སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
ཐང་སྟོང་རྒྱལ་བོའི་རྣམ་ཐར་ཀན་ལྷོའི་ཟློས་གར་ཁང་ཆེན་མོ་ནས་འཁྲབ་སྟོན་བྱས།
སྤེལ་དུས། 2015-06-18   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  ཉི་མ།

ཡུས་ཁྲེང་ཧུའེ། ཨན་ཅིན་ལུང་། ཀྲའོ་ལིན་ཡུན་སོགས་འགོ་ཁྲིད་རྣམས་གར་སྟེགས་སུ་ཕེབས་ཏེ་འཁྲབ་སྟོན་པ་ཡོངས་དང་ལག་འཇུ་གནང་།

མ་དངུལ་དམངས་སྒོར་ཁྲི ༡༥༠ ལྷག་བཏང་ཞིང་། དུས་ཡུན་ལོ་ངོ་གཅིག་རིང་བསྒྲིགས་པའི་རྣམ་ཐར་ཆེན་མོ《ཐང་སྟོང་རྒྱལ་པོ》འཁྲབ་སྟོན་དངོས་སུ་བྱས།

མ་དངུལ་དམངས་སྒོར་ཁྲི ༡༥༠ ལྷག་བཏང་ཞིང་། དུས་ཡུན་ལོ་ངོ་གཅིག་རིང་བསྒྲིགས་པའི་རྣམ་ཐར་ཆེན་མོ《ཐང་སྟོང་རྒྱལ་པོ》འཁྲབ་སྟོན་དངོས་སུ་བྱས།

ཟླ ༦ ཚེས ༡༦ ཉིན་གྱི་དགོང་མོ་ཀན་ལྷོའི་ཟློས་གར་ཁང་ཆེན་མོ་འདུག་སྟེགས་སྟོང་བ་གཅིག་ཀྱང་མ་ལུས་པར་ལྟད་མོ་བས་ཁེངས་ཡོད། དམངས་སྒོར་ཁྲི ༡༥༠ ཡི་མ་དངུལ་བཏང་ཞིང་དུས་ཡུན་ལོ་ངོ་གཅིག་རིང་སྦྱོང་བརྡར་དང་གྲ་སྒྲིག་བྱས་པའི་རྣམ་ཐར་ཆེན་མོ《ཐང་སྟོང་རྒྱལ་པོ》དངོས་སུ་འཁྲབ་སྟོན་བྱས། གར་སྟེགས་གི་བཀོད་སྒྲིག་དང་དོན་གྱི་བྱུང་རིམ་ཚགས་དམ་ཞིང་། རོལ་མོ་བའི་རམ་འདེགས་སོགས་ཀྱི་རྣམ་པ་རྒྱ་ཆེ། ཁུལ་གྱི་འགོ་ཁྲིད་ཡུས་ཁྲེང་ཧུའེ། ཨན་ཅིན་ལུང་། ཀྲའོ་ལིན་ཡུན་སོགས་ཡུལ་དངོས་སུ་ལྟད་མོར་ཕེབས་ཡོད།

