སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
ལྷ་སར་“བརྒྱད་གཅིག་”བསུ་བའི་རིག་རྩལ་འཁྲབ་སྟོན་བྱས།
སྤེལ་དུས། 2017-08-01   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ།  བྱམས་པས་བསྒྱུར།
         
          ཀྲུང་གོ་བོད་ལྗོངས་དྲ་བའི་གསར་འགྱུར། ལོ་ངོ་90ཡི་སྔོན་དུ་ནན་ཁྲང་འོས་ལངས་ཀྱི་མདའ་སྐད་དང་པོ་གྲགས་པ་ནས་ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་དབུ་བརྙེས་པ་ཁྱབ་བསྒྲགས་གནང་བ་རེད། ལོ་ངོ་90འགོར་རྗེས་ཀྱི་ད་ལྟ་མི་དམངས་བཅིངས་འགྲོལ་དམག་ནི་འཛམ་གླིང་ཐོག་སྐད་གྲགས་ཆེ་བའི་དམག་དཔུང་སྟོབས་ཆེན་ཞིག་ཏུ་གྱུར་ཡོད། ཟླ་7ཚེས་28ཉིན་གྱི་ཕྱི་དྲོར། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་ངོ་90འཁོར་བར་ལྷ་ས་གྲོང་ཁྱེར་གྱིས་“བརྒྱད་གཅིག་”དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་དམག་དམངས་བརྩེ་དུང་ཟབ། ལྷ་སའི་ཕུགས་མདུན་མཉམ་དུ་བསྐྲུན་ཅེས་པའི་རིག་རྩལ་འཁྲབ་སྟོན་དེ་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་དུ་འཁྲབ་སྟོན་བྱས།

          བོད་ལྗོངས་དམག་ཁུལ་ཁང་གི་རིག་རྩལ་ཚོགས་པ་དང་མཁའ་དམག་ལྷ་སའི་རྟེན་གནས། བོད་ལྗོངས་སྤྱི་བདེ་མཐའ་སྲུང་དཔུང་སྡེ། དྲག་ཆས་ཉེན་རྟོག་བོད་ལྗོངས་ནགས་ཚལ་སྤྱི་ཁྱབ་རུ་ཁག་སོགས་ཚན་པ་ཁག་ནས་ཐོན་པའི་གངས་ལྗོངས་དཔའ་བོ་ཚོས་བོད་ལྭ་གྱོན་ཞིང་། ཡང་ན་དམག་ལྭ་གྱོན་ཏེ་མེས་རྒྱལ་གྱི་མཛེས་ལྗོངས་ལ་བསྟོད་གླུ་དང་དམག་མིའི་དཔའ་གླུས་བར་སྣང་ཁེངས།

          དཀའ་ཚེགས་ཆེ་བའི་ལོ་ཟླའི་ནང་གཞས་གཅིག་གིས་མི་རྣམས་ཀྱི་གསར་བརྗེའི་སྤྲོ་སེམས་རབ་ཏུ་འཕེལ་ཡོད་པ་དང་འཐབ་འཛིང་བར་ངར་ཤུགས་སྦྱིན་ཐུབ། ཞི་བདེའི་དུས་རབས་སུ་གཞས་གཅིག་གིས་ང་ཚོར་ཧུར་བརྩོན་རྒྱལ་སྐྱོང་དང་བློ་སྟོབས་ཆེན་པོས་མདུན་བསྐྱོད་བྱེད་པར་སྐུལ་མ་ཐེབས། པར་རིས་ནི་མཁའ་དམག་ལྷ་སའི་རྟེན་གནས་ཀྱི་གླུ་དབྱངས་མཉམ་ལེན་ཆེན་པོ་《མདའ་སྦྱོང་ནས་ཕྱིར་སླེབས་པ།》

          པར་རིས་ནི་ལྷ་ས་གྲོང་ཁྱེར་གླུ་གར་ཚོགས་པའི་བོད་རིགས་ཞབས་བྲོ་《གནས་མཆོག་གི་གུས་གླུ།》  རོལ་དབྱངས་མཉེན་ལྕུག་ལྡན་ལ་སྙན་ཞིང་འཇེབས། མཉེན་ཞིང་སྒེག་པའི་གར་ཉམས་དང་སྐད་ངག་དོད་པའི་དབྱངས་ཀྱིས་གངས་ལྗོངས་སྐྱེས་མའི་ཁྱད་དུ་འཕགས་པའི་ཉམས་འགྱུར་མངོན་ཡོད།

