སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
《གཡང་མདའ》སྐབས ༢༣ པའི་གསེར་བྱ་མེ་ཏོག་སྣ་བརྒྱའི་གློག་བརྙན་དུས་སྟོན་དུ་འགྲེམ་གཏོང་བྱས།
སྤེལ་དུས། 2014-09-29   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  དབང་འབུམ།

   2014ལོའི་ཟླ9པའི་ཚེས26གི་ཕྱི་དྲོ་ཆུ་ཚོད7སྟེང་། ལན་གྲུ་གྲོང་ཁྱེར་གྱི་ཤར་ཕྱོགས་གྲོག་བརྙན་འགྲེམ་སྟོན་ཁང་ནས་བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་པདྨ་ཚེ་བརྟན་གྱི་གློག་བརྙན་གསར་བ་གཡང་མདའ་ཞེས་པ་སྐབས་ཉེར་གསུམ་པའི་ཀྲུང་གོའི་གསེར་བྱ་མེ་ཏོག་སྣ་བརྒྱའི་གློག་བརྙན་དུས་ཆེན་སྟེང་དུ་འགྲེམས་སྟོན་བྱས། གློག་བརྙན་སྟོན་འགོ་མ་ཚུགས་པའི་ཆུ་ཚོད་གཅིག་གི་སྔུན་ནས་བཟུང་གློག་བརྙན་འགྲེམས་ཁང་གི་སྒོ་རུ་ལྟ་མོ་བ་དག་འཚང་ཁ་ཤིག་ཤིག་གིས་བསྒྲིགས་འདུག་ཅིང་། ཐེངས་འདིའི་ལྟད་མོ་བ་གཙོ་བོ་ལན་གྲུ་ན་གནས་པའི་བོད་ཀྱི་སློབ་གྲྭ་ཆེན་མོའི་དགེ་རྒན། འབུམ་རམས་དང་ཞིབ་འཇུག་སློིབ་མ། དངོས་གཞི་དང་ཆེད་སྦྱོང་སོགས་ཡོད་ལ། དེ་མིན་དཔེ་སྐྲུན་ཁང་སོགས་བོད་དང་འབྲེལ་བའི་ལས་ཁུངས་སོ་སོའི་བོད་མི་རྣམས་གཙོ་བྱས་པའི་མི་རིགས་གཞན་པའི་ལྟ་མཁན་ཡང་ཡོད་པ་རེད། གློག་བརྙན་དེ་ནི་མདོ་སྨད་གཙན་ཚའི་ཡུལ་གྱི་མདའ་རྩེད་རིག་གནས་བརྗོད་བྱར་བྱས་ཏེ་ཕབ་པ་ཞིག་ཡིན་པ་དང་། གཏམ་རྒྱུད་ཁྲོད་སྡེ་བ་གཉིས་ཀྱི་མདའ་འཕེན་འགྲན་བསྡུར་གཞིར་བཟུང་སྟེ་འགལ་བ་གཙོ་བོ་དེ་གྲུབ་པར་བྱས་ཤིང་། ཉི་མ་དང་བཀྲ་དོན་བར་གྱི་འགལ་བ། ཉི་མ་དང་བདེ་སྐྱིད་གཉིས་ཀྱི་བརྩེ་དུངས་ཀྱི་བར་ཆད། བཀྲ་དོན་དང་ཁྱིམ་མིའི་བར་གྱི་འགལ་བ། སྡེ་གཉིས་ཀྱི་བྱིས་པ་དང་བྱིས་པའི་བར་གྱི་འགལ་བ་སོགས་འགལ་བའི་སྣེ་མང་པོ་ཞིག་མངོན་ཡོད་པ་དང་། ཆེས་གཙོ་བོ་དེ་ནི་བཀྲ་དོན་གྱི་བསམ་བློ་དང་མདའ་རྩེད་ཀྱི་རྒྱབ་རོལ་ཏུ་གནས་པའི་རིག་གནས་བར་གྱི་འགལ་བ་དེ་རེད། གློག་བརྙན་གྱི་ཆེས་མཐའ་མཇུག་ཀྱང་བཀྲ་དོན་གྱིས་ཁོའི་ཨ་ཕའི་གམ་ནས་མདའ་རྩེད་རིག་གནས་ཀྱི་སྲོག་ཤིང་དང་ལེན་བྱས་པ་ནས་བཟུང་ཉི་མ་དང་ཁོང་གཉིས་ཀྱི་འགལ་བ། ཉི་མ་དང་བདེ་སྐྱིད་ཀྱི་བརྩེ་དུངས་གི་བར་ཆད། བྱིས་པ་དང་བྱིས་པའི་བར་གྱི་འགལ་བ། བཀྲ་དོན་དང་ཁྱིམ་མིའི་བར་གྱི་འགལ་བ་སོགས་ཀྱང་རེ་རེ་བཞིན་མེད་པར་གྱུར་ཏེ་གློག་བརྙན་གྱི་མཇུག་རྫོགས་ཡོད།  

   གློག་བརྙན་བཏང་ཚར་རྗེས་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱིས་ལྟ་མཁན་རྣམས་ལ་གློག་བརྙན་དེའི་སྐོར་གྱི་གནས་ཚུལ་བཤད་པ་དང་། སྒྲ་རྩལ་བ་གདུགས་དཀར་ཚེ་རིང་དང་། འཁྲབ་སྟོན་པ་བདེ་སྐྱིད་སོགས་ཀྱིས་ཀྱང་རང་རང་གི་ཟུར་ནས་གཏམ་བཤད་གནང་།  

   ཁ་བྱང་ཕྱི་མོ།གཡང་མདའསྐབས ༢༣ པའི་གསེར་བྱ་མེ་ཏོག་སྣ་བརྒྱའི་གློག་བརྙན་དུས་སྟོན་དུ་འགྲེམ་གཏོང་བྱས།

(རྩོམ་འགན་པ། ལྷ་དབང)

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060