གྲུབ་ཆེན་ཐང་སྟོང་རྒྱལ་པོ། རྗེ་འདི་ཉིད་གཙང་ལ་སྟོད་གཡས་རུ་བྱང་མའི་ཆབ་འོག་འོལ་བ་ལྷ་རྩེ་རིན་ཆེན་སྡིངས་གྲོང་དུ་ཞིང་པའི་ཁྱིམ་ཚང་ཞིག་ཏུ་ཡབ་རྡོ་རྗེ་རྒྱལ་མཚན་དང༌། ཡུམ་རྒྱ་གར་ལྷ་མོ་གཉིས་ཀྱི་སྲས་སུ་རབ་བྱུང་དྲུག་པའི་ལྕགས་གླང་(སྤྱི་ལོ༡༣༦༡)ལོར་སྐུ་འཁྲུངས། ཐོག་མའི་མཚན་ལ་ཁྲོ་བོ་དཔལ་ལྡན་ཞེས་གསོལ། དགུང་ལོ་ལྔ་ལ་ར་ལུག་འཚོ་བར་ཕེབས། བྱིས་པའི་དུས་ནས་སྤྱང་གྲུང་འཛོམས་ལ་རིག་པ་རྣོ་བས་ཡབ་ཡུམ་གཉིས་ཀྱིས་དགོན་པ་བྱང་སྡིངས་སུ་ཆོས་སྐྱོང་དཔལ་བའི་དྲུང་དུ་ཀློག་ཡིག་སློབ་པར་བསྐྱལ། བོད་ཡིག་དང་ལཉཚ། ཝརྟུ་སོགས་བརྡ་སྤྲོད་རིག་པའི་གནས་ལའང་མཁས་པར་གྱུར། སློབ་དཔོན་ཉི་མ་སེང་གེའི་དྲུང་དུ་རབ་ཏུ་བྱུང་ཞིང༌། མཚན་བརྩོན་འགྲུས་བཟང་པོར་གསོལ། མཁན་ཆེན་དེའི་དྲུང་ནས་དོན་ཡོད་ཞགས་པའི་སྒྲུབ་ཐབས་དང༌། རྒྱུད་ཀྱི་ལུང་སོགས་དང༌། ངམ་རིང་ཆོས་སྡེའི་མཁས་པ་བློ་གྲོས་རྡོ་རྗེ་དང༌། དཀོན་མཆོག་དར་ལས་རྣམ་འགྲེལ་དང་མངོན་རྟོགས་རྒྱན་སོགས་གསན་ཏེ་དཔལ་ལྡན་ས་སྐྱར་དཀའ་བཞིའི་གྲྭ་སྐོར་ལ་བྱོན། སྙན་གྲགས་དོན་གཉེར་མ་མཛད་པར་ངལ་བ་འཁུར་དུ་བཞེས་ནས་སྦྱང་བརྩོན་གནང་བས་བརྩོན་འགྲུས་སྨྱོན་པ་ཟེར་བའི་མཚན་དེ་དུས་བཏགས་པར་གྲགས། དེ་རྗེས་མདོ་སྟོད་སྐྱ་རའི་དགོན་པ་ན་བཞུགས་པ་བཀའ་ལྔ་བ་དཔལ་འབྱོར་ཤེས་རབ་ཀྱིས་མཁན་པོ་མཛད་དེ་ལས་སློབ་དད་པའི་དགེ་འདུན་གྲངས་ཚང་གི་དབུས་སུ་བསྙེད་རྫོགས་བཞེས་པའི་མཚན་བརྩོན་འགྲུས་བཟང་པོར་གསོལ། མཁས་དབང་དར་མ་དཔལ་བ་དང་ལྷ་གདོང་པ་བསོད་ནམས་མཆོག ཀུན་སྤངས་རིན་ཆེན་རྒྱལ་མཚན། རེད་མདའ་བ་གཞོན་ནུ་བློ་གྲོས་སོགས་ལས་གསང་སྔགས་གསར་རྙིང་དང༌། ཆུའི་དཀའ་ཐུབ་ཀྱི་གདམས་པ་དང༌། མེ་དང་རླུང་གི་སྒོམ་ཐབས་སོགས་མན་ངག་དུ་མ་གསན་ནས་ལོ་མང་རིང་གཅིག་ཏུ་མ་ངེས་པའི་དབེན་གནས་སུ་སྒོམ་སྒྲུབ་ལ་གཞོལ། དེ་ནས་བལ་ཡུལ་དུ་ཕེབས་ནས་བྷ་རོ་མ་ནུ་དྷ་རས་གསེར་དངུལ་སོགས་ཆ་རྐྱེན་དུ་མཛད་ནས་འཕགས་པ་ཤིང་ཀུན་ལ་སྐུ་དཀར་གསོལ་ཞིང༌། བྱ་རུང་ཁ་ཤོར་ལ་ཉམས་གསོ་ལེགས་པོ་མཛད། ལོ་བཅོ་བརྒྱད་ཙང་རིང་བལ་ཡུལ་དང་རྒྱ་གར་ཕྱོགས་འབྱོན་བཞུད་ཀྱིས་རྡོ་རྗེ་གདན་དང༌། ཟངས་གླིང་སོགས་ལ་ཕེབས། གྲུབ་ཐོབ་མང་པོ་ལ་ཆོས་གསན། རྡོ་རྗེ་གདན་དང་ཉེ་བའི་གསང་བ་རྡོ་རྗེ་ཕུག་ཏུ་སྔགས་རྙིང་མའི་གྲུབ་ཐོབ་སྐལ་ལྡན་རྡོ་རྗེ་གྲགས་པ་ཞེས་པ་ལས་རྙིང་མའི་ཆོས་སྐོར་མ་ལུས་པ་གསན། ཉམས་རྟོགས་ཁྱད་པར་ཅན་རྒྱུད་ལ་འཁྲུངས། སླར་བོད་ལ་ཕེབས་ནས་ཟབ་ཆོས་དེ་དག་གཏེར་དུ་སྦས། དེ་ནས་ཡུམ་རྒྱ་གར་ལྷ་མོ་འདས་པའི་གདུང་རུས་ལ་སངས་རྒྱས་བྱང་སེམས་མང་པོའི་ས་པར་བཏབ་ནས་མཆོད་རྟེན་བརྩེགས་པ་དང༌། གསུང་རྟེན་གསེར་བྲིས་ཀྱི་མདོ་སྡུད་པ། སྐུ་རྟེན་ལ་བྲིས་ཐང་བཞེངས་པ་བཅས་ནི་རྟེན་བཞེངས་ཀྱི་ཐོག་མ་ཡིན་གསུངས། རྗེ་འདི་ཉིད་ཀྱིས་རྗེ་བཙུན་རེ་མདའ་བ་དང༌། སླེ་ཁ་བ་ཤེས་རབ་བཟང་པོའི་དྲུང་ནས་གཤིན་རྗེ་གཤེད་དམར་ནག་འཇིགས་གསུམ་གྱི་དབང་དང་དུས་འཁོར་གྱི་དབང་སོགས་དང༌། གཞན་ཡང་སྐྱེས་བུ་དམ་པ་མང་པོའི་དྲུང་ནས་ཟབ་ཆོས་མཐའ་ཡས་པ་གསན་ཅིང༌། དབེན་གནས་རྣམས་སུ་དཀའ་ཐུབ། དུར་ཁྲོད་ལ་སོགས་པའི་གཉན་པའི་རི་ཁྲོད་དུ་མར་གསང་པའི་སྤྱོད་པས་འགྲོ་དོན་མཐའ་ཡས་པ་མཛད། ཐང་སྟོང་རྒྱལ་པའི་ཞེས་མཚན་ཐོག་ཚུལ་ནི༌། ཁྱབ་གདལ་ཆེན་པོའི་ཐང་ཆེན་ན། སྟོང་ཉིད་རྟོགས་པའི་རྣལ་འབྱོར་བ། འཇིག་རྟེན་རྒྱལ་པོ་ལྟ་བུར་བཞུགས། དེ་ཕྱིར་ཐང་སྟོང་རྒྱལ་པོ་ཐོབ། ཅེས་གཙང་རྒྱལ་སྡེའི་ཐང་ཁར་བཞུགས་པའི་དུས་དེ་ནས་ཡོངས་གྲགས་སུ་གྱུར།