པར་རིས་ནི་ལྷ་ས་གྲོང་ཁྱེར་གླུ་གར་ཚོགས་པས་བོད་རིགས་ཞབས་བྲོ་《གནས་མཆོག་གི་གུས་གླུ།》
          བོད་རིགས་མི་དམངས་ལ་གུས་སྲོལ་བླ་ན་མེད་པ་ཡོད་པ་ནི་ཁ་བཏགས་ཆེས་གཅེས་སུ་འོས་པ་དང་ཆེས་བཀུར་འོས་པའི་མིར་ཕུལ་བ་ཡིན། པར་རིས་ནི་77561དཔུང་སྡེའི་རབ་སངས་དཔའ་ལྡན་གྱི་ཁེར་གཞས་《ཁ་བཏགས།》   ཁོས་ལྷད་མེད་ཀྱི་གླུ་སྒྲས་བཀྲ་ཤིས་པའི་ཁ་བཏགས་མེས་རྒྱལ་ལ་ཕུལ་ཞིང་། གངས་ལྗོངས་ས་མཐོར་བཅའ་སྲུང་བྱེད་བཞིན་པའི་འཐབ་མོ་བར་ཕུལ།

          དམག་དར་གྱི་སྣེ་ཁྲིད་དང་དམག་དུང་གིས་ངར་ཤུགས་བསྩལ་བའི་དམག་དཔུང་གི་འཚོ་བའི་ཁྲོད་དམག་མི་རྣམས་ལ་ལྷག་བསམ་ཟོལ་མེད་དང་ཁ་ཞེ་གཉིས་མེད་ཀྱི་སྦྱོང་བརྡར་ཐོབ། པར་རིས་ནི་དྲག་ཆས་ཉེན་རྟོག་ལྷ་ས་གྲོང་ཁྱེར་ཉིང་ལག་རུ་ཁག་གི་གླུ་བྲོ་《ང་ཡོད་པས།》

          བརྗིད་ཆགས་ཀྱི་རི་ཀླུང་སྙན་ངག་གི་སྨྱུ་གུ་སྤྲུལ་ནས་འོད་ཟེར་ལྡན་པའི་ཀྲུང་གོའི་མདུན་ལམ་འབྲི། ཏང་ནི་ངའི་ཨ་མ་ཡིན། སྐད་གསེང་མཐོན་པོས་གླུ་ཞིག་བླངས་ནས་ཏང་ལ་འབུལ། པར་རིས་ནི་77561དམག་དཔུང་གི་ཞབས་བྲོ་《སླར་ཡང་གླུ་ཞིག་བླངས་ནས་ཏང་ལ་འབུལ།》

          དྭངས་གཙང་གི་ཁ་བཏགས་དཀར་པོ་དགུང་ལ་བཏེགས་ཞིང་། ནས་ཆང་སྔོན་མོས་བརྩེ་བ་ཟབ་མོ་ས་གཞིར་བསྐྲུན། གདངས་དོད་པའི་རོལ་དབྱངས་དང་ལྡོངས་ནས་ཞབས་བྲོའི་སྟངས་སྟངས་འཁྱུག་འཁྱུག་བྱེད། ནམ་ཡང་བདེ་སྐྱིད་ལྡན་པར་བཀྲ་ཤིས་སྨོན་ལམ་བཏབ། པར་རིས་ནི་དྲག་ཆས་ཉེན་རྟོག་ལྷ་ས་གྲོང་ཁྱེར་ཉིང་ལག་རུ་ཁག་གི་དཔོན་དམག་ཚོའི་ཞབས་བྲོ་《བཀྲ་ཤིས་སྨོན་འདུན།》

འཁྲབ་སྟོན་རྒྱལ་ཁའི་ངང་མཇུག་འགྲིལ་རྗེས་འཁྲབ་སྟོན་པའི་དཔོན་དམག་ཚོས་མཉམ་དུ་བཀའ་དྲིན་ཞུས།
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716