སློབ་གསོ།         སྐད་ཡིག         རྩོམ་རིག        ཆོས་ལུགས།        སྒྱུ་རྩལ།        གསོ་རིག        དམངས་སྲོལ།        དཔེ་དེབ།         སྒྲ་བརྙན།        པར་མཛོད།         གློག་རྡུལ་དུས་དེབ།         དྲི་བ་འདོན་ས།       
 
 
ཡུལ་ཤུལ་གྱི་བྲག་རྐོས་རི་མོའི་རྒྱལ་སྤྱིའི་གླེང་སྟེགས་ཟི་ལིང་དུ་འཚོགས་པ།
སྤེལ་དུས། 2017-08-07   ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ།  རྡོ་རྗེས་བསྒྲིགས།

          ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་8ཚེས་1ཉིན། མཚོ་སྔོན་ཞིང་ཆེན་རིག་དངོས་དོ་དམ་ཅུས་དང་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་རིག་གནས་ལུས་རྩལ་ཅུས། ཀྲུང་གོ་བྲག་རིས་ཞིབ་འཇུག་ལྟེ་གནས་བཅས་ཀྱིས་ཐུན་མོང་དུ་གཙོ་སྐྱོང་གནང་ནས"ཡུལ་ཤུལ་གྱི་བྲག་རྐོས་རི་མོའི་བགྲོ་གླེང"ཞེས་པ་མཚོ་སྔོན་ཞིང་ཆེན་དཔེ་མཛོད་ཁང་དུ་འཚོགས་པ་རེད། 
          བྲག་རྐོས་རི་མོ་ནི་བྲག་ལ་བརྐོས་པའི་རིག་གནས་ཤིག་ཡིན་པ་དང་། མིའི་རིགས་ཀྱི་གདོད་མའི་སྤྱི་ཚོགས་འཕེལ་རྒྱས་ཀྱི་གོ་རིམ་ཁྲོད་དུ། མིའི་རིགས་ཀྱི་སྔོན་བྱོན་གྱི་མེས་པོ་ཚོས་ཐོག་མར་རྡོ་ཆས་དེ་ཁྱིམ་ཆས་བྱས་ནས། རྩུབ་ལ་བགས་ཆགས་ཤིང་། རང་བྱུང་གི་ཐབས་ཤེས་བེད་སྤྱད་དེ་རི་མོ་བྲག་ངོས་སུ་བརྐོས་ནས། ཁོང་ཚོའི་ཐོན་སྐྱེད་ཐབས་ཤེས་དང་འཚོ་བའི་ནང་དོན་ཞིབ་བརྗོད་བྱས་ཡོད་པ་རེད། དེ་ནི་མིའི་རིགས་སྤྱི་ཚོགས་ཀྱི་གདོད་མའི་དུས་སྐབས་ཀྱི་རིག་གནས་སྣང་ཚུལ་ཡིན་ལ། མིའི་རིགས་ཀྱི་སྔོན་བྱོན་མེས་པོ་ཚོས་རྗེས་རབས་པ་རྣམས་ལ་བཞག་པའི་རིན་ཐང་ཆེ་བའི་རིག་གནས་ཀྱི་རྗེས་ཤུལ་ཀྱང་ཡིན་པ་རེད། 
          2013ལོ་ནས་2016ལོའི་བར་དུ། ཡུལ་ཤུལ་ཁུལ་གྱི་རྟེན་རྫས་བཤམས་མཛོད་ཁང་གི་འགོ་ཁྲིད་ཉི་མ་ཚེ་རིང་ལགས་ཀྱི་སྣེ་ཁྲིད་འོག འབྲི་ཆུའི་འགྲམ་ངོགས་སུ་སྔ་གཞུག་ཏུ་བྲག་རྐོས་བརྟག་དཔྱད་ཞིབ་འཇུག་ཐེངས་13བྱས་ཡོད་པ་དང་། བྲག་རྐོས་ཚོམ་བུ་21དང་། བྲག་རྐོས་ཀྱི་གནས་ཁག་30 བྲག་རྐོས་ཁག་410ལྷག པར་རིས་1700ལྷག་གསར་དུ་རྙེད་ཡོད་པ་རེད།
          ཡུལ་ཤུལ་གྱི་བྲག་རྐོས་རྒྱལ་སྤྱིའི་གླེང་སྟེགས་ནི་དུས་ཡུན་ཉིན་གཉིས་དང་། གླེང་སྟེགས་སུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་རྒྱལ་སྤྱིའི་བྲག་རིས་ཞིབ་འཇུག་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐབས་དང་པོའི་ཀྲུའུ་ཞི་ཨའེ་མཱ་ནུའུ་ཨའེ་ཨར་ནཱ་ཏི་དང་དེང་གི་ཀྲུའུ་ཞི་པུན་ཅེ་མིང་།  སོ་ཏི་ཨ་རབ་ཀྱི་བྲག་རྐོས་ཆེད་མཁས་པ་མཱ་ཅི་ཏེ་ཧཱ། ཀྲུང་གོའི་བྲག་རྐོས་ཞིབ་འཇུག་ལྟེ་གནས་ཀྱི་དགེ་རྒན་ཆེ་མོ་ཀྲུའུ་རེན་ཀྲང་ཡུང་ཧྲ། སི་ཁྲོན་སློབ་ཆེན་གྱི་ལོ་རྒྱུས་རིག་གནས་སློབ་གླིང་གི་དགེ་རྒན་ཆེ་མོ་ལི་དབྱང་ཞན། ཀྲུང་གོ་མི་དམངས་སློབ་ཆེན་གྱི་ལོ་རྒྱུས་སློབ་གླིང་གནའ་རྫས་བརྟག་དཔྱད་སློབ་གླིང་གི་དགེ་རྒན་ཆེ་མོ་ཀྲུའུ་རེན་ཝེ་ཅན་སོགས་རྒྱལ་ཁབ་ཕྱི་ནང་གི་དགེ་རྒན་ཆེ་མོ་བ་དང་ཆེད་མཁས་པས་རིག་གཞུང་ཞིབ་འཇུག་དང་བགྲོ་གླེང་གནང་བ་རེད།།
 
འབྲེལ་ཡོད་ནང་དོན།
 
 
Copyright @ China Tibet Online
འདིར་འཁོད་ཡིག་རིགས་དང་པར་རིས་རྣམས་ཀྱི་པར་དབང་ཀྲུང་གོའི་བོད་ལྗོངས་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མེད་པར་སྤྱོད་མི་ཆོག
E-Mail:jiangbai@126.com
ཁ་པར།:010-58336716