སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
བུད་མེད་ཀྱི་འདྲ་པར་དངུལ་ལོར་བཀོད་ཡོད་པའི་རྒྱལ་ཁབ་བཅུ།
སྤེལ་དུས། 2015-07-02   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  སྒྲོལ་མ།

འདྲ་པར་དངུལ་ལོར་བཀོད་པ་ནི་གཟི་བརྗིད་ཅིག་ཏུ་བརྩིས་ཆོག  ཡང་དུས་རྟག་ཏུ་སྐྱེས་པའི་འདྲ་པར་དངུལ་ལོར་མང་དུ་འགོད་པ་ཡིན་རུང་།  ཕོ་མོ་འདྲ་མཉམ་གྱི་བསམ་བློ་རབ་ཏུ་དར་བའི་དེང་གི་དུས་འདིར།  རྒྱལ་ཁབ་གང་མང་ཅིག་གིས་བུད་མེད་ཀྱི་འདྲ་པར་དངུལ་ལོར་འགོད་བཞིན་པ་དང་།  མིང་བྱང་དང་འདྲ་བར་འཛམ་གླིང་ལ་རང་རྒྱལ་ཁབ་ཀྱི་རིག་གནས་དང་ལོ་རྒྱུས་ངོ་སྤྲོད་བྱེད་བཞིན་འདུག  དབྱིན་ཇི་རྒྱལ་རྒྱུད་ཀྱིས་རྒྱལ་མོ་དབྱི་ལི་ཧྲ་པེ་སྐུ་ཕྲེང་གཉིས་པའི་འདྲ་པར་དབྱིན་ཕོང ༥ ཅན་དང་།  ༡༠ ཅན།  ༢༠ ཅན་གྱི་སྟེང་དུ་བཀོད་ཡོད་ལ།  གཞན་སྤྱི་ཚོགས་བཅོས་སྒྱུར་མཁན་དབྱི་ལི་ཧྲ་པེ་ཧྥུ་ལེ་དང་།  རྩོམ་པ་པོ་གྲགས་ཅན་ཅེན་ཨོ་སི་ཐིན(Jane Austen)  སྒྲོན་འཛིན་ལྷ་མོ་ནཱེ་ཐིན་ཀེར་ལཱ(Nightingale)བཅས་ཀྱི་འདྲ་པར་ཡང་བཀོད་མྱོང་། 

བུད་མེད་ཁྲོད་རྒྱལ་ཁབ་ཀྱི་འགོ་ཁྲིད་དང་ཆབ་སྲིད་པ་ཡིན་ཚེ་ད་གཟོད་དངུལ་ལོར་འགོད་པ་ནི་མ་ཡིན་པར།  ལས་རིགས་གང་རུང་ཞིག་ཏུ་ལག་རྗེས་མི་དམན་པ་བཞག་ཡོད་པའི་བུད་མེད་ཡིན་ཕྱིན།  དེའི་འདྲ་པར་དངུལ་ལོར་འགོད་སྲིད།  དཔེར་ན།  སི་ཝེས་དན་གྱིས་རྒྱལ་ཁབ་ཀྱི་ཧའོ་ལེ་ཝུའུ(Hollywood)ཡི་འཁྲབ་སྟོན་པ་གྲགས་ཅན་ཀེ་རེ་ཐཱ་ཀའར་པའོ(Greta Garbo) ཁ་རོན ༡༠༠ ཅན་གྱི་སྟེང་དང་།  གླུ་དབྱངས་ལེན་མཁན་ཅེ་ཐི་ནེ་སིན(Birgit Nilsson) ཁ་རོན ༥༠༠ ཅན་གྱི་སྟེང་དུ་བཀོད་མྱོང་། 

ཧྥི་ལི་ཕིན་གྱི་དམངས་གཙོའི་ཡབ་ཆེན་དུ་འབོད་པའི་པཱེ་ནེ་ཀེར་ནོ་ཨ་ཅི་ནུའོ་ལྐོག་གསོད་བྱས་རྗེས།  ཁོའི་ཆུང་མ་ཁི་ལ་སུང་ཨ་ཅི་ནུའོ་ནི་ཧྥི་ལི་ཕིན་གྱི་བུད་མེད་ཙུང་ཐུང་དང་པོ་དང་།  དུས་མཚུངས་སུ་ཡ་གླིང་གི་བུད་མེད་ཙུང་ཐུང་དང་པོར་གྱུར་ལ།  དེར་རྗེས་དྲན་བྱེད་ཆེད།  ༢༠༠༩ ལོར།  ལྕམ་མོ་ཨ་ཅི་ནུའོ་ཡི་འདྲ་པར་ཕེ་སོ ༥༠༠ ཅན་གྱི་སྟེང་དུ་བཀོད་པ་རེད། 

