སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
《རྒྱུན་བུ་སྟེང་གི་རྣམ་ཤེས》་ཞེས་པའི་གློག་བརྙན་དང་འབྲེལ་བའི་བྱེད་སྒོ་ལྷ་ས་ནས་ཐོག་མར་སྤེལ་ཡོད་པ།
སྤེལ་དུས། 2017-07-27   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  རྒྱལ་མཚན་གྱིས་བསྒྱུར།
《རྒྱུན་བུ་སྟེང་གི་རྣམ་ཤེས》་ཞེས་པའི་གློག་བརྙན་གྱི་འདྲ་པར།
          བོད་ཀྱི་གནས་མཇལ་བརྗོད་གཞི་བྱས་ཡོད་པའི་《གངས་རིན་པོ་ཆེ》་ཞེས་པའི་གློག་བརྙན་ད་དུང་བྲིན་སྟོན་གནང་བཞིན་ཡོད་པ་དང་། ཉེ་ལམ་གློག་བརྙན་འདིའི་འཁྲབ་ཁྲིད་པ་ཀྲང་དབྱང་གིས་གློག་བརྙན་གྱི་འཁྲབ་གཞུང་རྩོམ་པ་པོ་སྟེ་བོད་རང་སྐྱོང་རྩོམ་རིག་ལྷན་ཚོགས་ཀྱི་ཀྲུའུ་ཞི་བཀྲ་ཤིས་ཟླ་བ་དང་། པར་བསྐྲུན་གནང་མཁན་ལུའུ་ཝེ། ལག་བསྟར་སྒྲིག་བཟོ་བ་ཁྲེན་གོང་དང་བོད་རིགས་འཁྲབ་སྟོན་པ་བཀྲ་ཤིས་དོན་གྲུབ། ཆོས་ཉི་ཚེ་རིང་། བསོད་ནམས་ཉི་མ། དགེ་འདུན་ཕུན་ཚོགས་སོགས་ཀྱི་གྲུབ་པའི་གཙོ་བསྐྲུན་པ་རྣམས་ཀྱིས་《གངས་རིན་པོ་ཆེ》་ཞེས་པའི་གློག་བརྙན་དང་མཆེད་མར་གྱུར་ཡོད་པའི་《རྒྱུན་བུ་སྟེང་གི་རྣམ་ཤེས》་ཞེས་པའི་གློག་བརྙན་དང་འབྲེལ་བའི་བྱེད་སྒོ་སྤེལ་ཡོད་པ་རེད།

《རྒྱུན་བུ་སྟེང་གི་རྣམ་ཤེས》་ཞེས་པའི་གློག་བརྙན་གྱི་འདྲ་པར།
          གློག་བརྙན་འདི་ནི་བོད་ལྗོངས་ཀྱི་མིང་དུ་གྲགས་པའི་རྩོམ་པ་པོ་བཀྲ་ཤིས་ཟླ་བ་ལགས་ཀྱི་བརྩམས་སྒྲུང་འབྲིང་བ་གཉིས་ཡོད་པ་ལས། 《བོད་ལྗོངས། རྒྱུན་བུའི་མདུད་པར་བརྒྱུས་པའི་རྣམ་ཤེས》་ཞེས་པ་དང་། 《ལྷ་སར་འགྲོ་བའི་ལམ་བར་དུ》་ཞེས་པ་གཉིས་གཞིར་བཟུང་ནས་བསྒྲིགས་པ་ཡིན། གློག་བརྙན་ནང་དུ་རྟེན་རྫས་རིན་པོ་ཆེ་གཟི་དེ་སློབ་དཔོན་པདྨ་འབྱུང་གནས་ལགས་ཀྱི་ལག་རིས་ཡོད་སར་སྐྱེལ་བའི་གཏམ་རྒྱུད་ཅིག་ཡིན་ཞིང་། དེར་ནུབ་རྒྱུད་གཞུང་ལམ་དང་དངོས་ཡོད་སྒྱུ་འཕྲུལ་རིང་ལུགས་ཀྱི་ཁྱད་ཆོས་གཉིས་ལྡན་པ་དང་། འཁོན་ལན་སློག་པ་དང་བརྩེ་དུང་། གནས་མཇལ་སོགས་ཀྱི་གཏམ་རྒྱུད་ཀྱི་རྒྱུ་ཆ་མཉམ་བསྲེས་གནང་ཡོད་པ་ཞིག་ཡིན། 
          གློག་བརྙན་འདིའི་ནང་གི་བརྒྱ་ཆའི་༩༠ཡན་གྱི་མཛེས་ལྗོངས་ནི་བོད་ཁུལ་གྱི་མི་མེད་ལུང་སྟོང་གི་བྱེ་ཐང་དང་ནགས་ཚལ། གནས་རི། བླ་མཚོ་སོགས་ལས་ཐོན་པ་ཡིན་ཞིང་། ཁྱད་དུ་འཕགས་པའི་མཐོང་ཚོར་ལ་ཧྲང་ཧའེ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྟེང་བརྙན་བླངས་པ་ཆེས་ལེགས་པའི་བྱ་དགའ་ཆེན་མོ་ཐོབ་ཡོད་པ་རེད།

འཁྲབ་ཁྲིད་པ་ཀྲང་དབྱང་དང་འཁྲབ་གཞུང་རྩོམ་པ་པོ་བཀྲ་ཤིས་ཟླ་བ་སོགས་ཀྱིས་གསར་རྩོམ་གྱི་ཉམས་མྱོང་གླེང་བཞིན་པའི་ཚུལ།

གློག་བརྙན་གྱི་འཁྲབ་ཁྲིད་པ་ཀྲང་དབྱང་དང་གློག་བརྙན་གཙོ་འཁྲབ་པ་རྣམས་ཀྱི་མཉམ་པར།
          ཤེས་གསལ་ལྟར་ན། ཟླ་༨པའི་ཚེས་༤ཉིན་གློག་བརྙན་འདི་རྒྱལ་ཡོངས་སུ་སྟོན་གྲབས་ཡོད་པ་རེད།
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716