སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
རོ་ནཱ་རྡོ(C.Ronaldo)དང་མེ་སེ(Messi)། ནེར་ཡེ་ཨར(Neuer)གསུམ་FIFAགསེར་གྱི་སྤོ་ལོའི་བྱ་དགའི་བདམ་བྱའི་འོས་མིར་བགྲངས་འདུག
སྤེལ་དུས། 2014-12-02   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  སྒྲོལ་ཚེ།

པེ་ཅིང་གི་དུས་ཚོད་ཟླ ༡༢ པའི་ཚེས ༢ ཉིན་སྤེལ་བའི་བརྡ་འཕྲིན་ལྟར་ན། FIFA(རྒྱལ་སྤྱིའི་རྐང་གྲུག་མཉམ་འབྲེལ་ཚོགས་པ)ནས ༢༠༡༤ ལོའི་གསེར་གྱི་སྤོ་ལོའི་བྱ་དགའི་བདམ་བྱའི་འོས་མི་སྤྱི་བསྒྲགས་བྱས་ཡོད་པ་དང་། རོ་ནཱ་རྡོ(Cristiano Ronaldo)དང་མེ་སེ(Messi)། ནེར་ཡེ་ཨར(Neuer)གསུམ་པོ་ཆེས་མཐའ་མཇུག་གི་འགྲན་རྩོད་པར་གྱུར་འདུག ཁོང་གསུམ་ལས་སུ་ཞིག་ལ་གསེར་གྱི་སྤོ་ལོའི་བྱ་དགའ་གནང་རྒྱུ་ཡིན་པ ༢༠༡༥ ལོའི་ཟླ ༡ པོའི་ཚེས ༡༢ ཉིན་ཁྱབ་བསྒྲགས་བྱ་རྒྱུ་རེད།

རོ་ནཱ་རྡི་ནི་ན་ནིང(༢༠༡༣ལོ)གི་གསེར་གྱི་བུམ་པའི་བྱ་དགའ་ཐོབ་མཁན་རེད། ད་ལོའི་འགྲན་བསྡུར་བྱེད་ཐེངས་སོ་སོ་ལ་ཡང་ཁོང་གིས་སྔར་བཞིན་འབད་པ་ལྷུར་ལེན་གྱིས་རུ་ཁག་དང་རྒྱབ་སྐྱོར་བྱེད་མཁན་ཚོའི་བློ་ཡིད་ཕམ་དུ་མ་བཅུག ཁོང་གིས་མུ་མཐུད་ནས་ལོ་རྒྱུས་གསར་བ་འབྲི་བཞིན་ཡོད་ལ་རང་ཉིད་ལས་ཐོད་བརྒལ་བྱེད་བཞིན། ཁོང་གིས་རང་ཉིད་ཀྱི་རུ་ཁག་རོའུ་མ་ཏེ་རི(Real Madrid)ཡི་རུ་མི་ཡོངས་ཀྱི་སྣེ་ཁྲིད་དེ་རུ་ཁག་ལོ་རྒྱུས་སྟེང་གི་ཡོ་རོབ་རྐང་གྲུག་འགྲན་བསྡུར་ཁྲོད་ཀྱི་ཨང་དང་པོའི་གཟེངས་རྟགས་ཐེངས་བཅུ་བ་བླངས། རང་ངོས་ནས་ལོ་རྒྱུས་ཀྱི་ཟིན་ཐོར་འགོད་པའི་ལྒང་ལི ༡༧ པ་དེ་བརྫངས་པ་རེད། ཆབས་ཅིག་ཁོང་གིས་རོའུ་མ་ཏེ་རི(Real Madrid) ཡི་རུ་མི་ཡོངས་ཀྱི་སྣེ་ཁྲིད་དེ་གོང་མའི་བུམ་པའི་རྐང་གྲུག་འགྲན་བསྡུར་ཁྲོད་ཨང་དང་པོ་བླངས་པ་མ་ཟད།  རང་ཉིད་ཀྱི་ཕུལ་དུ་བྱུང་བའི་རྐང་རྩལ་དང་འགྱུར་མེད་ཀྱི་སེམས་ཤུགས་ལ་བརྟེན་ནས ༢༠༡༤ ལོའི་འཛམ་གླིང་རྐང་གྲུག་བུམ་པའི་ཟུར་སྣོན་འགྲན་བསྡུར་ཁྲོད་ཕོལ་ཐི་ཀལ་དང་སུའེ་ཏེན་གཉིས་ཀྱི་འགྲན་བསྡུར་ལས་སུའེ་ཏེན་ཕམ་པར་བཏང་སྟེ་འགྲན་བསྡུར་དངོས་ལ་ཞུགས་ཐུབ་པ་བྱུང་། ཡིད་ཕངས་པ་ཞིག་ལ་ཕོལ་ཐི་ཀལ་ཚོ་ཆུང་འགྲན་བསྡུར་ལས་བསྟུད་མར་ཕམ་ཁ་མྱངས་ཏེ།  རྟིང་རྩོད་ལ་ཞུགས་པའི་བསྐལ་བ་མ་བྱུང་།

