སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
འེ་ཝེ་ཝེ་ཡིས་དབྱིན་ཇིའི་གྲོང་ཁྱེར་ལོན་ཏོན་དུ་བརྩམས་ཆོས་འགྲེམ་སྟོན་རྒྱ་ཆེན་བཤམ་རྒྱུ་རེད།
སྤེལ་དུས། 2015-06-18   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  བདེ་སྐྱིད།

དྲང་མོ།

བམ་རོ།

BBCཡི་གནས་ཚུལ་ལྟར་ན། ཟླ ༩ བ་ནས་ཟླ ༡༢ བའི་བར་དབྱིན་ཇིའི་གྲོང་ཁྱེར་ལོན་ཏོན་གྱི་གོང་མའི་མཛེས་རྩལ་སློབ་གླིང་དུ། གླེང་ཕྱོགས་འདྲ་མིན་གྱི་རྩོད་གཞི་ཆེ་བའི་ཀྲུང་གོའི་སྒྱུ་རྩལ་པ་འེ་ཝེ་ཝེ་ཡི་མི་སྒེར་བརྩམས་ཆོས་འགྲེམ་སྟོན་འཚོག་རྒྱུ་རེད།  འདི་ནི་ད་ལོའི་ཟླ ༢ པའི་ནང་ཁོ་རང་གིས་ལོན་ཏོན་དུ་འགྲེམ་སྟོན་ཆུང་ཆུང་ཞིག་སྤེལ་བའི་རྗེས་སུ།  འེ་ཝེ་ཝེ་ཡི་བརྩམས་ཆོས་ལོན་ཏོན་དུ་ཆེས་ཐོག་མར་འགྲེམ་སྟོན་རྒྱ་ཆེན་བཤམས་པ་ཞིག་ཡིན་ལ།  དེར་བརྩམས་ཆོས་མང་པོ་གཞི་གཅིག་ཏུ་གཟིགས་འབུལ་བྱ་རྒྱུ་རེད། ཐེངས་འདིའི་འགྲེམ་སྟོན་ལ་དབྱིན་ཇི་དང་ད་མིན་ཡོ་རབ་ནུབ་མའི་རྒྱལ་ཁབ་ཁག་གི་ལས་རིགས་སོ་སོའི་མི་ཚོས་དོ་སྣང་ཆེན་པོ་བྱེད་ཀྱིན་འདུག

འགྲེམ་སྟོན་དུ་འེ་ཝེ་ཝེ་ཡི་ཉེ་བའི་ལོ་འདི་དག་གི་ཚབ་མཚོན་བརྩམས་ཆོས་དག་ཡོད་པ་མ་ཟད།  ད་ཐེངས་ཀྱི་འགྲེམ་སྟོན་ལ་ཆེད་དུ་གསར་རྩོམ་བྱས་པའི་བརྩམས་ཆོས་གསར་བའང་འདུག  འདི་གའི་གསར་འགྱུར་དྲ་བས་རྒྱུས་ལོན་བྱུང་བ་ལྟར་ནBBCདང་འཇར་མན་རླུང་འཕྲིན་སོགས་གསར་ལམ་མང་པོས་ཁོང་གི་བརྩམས་ཆོས་ཁག་ལས་བརྩམས་ཆོས་གསར་བ་གཉིས་དམིགས་སུ་བཟུང་ནས་མཚམས་སྦྱོར་བྱས་ཡོད་འདུག

གཅིག་ནི་ལྗིད་ཚད་ལ་ཏུན ༩༠ ཅན་གྱིདྲང་མོཞེས་པའི་བརྩམས་ཆོས་གསར་བ་དེ་ཡིན་ལ། དེའི་རྒྱུ་ཆ་ནི ༢༠༠༨ ལོའི་ཝུན་ཁྲོན་ས་ཡོམ་སྐབས་ཀྱི་བརླགས་ཟིན་པའི་ཁང་བརྩེགས་དག་གི་ལྕགས་རིགས་ཡིན།  གྲོང་ཁྱེར་ལོན་ཏོན་གྱི་གོང་མའི་མཛེས་རྩལ་སློབ་གླིང་གི་ཕྱོགས་ནས།  བརྩམས་ཆོས་དེ་ནི་ས་ཡོམ་སྐབས་ཀྱི་གནོད་ཐེབས་མི་དམངས་ལ་རྗེས་དྲན་ཞུ་སྟངས་ཁྱད་པར་བ་ཞིག་རེད་ཅེས་བརྗོད།

གཞནབམ་རོཞེས་པའི་བརྩམས་ཆོས་དེ་ནི་འེ་ཝེ་ཝེ་ཡིས་རྫ་ཆས་རྒྱུ་ཆ་བྱས་ནས་ཀེང་རུས་ཆ་འདྲ་བ་མང་པོ་བཟོས་པ་ཞིག་རེད། དེ་ཉིད་ཀྲུང་གོའི་དུས་རབས་གོང་མའི་ལོ་རབས་ལྔ་བཅུ་བའི་ནང་ངལ་རྩོལ་རུ་ཁག་ཅིག་གི་གནའ་ཤུལ་ཞིག་མ་དཔེ་བྱས་ནས་གསར་རྩོམ་གནང་པ་ཞིག་ཡིན་ཟེར།