གལ་ཏེ་དངུལ་ལོ་ཚད་གཞིར་བཟུང་ནས་རྒྱལ་ཁབ་ཅིག་གི་ཕོ་མོ་འདྲ་མཉམ་གྱི་གནས་སྟངས་ལ་དཔྱད་ན།  ཨོ་སི་ཐྲ་ལི་ཡ་ནི་དེའི་ཐད་ཀྱི་ལས་བསྒྲུབ་མཛད་པ་ཆེས་ལེགས་པའི་རྒྱལ་ཁབ་དེ་ཡིན།  ཨོ་སྒོར་ཚང་མ་ལས་ཕོ་མོ་འདྲ་མཉམ་ཡིན་པ་གསལ་བོར་མཚོན་ཐུབ་ལ།  ངོས་གཅིག་ཏུ་བུད་མེད་ཀྱི་འདྲ་བཀོད་ཡོད་པ་དང་།  ངོས་གཞན་དེར་སྐྱེས་པའི་འདྲ་བཀོད་ཡོད།  ང་ཚོས་ཨོ་སྒོར་ལས་དབྱིན་ཇིའི་རྒྱལ་མོ་དབྱི་ལི་ཧྲ་པེ་སྐུ་ཕྲེང་གཉིས་པ(ཨོ་སྒོར ༢ ཅན་གྱི་སྟེང་བཀོད་པ)དང་།  རྩོམ་པ་པོ་མཱེ་རེས་ཅེའར་མའོ(ཨོ་སྒོར ༡༠ ཅན་གྱི་སྟེང་བཀོད་པ)།  ཚོང་བ་མཱེ་རེས་རེ་པེ(ཨོ་སྒོར ༢༠ ཅན་གྱི་སྟེང་བཀོད་པ)།  སྤྱི་ཚོགས་བྱ་བ་བསྒྲུབ་མཁན་ཨེ་ཏི་སི་ཁི་ཝུན(ཨོ་སྒོར ༥༠ ཅན་གྱི་སྟེང་བཀོད་པ)།  གླུ་དབྱངས་ལེན་མཁན་ནཱེའར་སིན་མཱེའར་པཱ(ཨོ་སྒོར ༡༠༠ ཅན་གྱི་སྟེང་བཀོད་པ)བཅས་ཨོ་སི་ཐྲ་ལི་ཡའི་སྤྱི་ཚོགས་ཀྱི་ལས་རིགས་སོ་སོ་ནས་ཐོན་པའི་བུད་མེད་མིང་གྲགས་ཅན་གྱི་འདྲ་པར་བཀོད་ཡོད་པ་མཐོང་ཐུབ།

ཨི་ཟི་རེལ་དངུལ་ཁང་གིས།  ཉེ་ལམ་འགྲེམ་སྤེལ་བྱ་རྒྱུའི་ཞེ་ཁིལ་གསར་བ ༢༠ ཅན་དེའི་སྟེང་བུད་མེད་སྙན་ངག་པ་ལའེ་ཆེའར་དང་།  ༡༠༠ ཅན་གྱི་སྟེང་བུད་མེད་སྙན་ངག་པ་ལཱེ་ཡ་ཀེར་ཏི་པའོ་ཡི་འདྲ་འགོད་རྒྱུ་ཡིན་པ་བསྒྲགས།