ད་ལོའི་རྐང་གྲུག་འགྲན་བསྡུར་གྱི་དུས་ཚིགས་གསར་བའི་ནང་དུའང་རོ་ནཱ་རྡི་ཡི་རྣམ་འགྱུར་ནི་སྔར་བཞིན་ཧ་ལས་དགོས་ཤིང་མེ་ལྟར་ཚ་བ་ཞིག་རེད། མིག་སྔར་ཞུགས་ཟིན་པའི་འགྲན་བསྡུར་ཡོང་ནས་ལྒང་ལི་བསྡོམས་པས ༢༤ བརྫངས་ཡོད་པ་དང་། དེའི་ཁྲོད་ནས་རིམ་གཅིག་ཐུན་མོང་འགྲན་བསྡུར་ཁྲོད་དུ་འགྲན་ཐེངས ༡༢ ལ་ལྒང་ལི ༢༠ བརྫངས་ཤིང་རོགས་རྒོལ་ཐེངས ༨ བྱས། ཁོང་ནི་ལྒང་ལིའི་གྲངས་ཀ་བསྒྲིགས་པའི་མིང་ཐོའི་ཁྲོད་དུ་དང་པོར་ཟིན་ཡོད། དེར་བརྟེན་ཁོང་ནི་ད་ལོའི་གསེར་གྱི་སྤོ་ལོའི་གཟེངས་རྟགས་ཀྱི་བདམ་བྱའི་འོས་མི་ཡོངས་ལས་ཆེས་མིང་དོན་མཚུངས་པ་དེ་རེད།