གྲོང་ཁྱེར་ལོན་ཏོན་གྱི་གོང་མའི་མཛེས་རྩལ་སློབ་གླིང་གི་མཉམ་འབྲེལ་ཇུས་འགོད་པ་དང་འགོ་གཙོ་ལའོ་ཁུ་ཡིས་འེ་ཝེ་ཝེ་ཡི་བརྩམས་ཆོས་ལ་ནང་དོན་གཏིང་ཟབ་མོ་འདུག་ཅེས་གདེང་འཇོག་མཐོན་པོ་གནང་བཞིན་འདུག་ལ། འེ་ཝེ་ཝེ་ཡིས་སྤེལ་བའི་གསལ་བསྒྲགས་ཏུ་ཁོ་རང་གི་བརྩམས་ཆོས་ལོན་ཏོན་གྲོང་ཁྱེར་གྱི་གོང་མའི་མཛེས་རྩལ་སློབ་གླིང་དུ་འགྲེམ་སྟོན་བྱ་ཐུབ་པའི་གོ་སྐབས་རེག་པར་དགའ་སྤྲོ་ཚད་མེད་སྐྱེས་བཞིན་ཡོད་པ་དང་དེ་ཉིད་རང་གི་གཟི་བརྗིད་ཅིག་བསམ་ཡོད།   དེ་མིན་ལོན་ཏོན་ནི་ཁོ་རང་གི་སྨོན་པ་འཆོར་སའི་གྲོང་ཁྱེར་ཞིག་ཡིན་རབས་ཀྱང་ལབ་འདུག

༢༠༡༡ ལོར་དཔྱ་ཁྲལ་ལྐོག་སྦས་ཀྱི་ཉེས་འཛུགས་བྱས་ནས་ཉིན ༨༡ རིང་བཙོན་འཇུག་བྱས་པ་དང་ཁོ་རང་ལ་རྒྱལ་ཕྱིར་འགྲོ་མི་ཆོག་པའི་བཀག་སྡོམ་ཡོད་པ་སོགས་ཀྱི་དབང་གིས།  འེ་ཝེ་ཝེ་སྐུ་དངོས་སུ་ལོན་ཏོན་ཏུ་འགྲེམ་སྟོན་ལ་ཞུགས་ཐབས་མེད་པ་རེད།

འེ་ཝེ་ཝེ་ནི་ཀྲུང་གོའི་ནང་ལོགས་སུ་ནུབ་ཕྱོགས་རྒྱལ་ཁབ་སོ་སོའི་ཆབ་སྲིད་དང་སྒྱུ་རྩལ་ཁྱབ་ཁོངས་སུ་རྒྱབ་སྐྱོར་ཆེན་པོ་ཐོབ་ཡོད་པའི་སྒྱུ་རྩལ་པ་ཞིག་ཡིན་ལ།  ཁོའི་སྒྱུ་རྩལ་གྱི་རྟོག་པ་དེ་དོན་དུ་ནུབ་ཕྱོགས་པ་ཚོའི་འུར་བསྟོད་བྱེད་པ་དེ་འདྲ་ཞིག་ཏུ་ཐོན་ཡོད་མེད་ལ།  ཀྲུང་གོའི་སྒྱུ་རྩལ་སྡེ་ཁག་ཏུ་རྩོད་གཞི་ཆེན་པོ་ཡོད་པ་རེད།  ༢༠༡༡ ལོར་འཇར་མན་གྱི་པའོ་ལིན་སྒྱུ་རྩལ་སློབ་ཆེན་གྱི་གཞུང་ལུགས་ཚན་པའི་འབུམ་རམས་པ་ཀྲུའུ་ལེན་གྱི་སྔ་གཞུག་ཏུ་རྩོག་ཡིག་མང་པོ་སྤེལ་ཏེ།  འེ་ཝེ་ཝེ་ཡིས་ཡོ་གླིང་གི་སྒྱུ་རྩལ་པར་ལད་མོ་དང་ལྐོག་བལྟ་བྱས་པ་རེད་ཅེས་སུན་འབྱིན་དང་དགག་བཞག་ཚ་ནན་ཏུ་བྱས་མྱོང་ལ།  དེས་བརྩམས་ཆོས་སོ་སོར་བསྡུར་བའང་ཕྲ་རྒྱས་མང་དུ་བྱས་ཡོད་འདུག

ནུབ་གླིང་གི་རྒྱལ་ཁབ་ཁག་ཏུའང་སྐྱོན་བརྗོད་གནང་མཁན་ཡོད་པ་དང་།  ད་ལོའི་ཟླ་དང་པོར།  འཇར་མན་གྱི་མཱར་ཁ་སི་ཐིན་མཛེས་རྩལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ལའོ་པོ་ཐི་ཧ་ཐི་མན་གྱིས། འེ་ཝེ་ཝེ་ཡི་སྒྱུ་རྩལ་ནི་ཀྲུང་གོའི་མང་ཚོགས་ཕྱོགས་མེད་པ་དང་གཙོ་བོ་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་ངོ་དགའ་སྤྲེལ་ལད་བྱས་པ་ཙམ་རེད་ལབ་ཀྱིན་འདུག

ཁ་བྱང་ཕྱི་མོ། འེ་ཝེ་ཝེ་ཡིས་དབྱིན་ཇིའི་གྲོང་ཁྱེར་ལོན་ཏོན་དུ་བརྩམས་ཆོས་འགྲེམ་སྟོན་རྒྱ་ཆེན་བཤམ་རྒྱུ་རེད།

རྩོམ་འགན་པ། སྒྲོལ་ཚེ།

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060