ཨ་གིན་ཐིན་གྱི"ལྕམ་མོ་དང་པོ"སྔོན་མ་ཨེ་ཝེ་ཐཱ་ཝེ་རོང(Evita Veron)ཚེ་ལས་མ་འདས་གོང་།  ཨ་གིན་ཐིན་གྱི"ལྕམ་མོ་དང་པོ"ཡི་ཐེབས་རྩ་ཚོགས་པ་དང་དབུལ་སྐྱོབ་ལྟེ་གནས་བཙུགས་ནས།  ཨ་གིན་ཐིན་གྱི་བུད་མེད་ལ་འདེམས་ཤོག་འཕེན་པ་སོགས་ཀྱི་དབང་ཆ་རབ་དང་རིམ་པ་བརྩོན་ལེན་བྱས་པས།  རྒྱལ་དམངས་ཀྱིས"རྒྱལ་ཡུམ"ཞེས་བརྩེ་བའི་ངང་བོས་ལ།  ༢༠༡༣ ལོར།  ཁོ་མོར་གུས་བཀུར་ཞུ་ཆེད།  ཕེ་སོའི་དངུལ་ཐང་ཆེས་མཐོ་བ་དེའི་སྟེང་མོའི་འདྲ་པར་བཀོད།  འདྲ་པར་འདི་ནི་ཨ་གིན་ཐིན་གྱི་ཙུང་ཐུང་ཁི་རེ་སི་ཐེ་ནཱ་དངུལ་ལོ་གསར་བ་འགྲེམ་པའི་མཛད་སྒོའི་སྟེང་ཡོད་པའི་རྣམ་པ་རེད།

བུད་མེད་གཉིས་མེག་སི་ཁོའི་དངུལ་ལོར་བཀོད་ཡོད་པ་ལས།  ཕེ་སོ ༢༠༠ ཅན་སྟེང་བཀོད་ཡོད་པ་ནི་དུས་རབས ༡༧ པའི་རྩོམ་པ་པོ་སོའར་ཧོའན་ནཱ་ཡེ་ནེ་སི་ཏེ་ལཱ་ཁི་ལུའུ་ཟི་དང་།  མོ་ནི་དུས་རབས ༡༧ པའི་དུས་སྨད་ཀྱི་མེ་གླིང་མི་སེར་སྤེལ་ཡུལ་རྩོམ་རིག་ལས་རིགས་ཁྲོད་ཀྱི་སྙན་ངག་པ་གྲགས་ཅན་ཞིག་རེད།  ཕེ་སོ ༥༠༠ ཅན་སྟེང་བཀོད་ཡོད་པ་ནི་སྒྱུ་རྩལ་བ་གྲགས་ཅན་ཧྥུ་ལེ་ཏཱ་ཁ་ལོ་དང་།  མོ་ནི་མེག་སི་ཁོའི་ལོ་རྒྱུས་སྟེང་ཀུན་གྱིས་གུས་བཀུར་ཚད་མེད་བྱེད་པའི་རི་མོ་མཁན་ཞིག་ཡིན།

ནིའུ་ཟེ་ལན་ནི་སྔོན་ཆད་དབྱིན་ཇིའི་མི་སེར་སྤེལ་ཡུལ་ཡིན་པས།  ནིའུ་ཟེ་ལན་གྱི་ངྷོ་ལར ༢༠ ཅན་སྟེང་དབྱི་ལི་ཧྲ་པེ་སྐུ་ཕྲེང་གཉིས་པའི་འདྲ་པར་བཀོད་པ་ནི་འོས་མཐུན་ཞིག་རེད།

ཏུར་ཁེའི་ལི་ར ༥༠ ཅན་གྱི་དངུལ་ལོའི་སྟེང་།  ཁོ་ཚོའི་རྒྱལ་ཁབ་ཀྱི་བརྩམས་སྒྲུང་མཁན་གྲགས་ཅན་དང་།  བུད་མེད་ཁེ་དབང་འགན་ལེན་འགོ་གཙོ་ཧྥ་ཐེ་མཱ་ཐའོ་ཕུའུ་ཙི་ཡི་འདྲ་པར་བཀོད་འདུག

སི་རི་ཡའི་ཕོང་ད ༥༠༠ ཅན་སྟེང་།  སྤྱི་ལོ་དུས་རབས ༣ པའི་དུས་ཀྱི་གནའ་རབས་སི་རི་ཡའི་རྒྱལ་རབས་པཱའར་མེ་ལཱའི་རྒྱལ་མོ་སི་ནུའོ་པེ་ཡའི་འདྲ་པར་བཀོད་འདུག

རྩོམ་འགན་པ། སྒྲོལ་ཚེ།

 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་བཀོད་པའི་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ལ་དབང་བས་
ཕན་ཚུན་དབང་བཅོལ་དང་གྲོས་མོལ་མ་བྱས་གོང་སུ་ཞིག་གིས་ཀྱང་བཀོལ་སྤྱོད་བྱས་མི་ཆོག་པ་དགོངས་འཇགས་ཞུའོ།།

E-Mail:Tict@tibet.cn
ཁ་པར།:8610-58336060