སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
དམག་འཛུགས་མཛད་མཆོག་ཅེས་པའི་གློག་བརྙན་གྱི་བོད་སྐད་པར་ཕུད་སྟོན་པའི་མཛད་སྒོ་ལྷ་སར་འཚོགས་པ།
སྤེལ་དུས། 2017-08-01   ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ།  ཀླུ་མོ་མཚོས་བསྒྲིགས།

          ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་ངོ90འཁོར་བར་བསྟོད་གླུ་འབུལ་རྒྱུ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པར་བསུ་བ་ཞུ་ཆེད།  བོད་ལྗོངས་གློག་བརྙན་ཀུང་སིས་བསྒྱུར་བཟོ་བྱས་པའི་དམག་འཛུགས་མཛད་མཆོག་ཅེས་པའི་བོད་སྐད་པར་གཞིའི་ཕུད་སྟོན་མཛད་སྒོ་སྤྱི་ཟླ7འི་ཚེས28ཉིན་གྱི་སྔ་དྲོའི་ཆུ་ཚོད10པར་གཟབ་རྒྱས་ངང་ལྷ་སར་འཚོགས་པ་དང་།  དེ་ནི་ཕུལ་བྱུང་གི་གློག་བརྙན་པར་གཞི་གཅིག་བོད་རྒྱ་སྐད་རིགས་གཉིས་ཀྱི་ཐོག་ནས་དུས་གཅིག་ཏུ་ཕུད་སྟོན་བྱེད་ཐེངས་ཐོག་མ་དེ་ཡིན།


ཕུལ་བྱུང་གློག་བརྙན་ཐོག་མ་དེར། གཟིགས་མོ་བ་ཡི་ཡིད་དབང་འཕྲོག
          བོད་རང་སྐྱོང་ལྗོངས་བོད་སྐད་གློག་བརྙན་བསྒྱུར་བཟོ་ལྟེ་གནས་ཀྱིས་བསྒྱུར་བཟོའི་ཁྲོད་ཀྱི་སྒྲ་སྦྱོར་དང་སྒྲ་འཇུག  དེ་བཞིན་སྒྲིག་བཟོ་བཅས་ཀྱི་ལས་ཀའི་འགན་བཞེས་གནང་ཡོད།  ཐེངས་འདིའི་བོད་སྐད་པར་གཞིའི་གློག་བརྙན་དམག་འཛུགས་མཛད་མཆོག་ཅེས་པ་འདིར་སྒྲ་སྦྱོར་མི་སྣ་ཚོས་གསོན་ཉམས་ལྡན་ལ་ཡིད་དབང་འཕྲོག་པའི་སྒྲ་སྦྱོར་སྒྱུ་རྩལ་ལ་བརྟེན་ནས་རྒྱ་སྐད་པར་གཞིའི་གཏམ་རྒྱུད་ཀྱི་སྙིང་བཅུད་ཧྲིལ་པོ་མངོན་སུམ་དུ་མཚོན་པར་བྱས་ཡོད་ལ།  རང་རྒྱལ་གྱི་དམག་དཔུང་འཛུགས་སྐྱོང་བྱས་པའི་ངོ་མཚར་ལོ་རྒྱུས་མངོན་ཐུབ་པར་བྱས་ཡོད། །
བསྒྱུར་བཟོའི་བརྒྱུད་རིམ་གླེང་ཞོར་དུ། གློག་བརྙན་དེ་ཡི་དོན་སྙིང་སྟོན།
ཚོགས་པའི་སྙིང་སྟོབས་དར་སྤེལ་བཏང་། ཕུལ་བྱུང་བརྩམས་ཆོས་སྟོན་མོར་བཤམས།
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716