ཐེངས་འདིའི《ཐང་སྟོང་རྒྱལ་པོའི་རྣམ་ཐར》ནི། ཁུལ་ཨུ་དང་ཁུལ་སྲིད་གཞུང་རིག་གནས་ཡུལ་སྐོར་འཕེལ་རྒྱས་ལོའི་བྱ་བའི་བཀོད་སྒྲིག་དང་བླང་བྱ་གཞིར་བཟུང་ནས་བསྒྲིགས་པ་རེད། ལོ་ངོ་གཅིག་རིང་ལེགས་པར་བསྒྲིགས་པ་དང་མ་དངུལ་སྒོར་ཁྲི ༡༥༠ བཏང་ཡོད། ཁུལ་རིག་གནས་ཅུས་ཀྱི་བྱེ་བྲག་མཛུབ་སྟོན་འོག་ཏུ། ཁུལ་བོད་རིགས་གླུ་གར་ཁང་གིས་ཁུལ་ཕྱི་ནང་གི་བོད་ཀྱི་རྣམ་ཐར་ཆེད་མཁས་པ་གདན་དྲངས་ཏེ་ཐེངས་མང་པོར་འཁྲབ་གཞུང་ཞིབ་བཤེར་གཏན་འབེབས་གནང་པ་དང་། མཐར་རྣམ་ཐར་ཆེན་མོ་འདི་གར་སྟེགས་སུ་འཁྲབ་སྟོན་བྱ་རྒྱུ་བྱུང་བ་རེད། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ད་ལོའི་ཡུལ་སྐོར་འཕེལ་རྒྱས་ཚོགས་ཆེན་དང་རིག་གནས་ཐོན་ལས་ཚོགས་ཆེན་ཐོག་ཏུ་བཏོན་པའི་རིག་གནས་ཡུལ་སྐོར་གཏིང་ཟབ་པར་མཉམ་འདྲེས་འཕེལ་རྒྱས་གཏང་བར་ཆ་རྐྱེན་བསྐྲུན་ཞིང་རྨང་གཞི་བཟང་པོ་བཏིང་།