༢༠༡༤ ལོར་མེ་སེ(Messi)ཡང་འགྲན་བསྡུར་ཁྲོད་ཀྱི་རྣམ་འགྱུར་ཆེས་ཆེར་མཆོག་ཏུ་གྱུར། འདིའི་སྔོན་གྱི་འགྲན་བསྡུར་ཐེངས་གཉིས་སུ་ཁོང་གིས་བསྟུད་མར"ཞྭ་མོ་སྒྱུ་འཁྲུལ"ལེགས་འགྲུབ་བྱུང་། སྔ་གཞུག་ཏུ་སི་ཕེན་གྱི་རིམ་པ་དང་པོའི་འགྲན་བསྡུར་ལོ་རྒྱུས་ཁྲོད་ཀྱི་ལྒང་ལི་བརྫངས་མཁན་དང་པོ་དང་ཡོ་རོབ་རྐང་གྲུག་འགྲན་བསྡུར་ལོ་རྒྱུས་ཁྟརོད་ཀྱི་ལྒང་ལི་བརྫངས་མཁན་དང་པོར་གྱུར། འཛམ་གླིང་རྐང་གྲུག་བུམ་པའི་འགྲན་བསྡུར་ཁྲོད་དུ་ཁོང་གིས་རུ་ཁག་གི་སྣེ་ཁྲིད་དེ་ལོ ༢༤ རྗེས་སུ་སླར་ཡང་རྟིང་རྩོད་འགྲན་བསྡུར་དུ་ཞུགས། ཡིན་ན་ཡང་འགྲན་བསྡུར་མཇུག་རྫོགས་ལ་ཉེ་བའི་སྐབས་སུ་འཇར་མན་ལ་རྒྱལ་ཁ་ཐོབ། ཆབས་ཅིག་ཁོང་ལ་རུ་ཁག Barcelona ཁྲོད་ནས་ཀྱང་འཛམ་གླིང་གི་འགྲན་བསྡུར་གཙོ་བོ་ཁག་ནས་ཨང་དང་པོ་ལེན་མ་ཐུབ། གང་ལྟར་ཡང་ཁོང་ལ་རྒྱབ་སྐྱོར་བྱེད་མཁན་ཀུན་གྱིས་སྔར་བཞིན་བློ་སེམས་འགྱུར་མེད་ཀྱིས་ཁོང་ལ་གསེར་གྱི་སྤོ་ལོའི་གཟེངས་རྟགས་ཐོབ་པའི་སྨོན་འདུན་ཞུ་བཞིན་ཡོད།

ནེར་ཡེ་ཨར(Neuer)ལ་མཚོན་ན། ད་ལོ་ནི་ཁོ་བོའི་རྐང་གྲུག་གི་འགྲུལ་བཞུད་ཁྲོད་ཀྱི་འབྲས་བུ་སྨིན་པའི་དུས་བཟང་ཤིག་རེད། ཁོང་གི་འགྱུར་མེད་བརྟན་བརླིང་གི་རྣམ་འགྱུར་ལ་བརྟེན་ནས Bayern རུ་ཁག་གིས་རིམ་གཅིག་ཐུན་མོང་འགྲན་བསྡུར་དང་འཇར་མན་རྒྱལ་ཁབ་བུམ་པའི་རྐང་གྲུག་འགྲན་བསྡུར་ཁྲོད་དུ་སོ་སོར་ཨང་དང་པོ་བླངས། དེ་ལས་ཀྱང་གལ་ཆེ་བ་ཞིག་ནི་ཁོང་གི་ཕུལ་བྱུང་གི་གྲུག་སྒོ་འགོག་པའི་རྩལ་ལ་བརྟེན་ནས་འཇར་མན་རྒྱལ་ཁབ་རུ་ཁག་ལ་འཛམ་གླིང་རྐང་གྲུག་བུམ་པའི་ཁྲོད་དུ་ལོ ༢༤ འགོར་བའི་རྗེས་སུ་སླར་ཡང་ཨང་དང་པོ་ཐོབ།  འགྲན་བསྡུར་ཐེངས་བཞི་ཡི་ཁྲོད་དུ་ཁོང་གིས་ལྒང་ལི ༤  མ་གཏོགས་ཤོར་དུ་མ་བཅུག  དེར་བརྟེན་འཛམ་གླིང་རྐང་གྲུག་བུམ་པའི་འགྲན་བསྡུར་ཁྲོད་ཕུལ་བྱུང་སྒོ་སྲུང་གི་གཟེངས་རྟགས་ཐོབ་མྱོང་། ད་ལོའི་དུས་ཚིགས་གསར་བའི་འགྲན་བསྡུར་ཁག་གི་ཁྲོད་དུ་ཡང་ཁོང་གིས་སྔར་བཞིན་འགྱུར་བ་མེད་པའི་ནུས་པ་འདོན་བཞིན་ཡོད་པས། གསེར་གྱི་སྤོ་ལོའི་བྱ་དགའི་བདམ་བྱའི་འོས་མིར་བགྲང་པ་ལ་ཡ་མཚར་དགོས་པ་གང་ཡང་མི་འདུག  གྲུག་སྒོ་སྲུང་མཁན་ལ་ལོ་རྒྱུས་ཐོག་ཏུའང་གསེར་གྱི་སྤོ་ལོའི་གཟེངས་རྟགས་ཐོབ་མྱོང་བ་རེད།

