སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
སྐབས་དང་པོའི་ཀྲུང་གོའི་ཐང་གའི་སྒྱུ་རྩལ་དུས་ཆེན་མཇུག་སྒྲིལ་བ།
སྤེལ་དུས། 2014-09-29   ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།   རྩོམ་པ་པོ།  ཚེ་རྡོར།

ཚེས༢༨ཉིན་གྱི་ཕྱི་དྲོ། ཐང་ག་སྤུས་ལེགས་ཀྱི་འགྲེམ་སྟོན་དང་། ཐང་ག་ཉོ་ཚོང་གི་འགྲེམ་སྟོན། ཐང་གའི་སྒྱུ་རྩལ་གྱི་རྩེར་སོན་གླེང་སྟེགས་སོགས་ཀྱི་བྱེད་སྒོས་གཙོ་བྱས་པའི་སྐབས་དང་པོའི་ཀྲུང་གོའི་ཐང་གའི་སྒྱུ་རྩལ་དུས་ཆེན་དེ་ལྷ་སར་བདེ་བླག་ངང་མཇུག་སྒྲིལ་ཡོད་པ་རེད།

ཀྲུང་གོ་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ལྷག་པ་ཕུན་ཚོགས་མཇུག་སྒྲིལ་མཛད་སྒོར་ཕེབས་པ་དང་། བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བདེ་སྐྱིད་མཚོ་མོས་མཛད་སྒོ་གཙོ་སྐྱོང་གནང་ཡོད་པ་རེད།

 རྒྱུས་ལོན་བྱུང་བར། སྐབས་དང་པོའི་ཀྲུང་གོའི་ཐང་གའི་སྒྱུ་རྩལ་དུས་ཆེན་སྤེལ་བའི་ཚུན། སྤུས་ལེགས་དང་ཚད་མཐོ་བའི་ཐང་གའི་སྒྱུ་རྩལ་གྱི་སྤུས་ལེགས་འགྲེམ་སྟོན་གྱིས་རིག་གཅིག་མཁས་ཅན་དང་། མཁས་དབང་། ལྷ་རིས་པ་དེ་བཞིན་ཐང་ག་ཉར་ཚགས་བྱེད་མཁན་མང་དག་ཞིག་ལ་ལྟ་སྦྱོང་བྱེད་པའི་གོ་སྐབས་བཟང་པོ་ཞིག་མཁོ་འདོན་བྱས་ཡོད་ལ། ཐང་གར་དགའ་ཞེན་ཡོད་པའི་ཡུལ་སྐོར་བ་རྣམས་ཀྱི་མཐོང་རྒྱ་དེ་བས་ཆེ་རུ་བཏང་ཡོད་པ་རེད། དེ་དང་དུས་མཚུངས། བོད་ལྗོངས་ཕྱི་ནང་གི་གྲགས་ཅན་ཆེད་མཁས་པ་དང་། མཁས་དབང་། སྒྱུ་རྩལ་མཁས་པ་བཅས་ཀྱིས་མཉམ་དུ་སྐབས་དང་པོའི་ཀྲུང་གོའི་ཐང་གའི་སྒྱུ་རྩལ་དུས་ཆེན་ཀྱི་རྩེར་སོན་གླེང་སྟེགས་ནང་ཞུགས་ནས་ཞིབ་གྲོས་གནང་ཏེ། སྲོལ་རྒྱུན་གྱི་ཐང་ག་སྲུང་སྐྱོབ་དང་རྒྱུན་འཛིན། དུས་རབས་གསར་པའི་ཐང་ག་གསར་གཏོད་དང་འཕེལ་རྒྱས་སོགས་ཀྱི་ནང་དོན་དང་འབྲེལ་ནས། སྔར་ལས་ལྷག་པའི་སྒོ་ནས་ཐང་གའི་སྒྱུ་རྩལ་གྱི་ཁ་ཕྱོགས་གནད་དོན་དང་། འགྲན་སློང་། གོ་སྐབས་བཅས་དམ་འཛིན་བྱས་ཡོད་པ་རེད།

 གཙོ་གཉེར་གནང་མཁན་གྱིས། བྱེད་སྒོ་རབ་དང་རིམ་པ་དེ་དག་སྤེལ་བ་བརྒྱུད། ༼ཀྲུང་གོའི་ཐང་གའི་ཕ་ཡུལ༽བཟོ་སྐྲུན་དང་དེ་བཞིན་ཐང་ག་སྲུང་སྐྱོབ་དང་རྒྱུན་འཛིན། གསར་གཏོད། འཕེལ་རྒྱས་བཅས་ཀྱི་ཐད་རིག་ལམ་མཁོ་འདོན་བྱས་པ་དང་། དེ་ནི་ཐང་ག་གཙོ་བོ་བྱས་ནས། བོད་ལྗོངས་དང་ལྗོངས་ཕྱིའི་རིག་གནས་དང་། དཔལ་འབྱོར་གྱི་འབྲེལ་བར་ཤུགས་སྣོན་བྱས་ཏེ། བོད་ལྗོངས་དང་ཕྱི་ཕྱོགས་ཀྱི་རིག་གནས་མཉམ་ལས་བྱེད་པའི་གར་སྟེགས་གསར་པ་ཞིག་སྐྲུན་ནས། ༼ཀྲུང་གོའི་ཐང་གའི་ཕ་ཡུལ༽ཞེས་པའི་མིང་བྱང་གསར་པ་བཙུགས། ཐང་གའི་སྒྱུ་རྩལ་དུས་ཆེན་དེ་རིམ་བཞིན་ཀྲུང་གོ་དང་ཐ་ན་འཛམ་གླིང་གི་ཐང་གའི་རིག་གནས་ཟོང་རྟགས་ཀྱི་སྟོན་མོ་གཙོ་བོ་ཞིག་ཏུ་འགྱུར་ཡོད་པའི་ངོས་འཛིན་བྱས་ཡོད་པ་རེད།

 མཇུག་སྒྲིལ་མཛད་སྒོའི་ཐོག སྐབས་དང་པོའི་ཐང་གའི་སྒྱུ་རྩལ་དུས་ཆེན་གྱི་སྤུས་ལེགས་འགྲེམ་སྟོན་གྱི་གསེར་གྱི་བྱ་དགའ་དང་། དངུལ་གྱི་བྱ་དགའ། ཟངས་ཀྱི་བྱ་དགའ། ཉར་ཚགས་ལེགས་ཤོས་ཀྱི་བྱས་དགའ་དེ་བཞིན་སྒྲིག་འཛུགས་བྱ་དགའ་བཅས་སྤྲད་གནང་ཡོད་པ་རེད།

 ཁ་བྱང་ཕྱི་མོ། སྐབས་དང་པོའི་ཀྲུང་གོའི་ཐང་གའི་སྒྱུ་རྩལ་དུས་ཆེན་མཇུག་སྒྲིལ་བ། 

(རྩོམ་འགན་པ། ལྷ་དབང)

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060