རྣམ་ཐར་ནི་ཀན་ལྷོ་ཁུལ་ཀྱི་རྒྱལ་ཁབ་རིམ་པའི་མངོན་མིན་ཤུལ་བཞག་རིག་གནས་ཀྱི་སྲུང་སྐྱོབ་བྱ་ཡུལ་བརྒྱད་ཀྱི་གྲས་ཤིག་ཡིན། 《ཐང་སྟོང་རྒྱལ་པོ》ནི་ཀན་ལྷོ་ཁུལ་དབུ་བརྙེས་པ་ནས་བཟུང་རང་ས་ནས་འཁྲབ་གཞུང་བསྒྲིགས་པ་དང་འཁྲབ་སྟོན་བཀོད་སྒྲིག རང་ས་ནས་ལེགས་འགྲུབ་བྱུང་བའི་རྣམ་ཐར་ཞིག་ཡིན། དེས་བརྗོད་གཞི་གལ་ཆེའི་འཁྲབ་གཞུང་བརྩམས་པ་དང་བོད་ཀྱི་རྣམ་ཐར་བསྒྲིགས་སྲོལ་རང་ས་ཅན་དུ་འགྱུར་བའི་ཐོག་མ་ཡིན་ལ། ཀན་ལྷོ་ཁུལ་རྒྱལ་ཁབ་རིམ་པའི་མངོན་མིན་ཤུལ་བཞག་རིག་གནས་ལས་རྣམ་ཐར་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོབ། འཕེལ་རྒྱས་བཅས་ཐད་ཀྱི་དོན་བཟང་གལ་ཆེན་ཡང་ཡིན། མིག་སྔར་རྣམ་ཐར་འཁྲབ་སྟོན་སྡེ་ཁག ༣༠ ལྷག་ཁུལ་ཡོངས་ཀྱི་ཞིང་འབྲོག་ས་ཆར་ཁྱབ་ཡོད་པ་དང་། རིག་གནས་སྒྱུ་རྩལ་ཚོགས་པ་འདི་དག་ནི་དམངས་ཁྲོད་དུ་སྔ་མོ་ནས་དགའ་ཕྱོགས་ལྟར་གྲུབ་པའི་རིག་རྩལ་འཁྲབ་སྟོན་ཚོགས་པ་ཡིན་པ་དང་། ཁོ་ཚོས་ཡུལ་གང་དེའི་ཞིང་འབྲོག་མི་དམངས་ཀྱི་བསམ་བློའི་རིག་གནས་དང་འཚོ་བ་ཕུན་སུམ་ཚོགས་པར་གཏོང་བའི་ཐད་འགྲན་ཟླ་བྲལ་བའི་ནུས་པ་ཐོན་ཡོད།

