར་དམངས་ཁྲོད་ཀྱི་སྒྱུ་རྩལ་ཚོགས་པ་ཡོད་པ་མངོན་འགྱུར་བྱུང་ཡོད།

བོད་ཀྱི་དམངས་ཁྲོད་སྒྱུ་རྩལ་ཚོགས་པར་སྤྱིར་ཁོངས་མི་མི་གྲངས་༢༠གཡས་གཡོན་ཡིན་པ་དང་རྟག་ཏུ་གཞི་རིམ་གྱི་ཞིང་འབྲོག་ཁུལ་དུ་འཁྲབ་སྟོན་བྱེད་ཅིང་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ལ་གཞས་མ་གཏམ་དང་གླུ་གར། དགོད་བྲོའི་གཏམ་གླེང་སོགས་རིག་རྩལ་ལེ་ཚན་འཁྲབ་སྟོན་བྱེད་ཀྱི་ཡོད། དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་ལེ་ཚན་རྣམ་པ་མང་ལ་མང་ཚོགས་དང་ཐག་ཉེ་ཞིང་མཁོ་ཆས་སྟབས་བདེ་བས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཚོའི་དགའ་བསུ་ཐོབ་བཞིན་ཡོད།

བསྡོམས་རྩིས་བྱས་པའི་གྲངས་གཞི་ལས་མངོན་པར། མིག་སྔར་བོད་ལྗོངས་སུ་དམངས་ཁྲོད་སྒྱུ་རྩལ་ཚོགས་པས་ལོ་ལྟར་གསར་རྩོམ་བྱས་པའི་ལེ་ཚན་ཁག་༨༠༠ལྷག་ཙམ་ཡོད་པ་དང་གཤམ་བསྐྱོད་འཁྲབ་སྟོན་ཐེངས་༢༠༠༠ཙམ་བྱས་པར་གཟིགས་མོ་བ་མི་ཐེངས་ཁྲི་༡༠༠ཙམ་ཟིན་གྱི་ཡོད།

དེ་མིན་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་འགའ་ཤས་ཀྱིས་ད་དུང་བོད་ཀྱི་ཞིང་འབྲོག་ཁུལ་གྱི་སྲོལ་རྒྱུན་རིག་གནས་དེ་རང་གི་འགན་འཁྲིར་འཛིན་ནས་སྲུང་སྐྱོང་དང་དར་སྤེལ་གཏོང་གྱི་ཡོད་པ་རེད།

ལྷ་ས་གྲོང་ཁྱེར་ཁྲེན་ཀོན་ཆུས་ཉང་བྲན་དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་གཙོ་གཉེར་བ་བསྟན་འཛིན་ནོར་བུས་བོད་ཀྱི་ལྷ་མོ་འབག་སྔོན་ཞེས་པར་ངོ་མཚར་བའི་ཟློས་གར་གྱི་རྣམ་གྲངས་ཁག་༡༣ཙམ་ཡོད་པ་དང་མང་པོ་ཞིག་རྒྱུན་ཆད་ཡོད་པ་རེད། ང་ཚོས་༢༠༠༣ལོ་ནས་བཟུང་དེར་ལེགས་སྒྲིག་བསྐྱར་བཟོ་བྱས་པ་དང་མིག་སྔར་ཆ་ཚང་བའི་སྒོ་ནས་དེའི་ཁྲོད་ཀྱི་ཁག་བརྒྱད་སླར་གསོ་བྱས་ཟིན་པ་དང་། དེ་མིན་གཞན་ལྔའི་ལེགས་སྒྲིག་སླར་གསོའི་ལས་དོན་ཡང་འགོ་བརྩམས་ཟིན་ཡོད་ཅེས་ངོ་སྤྲོད་བྱས།

ཁ་བྱང་ཕྱི་མོ། བོད་ཀྱི་རྫོང་ཚང་མར་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་ཡོད་པ་དང་འཁྲབ་སྟོན་པ་མི་༢༠༠༠ཙམ་ཡོད་འདུག

(རྩོམ་འགན་པ། རྟ་མགྲིན)

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060