པེ་ཅིང་གི་དུས་ཚོད་ཟླ ༡༢ པའི་ཚེས ༢ ཉིན་སྤེལ་བའི་བརྡ་འཕྲིན་ལྟར་ན། FIFA(རྒྱལ་སྤྱིའི་རྐང་གྲུག་མཉམ་འབྲེལ་ཚོགས་པ)ནས ༢༠༡༤ ལོའི་གསེར་གྱི་སྤོ་ལོའི་བྱ་དགའི་བདམ་བྱའི་འོས་མི་སྤྱི་བསྒྲགས་བྱས་ཡོད་པ་དང་། རོ་ནཱ་རྡོ(Cristiano Ronaldo)དང་མེ་སེ(Messi)། ནེར་ཡེ་ཨར(Neuer)གསུམ་པོ་ཆེས་མཐའ་མཇུག་གི་འགྲན་རྩོད་པར་གྱུར་འདུག ཁོང་གསུམ་ལས་སུ་ཞིག་ལ་གསེར་གྱི་སྤོ་ལོའི་བྱ་དགའ་གནང་རྒྱུ་ཡིན་པ ༢༠༡༥ ལོའི་ཟླ ༡ པོའི་ཚེས ༡༢ ཉིན་ཁྱབ་བསྒྲགས་བྱ་རྒྱུ་རེད།

པེ་ཅིང་གི་དུས་ཚོད་ཟླ ༡༢ པའི་ཚེས ༢ ཉིན་སྤེལ་བའི་བརྡ་འཕྲིན་ལྟར་ན། FIFA(རྒྱལ་སྤྱིའི་རྐང་གྲུག་མཉམ་འབྲེལ་ཚོགས་པ)ནས ༢༠༡༤ ལོའི་གསེར་གྱི་སྤོ་ལོའི་བྱ་དགའི་བདམ་བྱའི་འོས་མི་སྤྱི་བསྒྲགས་བྱས་ཡོད་པ་དང་། རོ་ནཱ་རྡོ(Cristiano Ronaldo)དང་མེ་སེ(Messi)། ནེར་ཡེ་ཨར(Neuer)གསུམ་པོ་ཆེས་མཐའ་མཇུག་གི་འགྲན་རྩོད་པར་གྱུར་འདུག ཁོང་གསུམ་ལས་སུ་ཞིག་ལ་གསེར་གྱི་སྤོ་ལོའི་བྱ་དགའ་གནང་རྒྱུ་ཡིན་པ ༢༠༡༥ ལོའི་ཟླ ༡ པོའི་ཚེས ༡༢ ཉིན་ཁྱབ་བསྒྲགས་བྱ་རྒྱུ་རེད།

པེ་ཅིང་གི་དུས་ཚོད་ཟླ ༡༢ པའི་ཚེས ༢ ཉིན་སྤེལ་བའི་བརྡ་འཕྲིན་ལྟར་ན། FIFA(རྒྱལ་སྤྱིའི་རྐང་གྲུག་མཉམ་འབྲེལ་ཚོགས་པ)ནས ༢༠༡༤ ལོའི་གསེར་གྱི་སྤོ་ལོའི་བྱ་དགའི་བདམ་བྱའི་འོས་མི་སྤྱི་བསྒྲགས་བྱས་ཡོད་པ་དང་། རོ་ནཱ་རྡོ(Cristiano Ronaldo)དང་མེ་སེ(Messi)། ནེར་ཡེ་ཨར(Neuer)གསུམ་པོ་ཆེས་མཐའ་མཇུག་གི་འགྲན་རྩོད་པར་གྱུར་འདུག ཁོང་གསུམ་ལས་སུ་ཞིག་ལ་གསེར་གྱི་སྤོ་ལོའི་བྱ་དགའ་གནང་རྒྱུ་ཡིན་པ ༢༠༡༥ ལོའི་ཟླ ༡ པོའི་ཚེས ༡༢ ཉིན་ཁྱབ་བསྒྲགས་བྱ་རྒྱུ་རེད།