འཁྲབ་སྟོན་མཇུག་རྫོགས་རྗེས་ཁུལ་གྱི་འགོ་ཁྲིད་ཡུས་ཁྲེང་ཧུའེ། ཨན་ཅིན་ལུང་། ཀྲའོ་ལིན་ཡུན་སོགས་གར་སྟེགས་སུ་ཕེབས་ཏེ་འཁྲབ་སྟོན་པ་ཡོངས་དང་ལག་འཇུ་གནང་ཞིང་མཉམ་པར་བརྒྱབ།

མ་དངུལ་དམངས་སྒོར་ཁྲི ༡༥༠ ལྷག་བཏང་ཞིང་། དུས་ཡུན་ལོ་ངོ་གཅིག་རིང་བསྒྲིགས་པའི་རྣམ་ཐར་ཆེན་མོ《ཐང་སྟོང་རྒྱལ་པོ》འཁྲབ་སྟོན་དངོས་སུ་བྱས།

མ་དངུལ་དམངས་སྒོར་ཁྲི ༡༥༠ ལྷག་བཏང་ཞིང་། དུས་ཡུན་ལོ་ངོ་གཅིག་རིང་བསྒྲིགས་པའི་རྣམ་ཐར་ཆེན་མོ《ཐང་སྟོང་རྒྱལ་པོ》འཁྲབ་སྟོན་དངོས་སུ་བྱས།

མ་དངུལ་དམངས་སྒོར་ཁྲི ༡༥༠ ལྷག་བཏང་ཞིང་། དུས་ཡུན་ལོ་ངོ་གཅིག་རིང་བསྒྲིགས་པའི་རྣམ་ཐར་ཆེན་མོ《ཐང་སྟོང་རྒྱལ་པོ》འཁྲབ་སྟོན་དངོས་སུ་བྱས།

མ་དངུལ་དམངས་སྒོར་ཁྲི ༡༥༠ ལྷག་བཏང་ཞིང་། དུས་ཡུན་ལོ་ངོ་གཅིག་རིང་བསྒྲིགས་པའི་རྣམ་ཐར་ཆེན་མོ《ཐང་སྟོང་རྒྱལ་པོ》འཁྲབ་སྟོན་དངོས་སུ་བྱས།

མ་དངུལ་དམངས་སྒོར་ཁྲི ༡༥༠ ལྷག་བཏང་ཞིང་། དུས་ཡུན་ལོ་ངོ་གཅིག་རིང་བསྒྲིགས་པའི་རྣམ་ཐར་ཆེན་མོ《ཐང་སྟོང་རྒྱལ་པོ》འཁྲབ་སྟོན་དངོས་སུ་བྱས།

ཟློས་གར་ཁང་ནང་གི་ཟུར་གཅིག

ཁ་བྱང་ཕྱི་མོ། ཐང་སྟོང་རྒྱལ་བོའི་རྣམ་ཐར་ཀན་ལྷོའི་ཟློས་གར་ཁང་ཆེན་མོ་ནས་འཁྲབ་སྟོན་བྱས།

རྩོམ་འགན་པ། སྒྲོལ་ཚེ།

 

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060