པེ་ཅིང་གི་དུས་ཚོད་ཟླ ༡༢ པའི་ཚེས ༢ ཉིན་སྤེལ་བའི་བརྡ་འཕྲིན་ལྟར་ན། FIFA(རྒྱལ་སྤྱིའི་རྐང་གྲུག་མཉམ་འབྲེལ་ཚོགས་པ)ནས ༢༠༡༤ ལོའི་གསེར་གྱི་སྤོ་ལོའི་བྱ་དགའི་བདམ་བྱའི་འོས་མི་སྤྱི་བསྒྲགས་བྱས་ཡོད་པ་དང་། རོ་ནཱ་རྡོ(Cristiano Ronaldo)དང་མེ་སེ(Messi)། ནེར་ཡེ་ཨར(Neuer)གསུམ་པོ་ཆེས་མཐའ་མཇུག་གི་འགྲན་རྩོད་པར་གྱུར་འདུག ཁོང་གསུམ་ལས་སུ་ཞིག་ལ་གསེར་གྱི་སྤོ་ལོའི་བྱ་དགའ་གནང་རྒྱུ་ཡིན་པ ༢༠༡༥ ལོའི་ཟླ ༡ པོའི་ཚེས ༡༢ ཉིན་ཁྱབ་བསྒྲགས་བྱ་རྒྱུ་རེད།

ཕུལ་བྱུང་རྩལ་འཁྲིད་པའི་བདམ་བྱའི་འོས་མི་གསུམ།

རོ་ནཱ་རྡོ(Cristiano Ronaldo)དང་མེ་སེ(Messi)གཉིས་ཀྱིས་གསེར་གྱི་སྤོ་ལོའི་རྟགས་མ་བཏེགས་པའི་རྣམ་པ།

པེ་ཅིང་གི་དུས་ཚོད་ཟླ ༡༢ པའི་ཚེས ༢ ཉིན་སྤེལ་བའི་བརྡ་འཕྲིན་ལྟར་ན། FIFA(རྒྱལ་སྤྱིའི་རྐང་གྲུག་མཉམ་འབྲེལ་ཚོགས་པ)ནས ༢༠༡༤ ལོའི་གསེར་གྱི་སྤོ་ལོའི་བྱ་དགའི་བདམ་བྱའི་འོས་མི་སྤྱི་བསྒྲགས་བྱས་ཡོད་པ་དང་། རོ་ནཱ་རྡོ(Cristiano Ronaldo)དང་ མེ་སེ(Messi)དང་ནེར་ཡེ་ཨར(Neuer)གསུམ་པོ་ཆེས་མཐའ་མཇུག་གི་འགྲན་རྩོད་པར་གྱུར་འདུག ཁོང་གསུམ་ལས་སུ་ཞིག་ལ་གསེར་གྱི་སྤོ་ལོའི་བྱ་དགའ་གནང་རྒྱུ་ཡིན་པ ༢༠༡༥ ལོའི་ཟླ ༡ པོའི་ཚེས ༡༢ ཉིན་ཁྱབ་བསྒྲགས་བྱ་རྒྱུ་རེད།

ཁ་བྱང་ཕྱི་མོ། རོ་ནཱ་རྡོ(Cristiano Ronaldo)དང་མེ་སེ(Messi)། ནེར་ཡེ་ཨར(Neuer)གསུམFIFAགསེར་གྱི་སྤོ་ལོའི་བྱ་དགའི་བདམ་བྱའི་འོས་མིར་བགྲངས་འདུག

རྩོམ་འགན་པ། སྒྲོལ་ཚེ།

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060